མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཞུང་གིས་ཨོ་རྩེད་ཐོག་གཞུང་འབྲེལ་སྐུ་ཚབ་གཏོང་རྒྱུ་མིན་པའི་གསལ་བསྒྲགས་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དཀར་ནག་བར་གྱི་གྷལ་ཝན་ལུང་གཤོངས་ཀྱི་དམར་འཛིང་བ་རྒྱའི་དམག་དཔོན་ཞིག་ལ་ཨོ་རྩེད་དཔལ་འབར་འཁྱེར་དུ་བཅུག་པར་བརྟེན་རྒྱ་གར་གྱི་གཞུང་འབྲེལ་སྐུ་ཚབ་ཨོ་རྩེད་སྒོ་འབྱེད་དང་མཇུག་བསྡོམས་ཐོག་མཉམ་ཞུགས་གནང་རྒྱུ་མིན་ལ་རྒྱ་གར་དབུས་བརྙན་འཕྲིན་ཁང་ནས་ལས་རིམ་ཐད་གཏོང་ཡང་གནང་རྒྱུ་མིན་པའི་ཐག་གཅོད་གནང་།

Indian FM Spokeperson Arindam Bagchi

རྒྱ་ནག་གཞུང་གིས་འདས་ལོར་བོད་འཕགས་ས་མཚམས་ཀྱི་གྷལ་ཝན་ལུང་གཤོངས་ཀྱི་དམག་མིའི་གདོང་ཐུག་སྐབས་ཀྱི་རྒྱའི་དམག་དཔོན་ཞིག་འདི་ལོའི་དགུན་དུས་ཨོ་རྩེད་ཀྱི་དཔལ་འབར་འཁྱེར་མཁན་ཁྲོད་དུ་བཞག་པར་བརྟེན། ཁ་སང་ཕྱི་ཚེས་ ༣ ཉིན་རྒྱ་གར་ཕྱི་སྲིད་ལྷན་ཁང་ངོས་ནས་རྒྱ་ནག་གཞུང་གིས་ཨོ་ལིམ་ཕིག་རྩེད་འགྲན་དེ་ཉིད་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་བར་ངོ་རྒོལ་དང་འབྲེལ། པེ་ཅིན་དགུན་དུས་ཨོ་རྩེད་ཐོག་རྒྱ་གར་གྱི་གཞུང་འབྲེལ་སྐུ་ཚབ་མངག་གཏོང་བྱ་རྒྱུ་མིན་པ་མ་ཟད། རྒྱ་གར་དབུས་བརྙན་འཕྲིན་ཁང་དྷུར་དྷར་ཤན་ (Doordarshan) ངོས་ནས་རྒྱ་གར་ནང་ཨོ་རྩེད་ཤར་གཏོང་བྱ་རྒྱུ་མིན་སྐོར་གྱི་རྒོལ་གཏམ་བསྒྲགས།

ཁ་སང་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཨ་རིན་དྷམ་བྷག་ཆི་(Arindam Bagchi) ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག རྒྱ་ནག་ཕྱོགས་ནས་ཨོ་ལིམ་ཕིག་ལྟ་བུའི་རྩེད་འགྲན་དེ་ཉིད་ཆབ་སྲིད་ཀྱི་རྣམ་པར་སྒྱུར་བཞིན་པ་དེ་བློ་འགྱོད་སྐྱེ་གཞི་རེད། རྒྱ་ནག་ཏུ་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་པ་གཞོན་པ་པེ་ཅིན་ཨོ་རྩེད་ཀྱི་སྒོ་འབྱེད་དང་མཇུག་བསྡོམས་ཀྱི་ལས་རིམ་ཐོག་བཅར་རྒྱུ་མ་རེད། ཅེས་བརྗོད་ཡོད་འདུག མགྲིན་ཚབ་པའི་གསལ་བསྒྲགས་དེ་གྲུབ་རྗེས། རྒྱ་གར་གྱི་དབུས་བརྙན་འཕྲིན་ལས་ཁུངས་ Prasar Bharti ཀྱི་སྤྱི་ཁྱབ་འགན་འཛིན་ཤཱ་ཤི་ཤེ་ཁར་ཝེམ་པ་ཏི་ (Shashi Shekhar Vempati) ལགས་ཀྱིས། ང་ཚོས་པེ་ཅིན་དགུན་དུས་ཨོ་རྩེད་ཀྱི་སྒོ་འབྱེད་དང་མཇུག་བསྡོམས་ལས་རིམ་གཉིས་ཤར་གཏོང་བྱ་རྒྱུ་མིན། ཞེས་གསལ་བསྒྲགས་བྱས་ཡོད་འདུག

སྤྱིར་འདས་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་པའི་བྷི་རིག་སི་(BRICS) ཚོགས་འདུའི་སྟེང་། རྒྱ་གར་གཞུང་ངོས་ནས་དེ་རིང་ནས་འགོ་འཛུགས་བྱ་རྒྱུ་ཡིན་པའི་པེ་ཅིན་གྱི་དགུན་དུས་ཨོ་རྩེད་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། དེའི་ཆེད་དུ་རྒྱ་ནག་ཏུ་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་གཞུང་འབྲེལ་སྐུ་ཚབ་ཏུ་མངག་གཏོང་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ནའང་། ད་ལན་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཉིས་དབར་གྱི་ཆེས་ཚོར་ཤུགས་སྐྱེན་པའི་གནད་དོན་ཞིག་ཨོ་ལིམ་པིག་རྩེད་འགྲན་ནང་ཨུ་ཚུགས་ཀྱིས་བཅུག་པས་མི་ཚད། རྒྱ་ནག་གི་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་འཛེམ་ཟོན་མེད་པར་རྒྱའི་དམག་དཔོན་དེས་ཨོ་རྩེད་ཀྱི་དཔལ་འབར་འཁུར་བཞིན་པའི་བརྙན་པར་འགོད་སྤེལ་གྱིས། ཁོ་པར་གདོང་ཐུག་སྐབས་མགོར་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་སྐོར་བཤད་འདུག རྒྱ་ནག་གཞུང་གི་བྱེད་སྟངས་དེ་ནི་རྐང་བཙུགས་ཏེ་རྒྱ་གར་ལ་བསྙད་འཚོལ་བ་ལྟ་བུ་ཞིག་ཆགས་ཡོད་པ་རེད།

Qi Fabao, the Chinese PLA Commander carries the torch during the Beijing 2022 Olympic Torch Relay in Beijing on Feb.

འདས་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༡༥ ཉིན་བྱུང་བའི་གྷན་ཝན་ལུང་གཤོངས་ཀྱི་གདོང་ཐུག་ཁྲོད་རྒྱ་གར་གྱི་དམག་མི་ ༢༠ རྐྱེན་འདས་ཕྱིན་ཡོད་པ་ལྟར། རྒྱ་གར་གཞུང་གིས་འདས་པོ་རྣམས་ལ་ཆེ་མཐོང་མཚོན་ཆེད་གཞུང་འབྲེལ་གྱི་མཛད་སྒོ་ཚོགས་ཡོད་ནའང་། རྒྱ་ནག་གཞུང་གིས་ཐོག་མའི་ཆར་གདོང་ཐུག་ཁྲོད་རྒྱའི་དམག་མི་ཅི་ཙམ་རྐྱེན་འདས་སོང་ཡོད་མེད་གྱི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་ནའང་། ཕྱིས་སུ་དམག་མི་ ༤ རྐྱེན་འདས་ཕྱིན་ཡོད་སྐོར་བསྒྲགས་ཡོད་པ་རེད། འོན་ཀྱང་དེ་རིང་རྒྱ་གར་གྱི་བང་ཆེན་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨོ་གླིང་གི་གསར་འགོད་པ་ཨེན་ཐོ་ནི་ཀེ་ལན་ (Anthony Klan) གྱིས་ The Klaxon ཞེས་པའི་གསར་ཤོག་ནང་གྷལ་ཝན་གྱི་དོན་རྐྱེན་ཐད་རྟོག་ཞིབ་གསར་འགྱུར་ཞིག་འཁོད་པའི་ནང་། རྒྱ་ནག་ནང་ལོགས་ཀྱི་སྤྱི་ཚོགས་དྲ་ལམ་གྱི་གནས་ཚུལ་དང་ཞིབ་འཇུག་པ་རྣམས་ཀྱིས་གནས་ཚུལ་མཁོ་འདོན་བྱས་པ་གཞིར་བཟུང་། འདས་ལོའི་གདོང་ཐུག་ཁྲོད་དུ་ཉུང་མཐར་རྒྱ་ནག་གི་དམག་མི་ ༣༨ ལྷག་རྐྱེན་འདས་ཕྱིན་ཡོད་སྐོར་བཀོད་ཡོད་པ་རེད།

འདི་ལོའི་རྒྱ་ནག་གིས་དྲིལ་བསྒྲགས་དང་རེ་བ་ཆེན་པོ་བྱ་སའི་དགུན་དུས་ཨོ་རྩེད་དེར་ཨ་རི་དང་། ཨོ་གླིང་། དབྱིན་ཇིས་མཚོན་པའི་སྟོབས་ཆེན་རྒྱལ་ཁབ་དང་། ལི་ཐུ་ནི་ཡ་དང་། ཀོ་སོ་ཝོ་ (Kosovo)། བྷེལ་ཇམ། ཌེན་མག(Denmark) ཨེ་སི་ཊོ་ནི་ཡ་(Estonia)། ཐའེ་ལན་ཌི་ཡིས་མཚོན་པའི་རྒྱལ་ཁབ་ཆུང་གྲས་ཀྱིས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་པོ་བསྟན་ཏེ། ཕལ་ཆེར་རྒྱ་ནག་གི་ཨོ་རྩེད་ནང་དམངས་གཙོ་ཡང་དག་ལག་བསྟར་བྱེད་མཁན་གྱི་རྒྱལ་ཁབ་ཀྱི་སྐུ་ཚབ་མེད་པའི་ཚོད་དུ་སླེབས་ཡོད་ཅིང་། དེའི་ལྡོག་ཕྱོགས་ལྟ་བུར་རྒྱ་ནག་དང་འབྲེལ་ལམ་ཇེ་ཟབ་ཏུ་འགྲོ་བཞིན་པའི་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་། པཱ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རཱན་ཁཱན་ (Imran Khan)། སའོ་དྷི་ཨ་ར་བྷི་ཡའི་རྒྱལ་སྲས་མོ་ཧཱ་མེཌ་བྷིན་སལ་མཱན་ (Mohammed bin Salman) གསུམ་དང་། དེ་བཞིན་རྒྱ་ནག་དང་འབྲེལ་བ་ཟབ་པོ་ཡོད་པའི་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་ཊེ་ཌོ་རོ་སི་ (Tedros Adhanom Ghebreyesus) སོགས་བཅར་གྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese