མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་ཏུ་ཨོ་རྩལ་འགྲན་ཚོགས་མགོ་འཛུགས་ཞུ་ཡི་ཡོད་པ་དང་བསྟུན། གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ད་ལྟ་རྒྱ་ནག་ནང་ཨོ་རྩལ་འགྲན་ཚོགས་འཚོགས་བཞིན་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ལ་ཁ་གཏད་གཅོག་མ་ཐུབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བསྒྲགས་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁང་དུ། བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡིས། རྒྱ་ནག་གི་ཨོ་རྩེད་མགོ་འཛུགས་ཀྱི་ཉིན་མོ་དང་བསྟུན། རྒྱ་ནག་ནང་འཚོགས་བཞིན་པའི་ཨོ་རྩལ་འགྲན་ཚོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་གནང་གྲུབ་མཚམས། མེག་ལོར་སུམ་མདོ་རུ་ཚོགས་པ་ལྔའི་མི་གྲངས་ ༡༠ ཡིས་སྔ་དྲོའི་ཆུ་ཚོད་ ༡༠ བ་ནས་དགོང་མོའི་ཆུ་ཚོད་ ༨ པའི་བར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གྱིན་འདུག་ལ། ཚོགས་པ་ལྔ་ཐུན་མོང་གིས། ད་ལྟ་རྒྱ་ནག་ནང་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་འཚོགས་བཞིན་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས། རྒྱ་ནག་གཞུང་ལ་ཁ་གཏད་གཅོག་མ་ཐུབ་པའི་རྟགས་མཚན་གསལ་བོ་ཞིག་ཡིན་པ་ཡོངས་བསྒྲགས་གནང་སོང་།

གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡི་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་ཐོག་མར་བོད་དུ་བཙན་འཛུལ་བྱས་པ་དང་། བར་དུ་བཙན་གནོན་བྱས་པ། མཐའ་མར་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་རབ་དང་རིམ་པ་ཞིག་ལག་ལེན་བྱས་དང་བྱེད་མུས་ཡིན་པ་དང་། བོད་མི་རིགས་ལ་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། སྐད་ཡིག་གིས་མཚོན་པའི་རིག་གཞུང་། ཁོར་ཡུག་དང་བཅས་པར་ཉམས་ཆག་སོགས་ཉིན་རེའི་གནས་སྟངས་ཇེ་ཞན་ནས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས། དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐོང་འཚོགས་བྱེད་བཞིན་པ་དེ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་གདོང་ལེན་ཁ་གཏད་ཚད་ལྡན་ཞིག་གཅོག་མ་ཐུབ་པའི་རྟགས་མཚན་གསལ་པོ་ཞིག་ཕྱི་རུ་མངོན་པར་ངོས་འཛིན་ཞུ་བཞིན་ཡོད།

རྒྱ་ནག་གཞུང་གིས་བོད་མི་ཙམ་མ་ཟད། རྒྱ་གཞུང་གི་བཙན་བཟུང་འོག་ཡོད་པའི་མི་རིགས་གཞན་དག་ལའང་བཙན་གནོན་གྱི་སྲིད་ཇུས་གཅིག་མཚུངས་ལག་ལྟར་བྱེད་ཀྱི་ཡོད་ལ། ཐ་ན་རྒྱ་མི་རིགས་ནང་ཁུལ་ལའང་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་ཞིག་གཏན་ནས་མེད་ཅིང་། འཛམ་གླིང་མི་འབོར་གྱི་བཞི་ཆ་གཅིག་ཟིན་པའི་རྒྱ་ནག་མི་དམངས་དུང་ཕྱུར་ ༡༤ ཙམ་ད་ལྟ་རྒྱ་ནག་དམར་ཤོག་གི་དམ་དྲག་ཆེ་བའི་དབང་སྒྱུར་འོག་གནས་ཡོད། ཡ་ང་བའི་གནས་སྟངས་འདི་འདྲ་ཞིག་གི་སྐབས་སུ་ཡང་། ད་ཐེངས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་པེ་ཅིང་དུ་སྐོང་འཚོགས་བྱེད་པ་དེ་ནི། འོས་འཚམས་ཤིག་གཏན་ནས་མིན་སྟབས་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ལ། རྩེད་འགྲན་དེ་པེ་ཅིང་དུ་འཚོགས་རྒྱུར་རྒྱབ་སྐྱོར་བྱེད་མཁན་འཛམ་གླིང་གི་རྒྱལ་ཁབ་དང་སྲིད་གཞུང་ཁག་ནས་ཀྱང་རང་གི་འོས་འགན་གཙང་སྒྲུབ་མ་ཐུབ་པའི་ལས་འཛོལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།

རྒྱ་ནག་གཞུང་གི་དམར་ཤོག་རྒྱ་སྐྱེད་རིང་ལུགས་པའི་ཉེན་ཁ་དང་འཇིགས་སྣང་དེ། ད་ཆ་རྒྱ་ནག་གི་རྒྱལ་ཁོངས་ལས་བརྒལ་ཏེ་འཛམ་གླིང་ས་གནས་གང་སར་ཁྱབ་འཕེལ་འགྲོ་བཞིན་ཡོད། ལོ་རྒྱུས་ཀྱི་དེབ་ཐེར་ནང་གཏན་ནས་མཐོང་རྒྱུ་མེད་པའི་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཟེར་བ། ཐེ་ཝན་ལ་དམག་འཐབ་དྲག་རྒོལ་གྱི་ཉེན་ཁ་སོགས། ཉེན་ཁའི་གནད་དོན་དེ་དག་ལ་བསམ་ཞིབ་བྱེད་དུས། ང་ཚོའི་མདུན་དུ་རྒྱ་ནག་དམར་ཤོག་གིས་སྐྲུན་པའི་འཇིགས་སྣང་དང་ཉེན་ཁ་ནི་དེ་བས་ཀྱང་ཆེན་པོ་ཡིན་པ་གསལ་པོར་མཐོང་ཐུབ། ཡིད་སྐྱོ་བ་ཞིག་ལ་ཨ་རིས་སྣེ་འཁྲིད་བྱས་པའི་དམངས་གཙོའི་རྒྱལ་ཁབ་དེ་ཚོས་ཀྱང་རྒྱ་ནག་དང་ཚོང་འབྲེལ་གསར་འཛུགས་བྱས་ཏེ་དམངས་གཙོར་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེ་ཤོས་ཤིག་གསོ་སྐྱོང་བྱས་ཡོད། རྒྱ་ནག་གཞུང་གིས་ཀྱང་ཁོ་ཚོའི་དཔལ་འབྱོར་གྱི་གནས་བབ་དེ་དག་བེད་སྤྱོད་བྱས་ཏེ་འཛམ་གླིང་ས་གནས་གང་སར་ཁོ་ཚོའི་ཤུགས་རྐྱེན་དང་ནུས་པ་སྤེལ་གང་ཐུབ་བྱེད་བཞིན་ཡོད། ད་ཆ་དམངས་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་འདས་པའི་ལོ་རྒྱུས་དང་སྲིད་ཇུས་ལ་བསྐྱར་ཞིབ་བྱས་ཏེ་དམངས་གཙོ་སྲུང་སྐྱོབ་དང་། སླར་ཡང་དར་སྤེལ་ཞུ་ཆེད་རྒྱ་ནག་ལ་བཟུང་བའི་འཛེམ་ཟོན་དང་བཅས་པའི་སྲིད་ཇུས་དེ་དག་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་དགོས་པའི་དུས་ལ་བབ་ཡོད་པ་དང་། རྒྱ་ནག་མུ་མཐུད་ནས་རྒྱ་ཡན་དུ་བཏང་ཚེ་འཛམ་གླིང་འདི་དམངས་གཙོ་ནས་དམར་ཤོག་གི་ཕྱོགས་སུ་ཕྱིར་བཤོལ་བྱེད་པའི་ཉེན་ཁར་སླེབས་ཟིན་ཡོད།

རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ་ད་བར་མི་ལོ་བདུན་ཅུ་ལྷག་ཙམ་གྱི་དུས་ཡུན་དེའི་རིང་། བོད་མི་ཚོས་སོ་སོའི་ཐོབ་ཐང་དང་རང་དབང་གི་དོན་དུ་འཐབ་རྩོད་བྱེད་མཚམས་གཏན་ནས་བཞག་མྱོང་མེད་པ་མ་ཟད། དེ་རིང་ངེད་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔའི་ངོས་ནས་ཀྱང་ང་ཚོའི་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་གི་དོན་དུ་ཟས་བཅད་ངོ་རྒོལ་གྱི་ཐོག་ནས་རྒྱ་ནག་དམར་གཞུང་གིས་བོད་མི་རིགས་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞིན་ཡོད་ལ། དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་རྩེད་འགྲན་ཚོགས་པའི་སྔོན་འགྲོའི་ཆ་རྐྱེན་དང་ཐོབ་ཐང་གཏན་ནས་མེད་ཅེས་ངོ་རྒོལ་ཡང་བྱེད་བཞིན་ཡོད། དེ་རིང་འཛམ་གླིང་གི་ས་གནས་གང་སར་ང་ཚོ་དང་འདྲ་བར་རྒྱ་ནག་གི་བཙན་གནོན་དང་རྒྱ་སྐྱེད་རིང་ལུགས་ལ་རྣམ་པ་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་པེ་ཅིང་དུ་ཨོ་རྩལ་འགྲན་ཚོགས་འཚོགས་པ་ནས་ད་བར་བོད་ཕྱི་ནང་གཉིས་སུ་བོད་མི་ ༡༦༧ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་དམར་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་ཅིང༌། བོད་མིའི་འཚེ་མེད་ཞི་བའི་

ལས་འགུལ་འདི་ལྟ་བུ་མིའི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཐོག  ཆེས་མཐོང་དཀའ་བའི་འཐབ་རྩོད་ཅིག་ཆགས་ཡོད་ལ། ང་ཚོས་མི་རབས་ནས་མི་རབས་བར་མུ་མཐུད་དེ་རྒྱུན་སྐྱོང་བྱ་རྒྱུའི་དམ་བཅའ་ཞིག་ཀྱང་ཆགས་ཀྱི་ཡོད། བོད་ནང་གི་གནས་སྟངས་ནི་ལོ་རེ་ལས་མ་བསྡད་པར་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། རྒྱལ་སྤྱིའི་ཁྲིམས་ཐོག་ནས་གཏན་འབེབས་བྱས་པའི་ཐོབ་ཐང་ལྟ་ཅི། རྒྱ་ནག་དམར་གཞུང་རང་ཉིད་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཐོག་གི་ཐོབ་ཐང་དང་མི་རིགས་རང་སྐྱོང་ཟེར་བ་དེ་ཚོ། ད་ཆ་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད་ཅིང་། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམར་གཞུང་གིས་བཙན་གནོན་དང་དམ་དྲག་གི་འོག ཉིན་མཚན་མི་འཁྱོལ་བའི་དཀའ་ངལ་གྱི་ཁྲོད་དུ་གནས་ཡོད་པ་དང༌། ལྷག་པར་དུ་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་མང་དག་ཅིག་འཇུ་བཟུང་བྱེད་པ་དང་། གར་སོང་ཆ་མེད་དུ་འགྱུར་བའི་གནས་ཚུལ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། དཔེར་ན། ཉེ་ལམ་ཁམས་བྲག་འགོར་ཐུབ་པའི་སྐུ་བརྙན་གཏོར་བ་དང༌། རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོར་མི་ལོ་བཅུ་ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེ་དག་ནི་དཔེ་མཚོན་གསལ་ཤོས་ཤིག་ཆགས་ཡོད་སྟབས། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ཆ་རྐྱེན་གང་ཡང་མེད་པར་ཀློག་གྲོལ་ཡོང་ཆེད་རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཡང་ནན་ཏན་ཞུ་བཞིན་ཡོད། ཅེས་འཁོད་འདུག

Indian Police arrested Tenzin Tsundue with three other Tibetan activists at the protest rally against Beijing Winter Olympics 2022 at Nation’s Capital Delhi.
Image: Tibet Times

གཞན་ཡང་། དེ་རིང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱལ་ས་ལྡི་ལིའི་ས་གནས་གཞོན་ནུ་གཉིས་ཀྱི་གོ་སྒྲིག་འོག རྒྱལ་ས་ལྡི་ལིའི་ས་གནས་ Teen Murti ནས་ Chanakyapuri བར་རྒྱ་ནག་གི་དགུན་དུས་ཨོ་ལིམ་ཕིག་རྩེད་འགྲན་ལ་ངོ་རྒོལ་གྱི་སྐད་འབོད་ལས་འགུལ་སྤེལ་སྐབས། རྒྱ་གར་གྱི་ཉེན་རྟོག་པས་བོད་ཀྱི་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ཚུད་པའི་མི་གྲངས་བཞི་འཛིན་བཟུང་བྱས་ཡོད་འདུག སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས། སྤྱིར་དེང་སྐབས་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས། རྒྱལ་ས་ལྡི་ལི་རུ་མི་འབོར་ཆེན་དེ་འདྲ་འདུ་འཛོམས་བྱས་ཆོག་ནའང་། རྒྱ་གར་གཞུང་གི་དམིགས་བསལ་ཆོག་མཆན་འོག དེ་རིང་རྒྱ་ནག་གི་རྒྱལ་ས་ལྡི་ལིའི་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བཅུག་པ་ནི་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་བརྡ་ལན་དང་བོད་མི་རྣམས་ལ་མཚོན་ན་རྒྱལ་ཁ་ཞིག་ཆགས་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་དང་། དེ་རིང་ཉིན་རྒྱབ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་དབུས་རྒྱུན་ཅིག་གིས། རྒྱལ་ས་ལྡི་ལིའི་ལས་ཁུངས་ཆེ་གྲས་ཁག་ཏུ་བོད་དོན་ཞུ་གཏུག་དང་འབྲེལ་བའི་ཞུ་ཡིག་ཕུལ་བར་བསྐྱོད་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༥ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༡༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese