མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འཛམ་གླིང་སྐྲན་ནད་ཉིན་མོར་བོད་མི་ཚོར་སྐྲན་ནད་གོ་རྟོགས་སྤེལ།

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་འབྲས་ནད་ཚོགས་པས་དྷ་ས་མེག་གྷན་བཞི་མདོ་རུ་འབྲས་ནད་སྔོན་འགོག་དང་བཅོས་ཐབས་སོགས་ཀྱི་སྐོར་ནས་གོ་རྟོགས་གོང་སྤེལ་དང་རིན་མེད་ཐོག་བརྟག་དཔྱད་སྨན་བཅོས་ཀྱི་ལས་འགུལ་ཞིག་སྤེལ་བཞིན་འདུག

དེ་རིང་བཞུགས་སྒར་དྷ་རམ་ས་ལའི་མེག་གྷན་བཞི་མདོ་རུ། ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་འབྲས་ནད་ཚོགས་པའི་ངོས་ནས་འཛམ་གླིང་སྐྲན་ནད་ཉིན་མོ་དང་འབྲེལ། རྒྱལ་སྤྱིའི་འབྲས་ནད་ཚོགས་པའི་ལམ་སྟོན་བཞིན་སྐྲན་ནད་སྨན་བཅོས་གཅིག་མཚུངས་འཐོབ་དགོས་ཞེས་པའི་འབོད་ཚིག་གཙོར་བཟུང་གིས། མང་ཚོགས་ཁྲོད་དུ་སྐྲན་ནད་སྔོན་འགོག་དང་བཅོས་ཐབས་སོགས་ཀྱི་སྐོར་ནས་གོ་རྟོགས་ལས་འགུལ་སྤེལ་ཡོད་ཀྱི་འདུག

འདི་ལོའི་གོ་རྟོགས་ལས་འགུལ་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་དབུས་བདེ་ལེགས་སྨན་ཁང་གི་འགན་འཛིན་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དང་ཚོགས་སྡེ་ཁག་གི་སྐུ་ཚབ་དང་མི་མང་བཅས་འཛོམས་འདུག་ལ། བདེ་སྲུང་བཀའ་བློན་མཆོག་ནས་གསར་འགོད་པ་རྣམས་ལ་དེ་རིང་གི་ཉིིན་མོ་དང་འབྲེལ། ང་ཚོ་བོད་པའི་འབྲས་ནད་ཚོགས་པས་གོ་སྒྲིག་བྱས་པའི་ཉིན་མོ་འདིའི་ཐོག་ལ། ངས་རྣམ་པ་ཚོར་ཞུ་འདོད་པ་ནི་འབྲས་སྐྲན་ཞེས་པའི་ན་ཚ་དེ་ནི་མི་སུ་འདྲ་ཞིག་ལའང་ཕོག་སྲིད་པ་ཞིག་ཡིན་ཡང་། དེ་སྔ་བོད་པའི་སྤྱི་ཚོགས་སུ་འབྲས་སྐྲན་གྱི་ནད་གཞིར་དོ་སྣང་མེད་ཀྱང་། ཉེ་ལམ་ནད་གཞི་དེའི་ཐད་ལ་དོ་སྣང་ཆེ་རུ་འགྲོ་ཡི་འདུག  ན་ཚ་དེ་ནི་དངོས་གནས་དྲང་གནས་ཀྱིས་ཉེན་ཁ་ལྕི་བོ་ཞིག་དང་། ང་རང་གི་ནང་མིར་མཚོན་ནའང་ངའི་ཕ་དམ་པ་དང་གཅེན་པོ་རྒྱ་རི་རིན་པོ་ཆེ་རྣམ་གཉིས་ཀྱང་འབྲས་སྐྲན་གྱི་ན་ཚ་དེ་ལ་བརྟེན་ནས་ཤོར་སོང་། དེར་བརྟེན། དེ་རིང་ང་འདིར་མཉམ་ཞུགས་བྱས་ཏེ་བརྒྱུད་ལམ་འདིའི་ཐོག་ནས། ང་ཚོ་ཚང་མའི་ཐོག་ནས་ནད་གཞི་དེ་དག་འགོག་ཐབས་དང་ཐུགས་སྣང་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་རེད། ཅེས་གསུངས་སོང་།

བོད་ཀྱི་འབྲས་ནད་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ད་ལན་རྒྱལ་སྤྱིའི་སྐྲན་ནད་ཉིན་མོའི་འབོད་ཚིག་དེ་སྨན་བཅོས་བར་ཐག་མེད་པར་བཟོ་དགོས་ (Close the care gap) ཞེས་པ་དེ་ཡིན་པ་དང་། དེ་ནི་ང་ཚོ་འཛམ་གླིང་སྤྱི་ཡོངས་ལ་སྐྲན་ནད་ཀྱི་སྨན་བཅོས་མཐུན་རྐྱེན་དེ་གཅིག་མཚུངས་དགོས་ཀྱི་ཡོད་པའི་དོན་རེད། ད་ལྟ་འཛམ་གླིང་ཡོངས་ནས་ལོ་གཅིག་ནང་སྐྲན་ནད་ན་མཁན་མི་ས་ཡ་ ༡༠ ལྷག་ཐོན་གྱི་ཡོད་པའི་ཁྲོད་ནས། མི་བརྒྱ་ཆ་ ༧༠ ཐམ་པ་དེ་ལོ་ན་ ༦༥ ཡན་རེད། དེ་གཙོ་བོ་བརྟག་དཔྱད་དུས་ཐོག་ལ་མ་བྱུང་བའི་རྐྱེན་གྱིས་ཡིན་པ་དང་། དེའི་ཐོག་ང་ཚོས་བརྟག་དཔྱད་སོགས་ཀྱི་ཐད་ལ་འཐུས་ཤོར་ཆེན་པོ་འགྲོ་ཡི་ཡོད་པ་རེད། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་བསྡུར་ན་ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་གི་སྐྲན་ནད་ནད་པ་ཚོ་ཡུན་རིང་བ་སྡོད་ཐུབ་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་ཁོང་གིས། ང་ཚོས་འབྲས་ནད་ཚོགས་པའི་ངོས་ནས་འདས་པའི་ལོ་ངོ་ ༧ ལྷག་རིང་ལས་ཀ་བྱས་ཏེ་བོད་པའི་གཞིས་ཆགས་ཁག་ལ་སྐྱོད་ཀྱི་ཡོད་པ་རེད། དེའི་བརྒྱུད་རིམ་ཁྲོད་ནས་རྒྱ་བལ་འབྲུག་གསུམ་ནང་གི་གཞིས་ཆགས་འཁུགས་ཀྱོག་ཁག་ལ་སྨན་བཅོས་དང་བརྟག་དཔྱད་ཀྱི་མཐུན་རྐྱེན་ཏག་ཏག་མ་རག་པའི་གནས་སྟངས་ཡོད་པ་དོ་སྣང་བྱུང་སོང་། དཔེར་ན་སྐྲན་ནད་ཕོག་ནས་འདས་གྲོངས་སུ་འགྲོ་རྒྱུའི་གནས་སྐབས་ལའང་ཟུག་ཆག་སྨན་གྱི་མཐུན་རྐྱེན་སྦྱར་མ་ཐུབ་ནས་ལྷག་བསྡད་པའི་གནས་སྟངས་དེ་འདྲ་བྱུང་འདུག དེར་བརྟེན་བོད་མི་སྤྱི་ཡོངས་དང་། ལྷག་པར་དུ་གྲོས་ཚོགས་དང་འཕྲོད་བསྟེན་ལས་ཁུངས་ངོས་ནས་གྲོས་བྱས་ཏེ་མ་འོངས་པར་དཀའ་ངལ་དེའི་རིགས་སེལ་ཐབས་ཤིག་འཚོལ་དགོས་ཀྱི་འདུག ཅེས་བརྗོད་སོང་།

སྤྱིར་འཛམ་གླིང་འབྲས་ནད་ཉིན་མོ་དེ་བཞིན་ལོ་ལྟར་ཕྱི་ཟླ་ ༢ ཚེས་ ༤ ཉིན་སྲུང་གཙི་ཞུ་ཡི་ཡོད་ནའང་། ཁ་སང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་དགུན་དུས་ཀྱི་ཨོ་རྩེད་འགོ་ཚུགས་པ་དང་བསྟུན། དྷ་ས་གཙོས་པའི་འཛམ་གླིང་ཁྱོན་དུ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་ཨོ་ལིམ་པིག་སྒྲིག་འཛུགས་བཅས་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བཞིན་པར་བརྟེན། བོད་ཀྱི་འབྲས་ནད་ཚོགས་པའི་ངོས་ནས་ཉིན་གཅིག་ཕར་འགྱངས་ཀྱིས་དེ་རིང་གོ་རྟོགས་ལས་འགུལ་དེ་གོ་སྒྲིག་བྱས་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist