མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༣ པ་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་ཟླ་འདིའི་ཕྱི་ཚེས་ ༡༡ བར་ལོ་འཆར་ཅན་ལྟར་གནས་མཆོག་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷའི་མཆོད་སྡོང་ཆེན་མོའི་དྲུང་དུ་འཛམ་གླིང་ཞི་བདེ་དང་ནད་མུག་འཁྲུག་རྩོད་སོགས་ཞི་བའི་ཆེད་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༣ པ་འཚོག་མུས་ཡིན་པ་རེད།

སྔ་འགྱུར་རྙིང་མ་སྨོན་ལམ་ཆེན་མོ་གྲོ་སྒྲིག་ཚོགས་ཆུང་གི་ཚོགས་མི་མཁན་པོ་ཨོ་རྒྱན་རིག་འཛིན་ལགས་ཀྱིས་འདི་གའི་གསར་འགོད་པར། ད་ལོ་ནམ་རྒྱུན་ནང་བཞིན་དགོན་སྡེ་ཁག་ནས་ཞེ་དྲག་བཅར་ཐུབ་མེད་པར་གཙོ་བོ་གནས་སྐོར་ལ་ཡོང་མཁན་དང་། ཉེ་འཁོར་ལ་ཡོད་པའི་དགོན་སྡེ་ཁག་གི་དགེ་འདུན་པ་ ༤༠༠ ཡས་མས་དང་། དེའི་ཐོག་དགེ་སློང་སེར་པོ་ ༡༠༠༠ ཡས་མས་བཅར་ཡོད་པ་རེད། ཅེས་དང་། ཡང་དུས་རྒྱུན་ཡིན་ན་བོད་ཚེས་ ༡ ནས་ ༡༠ དབར་ཁྱོན་ཉིན་གྲངས་བཅུ་རིང་འཚོག་གི་ཡོད་ནའང་། ད་ལོ་ཉིན་གྲངས་བཞི་མ་གཏོགས་འཚོག་གི་མེད་པ་དང་། ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ནས་ཆོག་མཆན་ཆ་ཚང་ཞུས་པའི་ཐོག་ནས་འཚོག་གི་ཡོད་སྐོར་བརྗོད་བྱུང་།

སྤྱིར་འདས་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༡༩ ཉིན་རྡོར་གདན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་རྒྱུན་ལས་ནས་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་སྨོན་ལམ་ཆེན་མོ་དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢ ནས་ ༡༡ བར་འཚོག་རྒྱུ་ཡིན་པ་དང་། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་རྡོར་གདན་དུ་རྟེན་གཞི་བྱས་པའི་རྣམ་གྲོལ་གླིང་དགོན་པ་དང་། ཞི་ཆེན་དགོན་པའི་དགེ་འདུན་པ་རྣམས་ཀྱིས་གཙོས་གཉུག་མར་གནས་པའི་རྙིང་མའི་དགེ་འདུན་གྲྭ་བཙུན་སྔགས་གསུམ་གྱིས་སྨོན་ལམ་འཚོག་རྒྱུ་དང་། སྨོམ་ལམ་ལ་དངོས་སུ་བཅར་མ་ཐུབ་པའི་དགོན་སྡེ་ཁག་གིས་རང་རང་ས་ནས་གཉན་རིམས་སྔོག་འགོག་ཐོག་སྨོན་ལམ་འཚོག་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད།

འདས་པའི་ལོ་གཉིས་ནང་རྒྱ་གར་ཚུད་པའི་འཛམ་གླིང་ཁྱོན་དུ་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ལ་བརྟེན་ནས། ཤེས་ཡོན་དང་སྲིད་དོན། ཆོས་ལུགས་ཀྱིས་མཚོན་པའི་འདུ་འཛོམས་རིགས་ཕར་འགྱངས་དང་སྐབས་བསྟུན་བཅོས་སྒྲིག་བྱ་དགོས་ཁེལ་ཡོད་པ་ལྟར། དུས་རྒྱུན་གནས་མཆོག་རྡོར་གདན་དུ་འཚོག་གི་ཡོད་པའི་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་དེ་བཞིན་དྲ་ལམ་ནས་འཚོགས་ཡོད་ལ། དེར་མཚུངས་བཀའ་བརྒྱུད་དགུན་ཆོས་ཆེན་མོ་ཡང་འདི་ལོའི་ཟླ་ ༡ ཚེས་ ༢༣ ནས་སང་ཉིན་ཕྱི་ཚེས་ ༩ བར་དྲ་ལམ་དུ་འཚོག་བཞིན་ཡོད་པའི་ཐོག ༧རྒྱལ་དབང་ཀརྨ་པ་མཆོག་ནས་དྲ་ལམ་ཐད་གཏོང་བརྒྱུད་སེམས་ཙམ་སུམ་ཅུའི་པའི་གསུང་ཆོས་སྩལ་གནང་གི་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

པདྨ་ཚེ་བརྟན། བོད་བརྙན་གྱི་ཤིང་རྟའི་སྲོལ་འབྱེད།

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་ཀྱིས་སྣང་མེད་དུ་བཏང་བའི་ཉེན་བརྡ། རྒྱལ་ལོ་དོན་གྲུབ་དང་རྒྱ་ནག་གི་བཙན་འཛུལ།

༢༠༢༦/༡༡/༡༤
The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

༢༠༢༦/༡༡/༡༣
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

༢༠༢༦/༡༡/༡༣
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese