མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་ལས་བྱེད་བསོད་ནམས་རིན་ཆེན་ལ་ཞིབ་བཤེར་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

གཞུང་དངུལ་སྤྱད་ནས་སྤྲོ་སྐྱིད་མི་གཏོང་བ་དང་གཉེན་སྟོན་འདས་མཆོད་སོགས་ནས་རྒྱུ་ནོར་མི་ལེན་པ། ཡུལ་གྲོགས་སློབ་གྲོགས་སོགས་ཀྱི་འདུ་ཚོགས་ལ་གཏན་ནས་ཞུགས་མི་ཆོག་པ་སོགས་ཀྱི་གཏན་འབེབ་དོན་ཚན་བརྒྱད་དང་འགལ་བའི་ཉེས་མིང་འོག་བོད་མངའ་རིས་ས་ཁུལ་གྱི་བོད་རིགས་ལས་བྱེད་ཅིག་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

མངའ་རིས་རུ་ཐོག་རྫོང་གི་ཕྱིའི་བཀོད་པ།

ཁ་སང་རྒྱ་ནག་གཞུང་འབྲེལ་དྲ་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། བོད་མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་ཐན་ཞོད་གནོད་འཚེ་སྔོན་འགོག་ལྟེ་གནས་ཟེར་བའི་ལས་བྱེད་བསོད་ནམས་རིན་ཆེན་ཞེས་པ་ཞིག་གིས།  རྒྱ་ནག་དབུས་གཞུང་གིས་གཏན་འབེབ་དོན་ཚན་བརྒྱད་ཀྱི་དགོངས་དོན་ཟེར་བ་དང་འགལ་བའི་ཉེས་མིང་འོག་ལས་གནས་ནས་ཕྱིར་འབུད་བཏང་སྟེ། ཞིབ་བཤེར་ལས་ཁུངས་ནས་ཞིབ་བཤེར་བྱེད་ཀྱི་ཡོད་འདུག་ལ། འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་གཏན་འབེབ་དོན་ཚན་བརྒྱད་ཟེར་བའི་འོག་ནས་བོད་མི་མང་པོ་གནས་དབྱུང་དང་བཙོན་འཇུག་ཉེས་ཆད་བཅད་ཡོད་པ་རེད།

དེ་རིང་འདི་གའི་གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་སུ། རྒྱ་ནག་གཞུང་གིས་ད་ལྟ་བར་དུ་བོད་མི་མང་པོར་ཉེས་འཛུགས་བྱས་པའི་གཏན་འབེབ་དོན་ཚན་བརྒྱད་དང་འགལ་འདུག་ཟེར་བའི་དོན་ཚན་དེ་དག་གང་ཡིན་པ་དང་། དེ་དག་ཁྲིམས་མཐུན་ཞིག་ཡིན་མིན་དྲིས་པར་ཁོང་གིས། སྤྱིར་བཏང་གིས་རྒྱ་ནག་དབུས་གཞུང་གིས་གཏན་འབེབ་བྱས་ཡོད་པའི་དོན་ཚན་བརྒྱད་དེ་དག་ཁྲིམས་དང་མ་མཐུན་པ་དམིགས་བསལ་ཡོད་མ་རེད། དོན་ཚན་བརྒྱད་པོ་དེ་དག་ཁོ་རང་ཚོའི་གཞུང་གི་ལས་བྱེད་ཡིན་ན། གཞུང་གི་བྱེད་སྒོ་ཁག་དང་ལས་འགུལ་མང་པོ་ཡོད་པ་དང་། གཞུང་གི་རྒྱུ་དངོས་ལྐོག་ཟ་རུལ་སུངས་བཏང་བ་དང་བེད་སྤྱོད་ལོག་པ་གཏོང་བ་བཀག་འགོག་ཆེད་དུ་གཞུང་གི་རྒྱུ་དངོས་བེད་སྤྱོད་གཏོང་བར་ཚད་གཞི་ཡོད་ཅིང་། འདིའི་སྒང་ལ་ངའི་ངོས་ནས་དམིགས་བསལ་གྱིས་ཁྲིམས་དང་འགལ་བ་དང་ལྷག་པར་དུ་འགྲོ་བ་མིའི་ཁྲིམས་དང་འགལ་བ་མཐོང་མ་སོང་། ཅེས་བརྗོད་བྱུང་།

ཡང་ཁོང་གིས། སྤྱིར་བཏང་གིས་བོད་ནང་དང་རྒྱ་ནག་ཁོ་རང་ཚོའི་ནང་ཁུལ་ལའང་ལས་བྱེད་མང་པོ་ཞིག་ལ་ཉེས་ཆད་གཏོང་གི་ཡོད་རེད་ལ། ཁྲིམས་དེ་ག་རང་ལ་བལྟས་པ་ཡིན་ན་དམིགས་བསལ་གྱིས་ཁྲིམས་འདི་མི་རུང་བ་དེ་འདྲ་མི་འདུག་ཀྱང་། རྒྱ་ནག་གི་བྱེད་སྟངས་སྤྱོད་སྟངས་ག་རེ་ཡོད་རེད་ཟེར་ན། ད་ལྟ་གཏན་འབེབ་དོན་ཚན་བརྒྱད་ནང་བཞིན་གྱི་ཁྲིམས་མང་པོ་ཞིག་ལག་ཆར་བེད་སྤྱོད་བྱ་རྒྱུའི་ཐབས་ཤེས་མང་པོ་གཏོང་གི་འདུག དཔེར་ན་ལས་བྱེད་གཅིག་གིས་༧གོང་ས་མཆོག་ལ་དད་པ་བྱེད་པ་དང་ཆོས་ལུགས་ལ་དད་པ་བྱེད་པ་དེ་འདྲ་བྱུང་བ་ཡིན་ན། དོན་ཚན་བརྒྱད་དེ་བེད་སྤྱོད་བྱས་ཏེ་འབུར་འཇོམས་གཏོང་རྒྱུའི་གནས་སྟངས་ཀྱང་མཚམས་མཚམས་འཕྲད་སྲིད་པ་ཞིག་རེད་འདུག དེ་མིན་དོན་ཚན་བརྒྱད་པོ་དེ་དག་ཁྲིམས་དང་འགལ་བ་མི་འདུག་ཀྱང་། བེད་སྤྱོད་གཏོང་སྟངས་ཀྱི་ཆ་ནས་ལག་བསྟར་བྱེད་སྐབས་ཁོ་ཚོས་དམིགས་ཡུལ་གཞན་པ་བཅངས་ཏེ་དོན་ཚན་བརྒྱད་ལ་ཁ་གཡར་ནས་བོད་པའི་ལས་བྱེད་མང་པོ་ཞིག་ལ་ཉེས་བཅད་བཏང་བའི་གནས་ཚུལ་ཕྲན་བུ་བྱུང་གི་འདུག ཅེས་བརྗོད་བྱུང་།

དེ་འབྲེལ་གྱི་རྒྱ་ནག་གཞུང་གི་གནས་ཚུལ་ནང་། བསོད་ནམས་རིན་ཆེན་གཞུང་ཞབས་པ་ཞིག་ཡིན་ནའང་། གཏན་འབེབ་དོན་ཚན་བརྒྱད་ཟེར་བར་འགལ་བ་དང་། ཁྲིམས་ལུགས་ཁྲིམས་སྲོལ་དང་འགལ་བ། ལྐོག་རྔན་བླངས་པའི་དོགས་གཞིའི་འོག རྒྱ་ནག་དམར་ཤོག་གཞུང་གི་ལྟ་ཞིབ་བཅའ་ཁྲིམས་དང་གཞུང་ཞབས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས་ཟེར་བ་སོགས་ཀྱི་འབྲེལ་ཡོད་གཏན་འབེབ་གཞིར་བཟུང་། བསོད་ནམས་རིན་ཆེན་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏང་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་འཕྲོག་སྟེ། ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲོད་ཀྱི་ཐག་གཅོད་བྱས་ཡོད་སྐོར་བཀོད་འདུག

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཕྱི་ལོ་ ༢༠༡༢ ལོ་ནས་ཏང་ཡོན་ལས་བྱེད་ཀྱིས་བྱེད་མི་ཆོག་པའི་དོན་ཚན་ ༨ ཅེས་པ་གཏན་འབེབ་བརྒྱུད་བསྒྲགས་བྱས་ཡོད་པ་དང་། ཏང་ཡོན་ལས་བྱེད་པས་བྱེད་མི་ཆོག་པ་ནི། གཅིག སྒྲིག་སྲོལ་ལས་འགལ་ཏེ་གཞུང་དངུལ་སྤྱད་ནས་བཟའ་བཏུང་དང་། ཡུལ་སྐོར། མཐོ་རིམ་འཛད་སྤྱོད་རོལ་རྩེད་ལུས་སྦྱོང་བྱེད་སྒོར་ཞུགས་གཏན་ནས་མི་ཆོག་པ་དང་། གཉིས། གཞུང་དངུལ་སྤྱད་ནས་ལོ་གསར་རྟེན་འབྲེལ་ཁུག་དམར་དང་ཤོག་སྦག་སོགས་གཏན་ནས་ཉོ་མི་ཆོག གསུམ། གཞུང་དངུལ་སྤྱད་ནས་སྣེ་ལེན་འཚམས་འདྲི་དང་ཡུལ་སྐོར་སོགས་གཞུང་དོན་མ་ཡིན་པའི་བྱེད་སྒོ་གཏན་ནས་སྤེལ་མི་ཆོག བཞི། གཞུང་འཁོར་སྒེར་སྤྱོད་དམ་ཡང་སྒེར་འཁོར་གཞུང་གསོའི་རིགས་གཏན་ནས་བྱེད་མི་ཆོག ལྔ།  སྒྲིག་སྲོལ་ལས་འགལ་ནས་ལག་རྟགས་དངོས་པོ་དང་། དངུལ། འཛད་སྤྱོད་ཁུག་དམར་སོགས་གཏན་ནས་ལེན་མི་ཆོག དྲུག སྒེར་གྱི་སྤྲོ་རྩེད་འདུ་ཁང་ནང་གཏན་ནས་འཛུལ་མི་ཆོག བདུན། སྒྲིག་སྲོལ་ལས་འགལ་བའི་ཐོག་ནས་གཉེན་སྟོན་དང་འདས་མཆོད་སོགས་ལ་ཁ་གཡར་ནས་རྒྱུ་ནོར་ལེན་ཐབས་གཏན་ནས་བྱས་མི་ཆོག བརྒྱད། ཡུལ་གྲོགས་འདུ་ཚོགས་དང་། སློབ་གྲོགས་འདུ་ཚོགས། འཐབ་གྲོགས་འདུ་ཚོགས་ལ་གཏན་ནས་ཞུགས་མི་ཆོག་པ་བཅས་རེད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese