མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་སྐུ་གཟུགས་གནས་སྟངས་སྡུག་ཏུ་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༩ ཉིན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་(Human Right Watch) གིས། རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཁོང་འཕྲལ་དུ་ཀློད་གྲོལ་གཏང་དགོས་སྐོར་གྱི་འབོད་སྐུལ་ཞུས་འདུག

སྒོ་ཤེས་རབ་རྒྱ་མཚོ་ལགས་དང་འབྲེལ་འདྲིས་ཡོད་པའི་བོད་ཕྱི་ལོགས་ཀྱི་མི་ཞིག་གིས་ལྟ་ཞིབ་ཁང་དེར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྩོམ་པ་པོ་ཁོང་ལ་གློ་བའི་ནད་གཞི་ཞིག་ཡོད་པ་དེ་ཉེ་ལམ་ཇེ་སྡུག་ཏུ་སོང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་ལ་སྨན་བཅོས་ཀྱི་མཐུན་འགྱུར་སྤྲོད་ཀྱི་མེད་སྐོར་བརྗོད་འདུག གཞན་ཡང་། ལྟ་ཞིབ་ཁང་དེའི་རྒྱ་ནག་ཚན་པའི་འགན་འཛིན་ལྕམ་སོ་ཧྥི་རི་ཆར་ཌི་སོན་(Sophie Richardson) ལགས་ཀྱིས། ད་ལན་བསྐྱར་དུ་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་ནས་བཙོན་འཇུག་བྱས་པའི་བོད་མི་ཞིག་ལ་སྲོག་ཁྲིམས་ཕོག་རྒྱུའི་ཉེན་ཁ་ཡོད་པ་རེད། རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་འཕྲལ་དུ་ཀློད་གྲོལ་གཏང་སྟེ་སྨན་བཅོས་མཐུན་རྐྱེན་སྦྱར་དགོས། ཞེས་བརྗོད་ཡོད་འདུག

ཧྥ་རན་སིར་གནས་སྡོད་སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། སྒོ་ཤེས་རབ་རྒྱ་མཚོ་ལགས་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡༠ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གི་བདེ་འཇགས་མི་སྣས་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། འདས་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པ་གསུམ་གྱིས་མཉམ་འབྲེལ་ཐོག་ནས་རྒྱ་ནག་གཞུང་ལ་ཁོང་གི་གནས་སྟངས་སྐོར་འདྲི་ཞིབ་བྱས་པར། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་ཏེ་བོད་ཀྱི་རྒྱལ་ས་ལྷ་སར་བཙན་ཁྲིད་བྱས་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༢ ཚེས་ ༣ ཉིན་ལྷ་སའི་ཁྲིམས་ཁང་གིས་ཁོང་ལ་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་བཙུགས་ཏེ་ཁྲིམས་བཤེར་བྱས་ཡོད་པ་ཙམ་ལས། ཁྲིམས་ཆད་ཅི་ཡིན་སོགས་ཀྱི་སྐོར་ནས་གང་ཡང་བཤད་མེད་པ་རེད། འོན་ཀྱང་ཕྱིས་སུ་ཁོང་ལ་རྒྱུས་མངའ་ཡོད་པའི་མི་སྣས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་རྩོམ་པ་པོ་ཁོང་ལ་ལོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ལྟ་ལྷ་སའི་ཉེ་འཁྲིས་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱེད་མུས་ཡིན་པ་རེད།

འདས་པའི་ལོ་གཉིས་ནང་རྒྱ་ནག་གཞུང་གིས་ཆབ་སྲིད་ཉེས་མིང་འོག་འཛིན་བཟུང་བྱས་པའི་བོད་མིར་སྡུག་སྦྱོང་མནར་གཅོད་བཏང་སྟེ་འདས་གྲོངས་སུ་སོང་བའི་གནས་ཚུལ་འགའ་ཤས་ཐོན་ཡོད་པ་རེད། དཔེར་ན། ཕྱི་ཟླ་ ༢༠༢༠ ཟླ་ ༨ པའི་ནང་རྒྱ་གར་དུ་ཡོད་པའི་རང་གི་སྤུན་མཆེད་ལ་དངུལ་བསྐུར་བའི་རྐྱེན་གྱིས་འཛིན་བཟུང་བཙན་ཁྲིད་བྱས་པའི་བོད་ནག་ཆུ་ཁུལ་གྱི་འབྲི་རུ་རྫོང་གི་ལྷ་མོ་ལགས་ལ་རྒྱ་ནག་ཉེན་རྟོག་པས་ཉེས་རྡུང་ཚབས་ཆེན་བཏང་ནས་ཕྱིར་གློད་རྗེས་ཉིན་གྲངས་གཉིས་ལས་མ་འགོར་བར་འདས་གྲོངས་སུ་ཕྱིན་པ་རེད། དེ་བཞིན་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༡ པའི་ནང་རྫ་དབོན་པོའི་གཞུང་ལས་ཁང་གི་མདུན་དུ་བོད་རང་བཙན་གྱི་ཤོག་དྲིལ་གཏོར་བའི་རྐྱེན་གྱིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་སྡུག་སྦྱོང་མནར་གཅོད་བཏང་བའི་རང་ལོ་ ༡༩ ལ་སོན་པའི་གྲྭ་བསྟན་འཛིན་ཉི་མ་ལགས་ཀྱང་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡༡ ནང་སྨན་ཁང་འདྲ་མིན་ནང་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་སོང་པར་འདས་གྲོངས་སུ་གྱུར་ཡོད་པ་རེད། ཡང་ཕྱི་ལོ་ ༢༠༡༣ ལོར་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་པའི་ཉེས་མིང་འོག་ལོ་ ༢༡ རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་དཀོན་མཆོག་སྦྱིན་པ་ལགས་འདས་ལོའི་ཕྱི་ཟླ་ ༢ ཚེས་ ༦ ཉིན་ནང་མིར་ཤེས་རྟོགས་གང་ཡང་མེད་པའི་ཐོག་ནས་བཙོན་ཁང་ནས་ལྷ་སའི་སྨན་ཁང་ཞིག་ཏུ་སྤོས་རྗེས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ངོས་ནས་བོད་ཀྱི་ཆབ་སྲིད་གནས་བབ་ཐོག་ལ་ཐད་བྱུང་བྱ་རྒྱུ་མིན་ནའང་། མི་སུ་རུང་ཞིག་ལ་འཇིགས་སྣང་དང་གནོན་ཤུགས་གང་ཡང་མེད་པའི་ཐོག་ནས་རང་གི་ཆབ་སྲིད་ལངས་ཕྱོགས་འཆད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་དང་། སྤྱིར་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༠༢ ནས་ ༢༠༠༨ བར་ལྷ་སའི་སེ་ར་དགོན་པར་སློབ་སྦྱོང་བྱས་ཡོད་པ་ཙམ་ལས། ཁོང་གི་སྡོད་གནས་དེ་སི་ཁྲོན་དུ་ཡིན་པ་མ་ཟད་འཛིན་བཟུང་ཡང་དེ་ནས་བྱས་ཡོད། འོན་ཀྱང་ཁོང་ལ་བོད་རང་སྐྱོང་ལྗོངས་ནང་ཁྲིམས་བཤེར་བྱས་པ་དེ་ནི་བློ་འཚབ་སྐྱེས་གཞི་ཞིག་ཡིན་ལ། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་ཁྲིམས་ཐག་བཅད་པ་དེས་བོད་མི་ཤེས་ཡོན་པ་དང་དགེ་འདུན་པ་གཞན་ལ་འཇིགས་སྐུལ་བྱ་ཆེད་ཡིན་སྐོར་བརྗོད་འདུག་ལ། ལྕམ་སོ་ཧྥི་རི་ཆར་ཌི་སོན་ལགས་ཀྱིས། རྒྱ་ནག་གཞུང་གིས་བརྒྱུད་རིམ་ལྡན་པའི་ཐོག་ནས་བོད་ཀྱི་ཤེེས་ཡོན་པར་དྲག་གནོན་བྱེད་བཞིན་པ་དེས། རྒྱ་ནག་གཞུང་ལ་དོན་དངོས་ཐོག་བོད་ཀྱི་རིག་གཞུང་དང་སྐག་ཡིག ཆོས་ལུགས་བཅས་པ་གཏོར་བརླག་གཏོང་རྒྱུའི་དམིགས་ཡུལ་ཡོད་པ་གསལ་སྟོན་བྱས་ཡོད། ཅེས་སྐྱོན་བརྗོད་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese