མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་གླང་རྩ་ཚིག་བསྒྲགས་ཏེ་ལོ་ངོ་ ༡༠༩ འཁོར་བའི་ཉིན་མོ་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༣ ལོར་ཆུ་གླང་རྩ་ཚིག་བསྒྲགས་ཏེ་ལོ་ངོ་ ༡༠༩ འཁོར་བའི་ཉིན་མོ་སྲུང་གཙི་གནང་།

དེ་རིང་བཞུགས་སྒར་དྷ་སའི་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༣ ལོར་ཆུ་གླང་རྩ་ཚིག་བསྒྲགས་ཏེ་ལོ་ངོ་ ༡༠༩ འཁོར་བའི་ཉིན་མོ་དང་བསྟུན། ལོ་འཆར་ཅན་ལྟར་བོད་རང་བཙན་ཉིན་མོ་ཞེས་པ་སྲུང་གཙིའི་གཏམ་བཤད་ལས་རིམ་ཞིག་གོ་སྒྲིག་བྱས་པའི་སྟེང་། བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་ཁང་དང་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས། ང་ཚོས་ལོ་རྒྱུས་ལ་སློབ་སྦྱོང་ཡག་པོ་བྱས་ན་གནས་ཚུལ་མང་པོ་ཞིག་གསལ་པོ་ཆགས་ངེས་ཡིན་སྐོར་དང་། མི་མང་པོས་དེ་རིང་གི་ཉིན་མོ་འདི་ཆབ་སྲིད་ཀྱི་ལས་འགུལ་ཞིག་ལ་དགོངས་སྲིད་ཀྱང་། དོན་དངོས་ཐོག་འདི་ནི་ལོ་རྒྱུས་ལ་དྲན་གསོ་བྱེད་པའི་ཉིན་མོ་གལ་ཆེན་ཞིག་ཡིན་སྐོར་སོགས་གསུངས་སོང་།

དེ་ཡང་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་བོད་རང་བཙན་སླར་གསོའི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་བརྗོད་དོན་དང་གནད་འགག་སྐོར་ནས་བརྗོད་དོན།  ༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་རྩ་ཚིག་དེ་བོད་རྒྱལ་ཁབ་འདི་གཞན་རྒྱལ་ཁབ་སུ་གཅིག་གི་ཀྱང་འོག་ཏུ་མེད་པ་ཧ་ཅང་གསལ་པོ་བཀའ་གནང་ཡོད་པ་མ་ཟད། དེའི་ནང་ལ་དོན་ཚན་ ༥ ཡོད་པ་རེད། ཕྱིས་སུ་ང་ཚོས་དེར་ཉམས་ཞིབ་བྱེད་པའི་སྐབས། མདོར་བསྡུས་ན་རང་བཙན་གཙང་མ་ཡིན་པའི་སླར་ཡང་གསལ་བསྒྲགས་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ངོས་འཛིན་བྱས་པ་ནང་བཞིན་ང་ཚོས་ཆུ་གླང་རྩ་ཚིག་ལ་ཞིབ་མོར་སློབ་སྦྱོང་བྱས་ན་ནང་དོན་ཡང་དེ་ལྟར་ཆགས་ཀྱི་ཡོད་པ་རེད། ཅེས་དང་། མི་མང་པོ་ཞིག་གིས་དེ་རིང་གི་ཉིན་མོ་དེ་ཆབ་སྲིད་ཀྱི་ལས་འགུལ་ཞིག་ལ་དགོངས་སྲིད་ཀྱི་རེད་ཀྱང་། དོན་དངོས་ཐོག་འདི་ནི་ལོ་རྒྱུས་ཀྱི་དྲན་གསོ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་དང་། རྒྱལ་དབང་བཅུ་གསུམ་པ་མཆོག་གིས་ཕྱི་ལོ་ ༡༩༨༥ ལོར་སྩལ་བའི་སྦུག་ཐམ་རྩ་ཚིག་དང་། ཕྱི་ལོ་ ༡༩༡༣ ལོར་སྩལ་བའི་ཆུ་གླང་རྩ་ཚིག་བཅས་གཉིས་ཀར་དོན་ཚན་ ༥ ཡོད་པའི་ཁྲོད་ནས། དོན་ཚན་ ༤ མ་གཏོགས་ཕལ་ཆེ་བ་བརྗོད་དོན་གཅིག་མཚུངས་ཡིན་སྐོར་དང་། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་དགུང་ལོ་ ༢༠ ཐོག་སྦུག་ཐམ་རྩ་ཚིག་སྩལ་སྐབས་བོད་ལ་ཟིང་ཆ་དེ་ཙམ་མེད་པའི་རྐྱེན་གྱིས་བོད་རང་བཙན་གསལ་བསྒྲགས་གནང་རྒྱུའི་དགོས་པ་གཟིགས་མེད་པ་དང་། འོན་ཀྱང་ཕྱི་ལོ་ ༡༩༡༣ ལོར་ཆུ་གླང་རྩ་ཚིག་སྩལ་སྐབས་དམིགས་བསལ་དོན་ཚན་ལྔ་ཡོད་པའི་ཁྲོད་ནས་དོན་ཚན་ ༤ པ་དེར་ཆབ་སྲིད་ཀྱི་གལ་གནད་ཡོད་སྐོར་དང་། དེ་མིན་དོན་ཚན་གཞན་རྣམས་ཆོས་ཕྱོགས་དང་འཛིན་སྐྱོང་། སྤྱི་ཚོགས་ཀྱི་བདེ་དོན་སོགས་ཀྱི་སྐོར་ལ་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།

རྒན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་ཆུ་གླང་རྩ་ཚིག་གི་ནང་དོན་ངོ་སྤྲོད་གནང་སྐབས། བཀའ་ཚིག་དོན་ཚན་བཞི་པའི་ནང་ཕྱི་ལོ་ ༡༩༠༤ ནས་ ༡༩༡༣ བར་གྱི་གནས་ཚུལ་རྣམས་རྒྱབ་རྟེན་དུ་བྱས་ཏེ་བོད་རྒྱལ་ཁབ་འདི་རང་བཙན་ཡིན་པའི་གསལ་བསྒྲགས་བྱས་ཡོད་སྐོར་དང་། བཀའ་ཚིག་དོན་ཚན་དེའི་ནང་ཚིག་བོད་རང་དབང་ལྡན་པ་ཡིན་ཞེས་འཁོད་པ་དེ་ནི་བོད་རང་བཙན་ཡིན་པ་གོ་ཡི་ཡོད་པ་དང་། རང་དབང་ཞེས་པ་དེ་རང་བཙན་ལ་གོ་ཆོག་པ་ཡིན། དཔེར་ན་རྒྱ་གར་གྱིས་རང་བཙན་རྩོད་ལེན་བྱེད་སྐབས་སུ་ Freedom Struggle དང་Freedom Fighter ཞེས་བརྗོད་ཀྱི་ཡོད་པ་རེད། དེ་དུས་རང་དབང་དང་རང་བཙན་གཉིས་གོ་དོན་གཅིག་པ་རེད། དེ་བཞིན་དབྱིན་སྐད་ནང་ Nation དང་ state ཟེར་བ་གོ་དོན་ལོགས་ཀ་ཡིན་ནའང་། སྐབས་རེར་གོ་དོན་གཅིག་ཡིན་པའང་ཡོད། རྩ་ཚིག་དོན་ཚན་དེའི་ནང་རང་ས་བརྟན་སྲུང་ཟེར་བ་དང་། རང་ས་རང་སྐྱོང་། རང་སྡེ་རང་སྲུང་བྱ་རྒྱུ། རྒྱལ་ཁབ་ལ་སྙན་གསེང་ཞུ་རྒྱུ་ལྟ་བུ་འཁོད་ལ། སྐུ་ངོ་ཞྭ་སྒབ་པས་དེ་རང་བཙན་གསལ་བསྒྲགས་རེད་ཟེར་དགོས་པའི་དོན་དག་ཕལ་ཆེར་འདི་ལ་ཐུག་ཡོད་ས་རེད། ཅེས་བརྗོད་སོང་།

ཡང་རྒན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་མིན་པའི་སྐོར་ནས་གཏམ་བཤད་སྤེལ་སྐབས། རྒྱའི་ལོ་རྒྱུས་མཁས་དབང་ལིག་ཧན་ཁྲིན་གྱིས་རྒྱའི་ཡིག་ཆ་རྙིང་པ་ལ་གཞི་བཟུང་སྟེ་རྒྱ་ནག་གི་མིང་དང་ཆིང་རྒྱལ་རབས་སྐབས་ཀྱི་བོད་རྒྱའི་འབྲེལ་བའི་སྐོར་གྱི་དཔེ་དེབ་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པ་ངོ་སྤྲོད་གནས་སྐབས། རྩོམ་པ་པོས་ལོ་རྒྱུས་ཀྱི་བསྡོམས་ནང་། མིང་རྒྱལ་རབས་གཞུང་དམངས་གཉིས་ཀྱིས་བོད་ནི་མིང་རྒྱལ་རབས་ཀྱི་ཆ་ཤས་ཡིན་པའི་ཡིག་ཚང་གཅིག་གི་ནང་ཡང་བྲིས་མེད་པ་མ་ཟད། བོད་ནི་མིང་རྒྱལ་རབས་ཀྱི་ཆ་ཤས་ཡིན་པ་བསམ་བློ་ནང་དྲན་མྱངས་མེད། བོད་ནི་རྒྱ་ནག་གི་མིང་རྒྱལ་རབས་སྐབས་སུ་རང་བཙན་རྒྱལ་ཁབ་ཅིག་ཡིན། བོད་ནི་མིང་རྒྱལ་རབས་དུས་སྐབས་ནས་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་ནི་རྒྱ་ནག་དམར་པོ་གཞུང་གིས་ལོག་འགྲེལ་བྱས་པ་ཁོ་ན་ཡིན། ལྷག་པར་དུ་རྒྱའི་ཡིག་ཚང་ནང་གི་རྟེན་འབུལ། ཆོ་ལོ་སྩལ་བ་སོགས་ལ་ཞིབ་འཇུག་མཐར་ཕྱིན་པ་བྱས་ཏེ། དེང་སྐབས་རྒྱ་ནག་གི་བོད་ཀྱི་ལོ་རྒྱུས་ལ་ལོག་འགྲེལ་ལོག་སྨྲ་ཚར་བཅད་ཡོད། ཅེས་འཁོད་ཡོད་སྐོར་བརྗོད་སོང་། རྒྱ་ཡིག་ཐོག་བརྩམས་པའི་དཔེ་དེབ་དེ་ལྟའི་ཆར་སི་པེན་དུ་གནས་འཁོད་སངས་རྒྱས་སྐྱབས་ལགས་ཀྱིས་བོད་འགྱུར་བྱས་ཏེ་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་བྱ་འཆར་ཡོད་པ་དང་།  དཔེ་ཆའི་དབྱིན་འགྱུར་མ་དེ་ཉིད་རྩོམ་པ་པོ་རང་ཉིད་ཀྱིས་སྒྱུར་མུས་ཡིན་པ་རེད་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ཚན་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། ཚོགས་པའི་དེ་གའི་ངོས་ནས་ཕྱི་ལོ་ ༢༠༡༣ ནས་བཟུང་ལོ་ལྟར་ཟླ་ ༢ ཚེས་ ༡༣ ཉིན་བོད་ཀྱི་རང་བཙན་ཉིན་མོ་ཞེས་པ་སྲུང་གཙི་ཞུས་ཡོད་པ་དང་། སྲུང་གཙི་ཞུ་རྒྱུའི་དམིགས་ཡུལ་དེ་ལོ་རྒྱུས་ཀྱི་གལ་གནད་གསལ་སྟོན་དང་། ན་གཞོན་མི་རབས་རྣམས་ལ་ལོ་རྒྱུས་ཀྱི་དྲན་གསོ་འདི་བརྒྱུད་ནས་སྙིང་སྟོབས་ཆེར་བསྐྱེད་ཡོང་ཆེད་ཡིན་སྐོར་དང་། ལས་འགུལ་འདི་བོད་རང་བཙན་མ་ཐོབ་བར་དུ་རྒྱུན་སྐྱོང་བྱ་རྒྱུ་ཡིན་སྐོར་བརྗོད་སོང་ལ། སློབ་ཕྲུག་ཚོགས་པའི་ལས་འཆར་དོ་དམ་པ་ལེགས་ལྡན་ལགས་ཀྱིས། དེ་རིང་གི་ལས་འགུལ་འདིའི་འཆར་སྣང་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རང་བཙན་ལྡན་པའི་བོད་ལ་ཕྱིར་ཕེབས་གནང་རྒྱུ་དེ་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༥ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༡༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 1

  1. རྡོ་རྗེ་དགྲ་འདུལ says:
    ལོ་ 4 སྔོན།

    ལོ་ཚིགས་ནོར་འདུག་གདའ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese