མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་གསར་སྐབས་སྨོན་ལམ་དང་མེ་ཏོག་མཆོད་པ་སོགས་མཇལ་བར་དམ་དྲག་བྱེད་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཏོག་ནད་འགོག་སྲུང་ལ་ཁ་གཡར་ནས་བོད་དུ་སྔར་སྲོལ་ནས་ཡོད་པའི་ལོ་སར་སྐབས་ཀྱི་ཆོ་འཕྲུལ་སྨོན་ལམ་དང་མེ་ཏོག་མཆོད་པ་སོགས་མང་ཚོགས་ལ་མཇལ་བཅུག་གི་མེད་འདུག

ད་ལྟའི་ཆར་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཁག་ཅིག་ཏུ་བསོད་ནམས་ལོ་གསར་སྲུང་བརྩི་ཞུ་ཡི་ཡོད་པ་དང་འབྲེལ། ལོ་གསར་གྱི་ཚེས་པ་བཅུ་ནས་བཅོ་ལྔའི་བར་ཆོས་འཕྲུལ་སྨོན་ལམ་དང་མཆོད་འབུལ་སོགས་འཚོགས་སྲོལ་ཡོད་ཀྱང་། ད་ལྟ་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་དགོན་སྡེ་ཁག་གི་ལོ་གསར་སྐབས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྤེལ་མི་ཆོག་པ་དང་། ཏོག་དབྱིབས་གཉན་རིམས་ལ་ཁག་བཀྲིས་ནས་མང་ཚོགས་དགོན་པར་མཆོད་འཇལ་བྱེད་དུ་འགྲོ་མི་ཆོག་པའི་བཀའ་བཏང་ཡོད་འདུག

དེ་འབྲེལ་འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས་གསུངས་དོན་ལྟར་ན། ད་སྐབས་བོད་ཀྱི་དགོན་སྡེ་ཁག་ཏུ་ཆོས་འཕྲུལ་སྨོན་ལམ་འཚོགས་བཞིན་ཡོད་ཀྱང་། ས་ཁུལ་སོ་སོའི་ཏང་ཡོན་ལས་བྱེད་པ་དང་དགོན་པའི་དོ་དམ་ལྷན་ཁང་སོགས་ལ་གོང་རིམ་ནས་བཀའ་བཀོད་བཏང་ཡོད་པ་ལྟར། བླ་བྲང་བཀྲ་ཤིས་འཁྱིལ་དང་སྐུ་འབུམ་བྱམས་པ་གླིང་། རེབ་གོང་རི་བོ་དགོན་ཆེན། ཀན་ལྷོ་ཁུལ་གྱི་རྔོག་རྒྱལ་མོ་དགོན་དང་ཀླུ་ཤོད་ཚོ་བ་བརྒྱད་སོགས་སུ། ཏོག་དབྱིབས་གཉན་རིམས་ལ་ཁ་གཡར་ནས་མི་མང་དགོན་པར་མཆོད་འཇལ་དུ་འགྲོ་རྒྱུ་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། དམིགས་བསལ་རི་བོ་དགོན་ཆེན་དང་སྐུ་འབུམ་བྱམས་པ་གླིང་གཉིས་ནས་དགོན་པའི་མཚན་ཐོག་ནས། འདི་ལོའི་ལོ་གསར་སྐབས་དགོན་པའི་སྒོ་ཕྱེ་རྒྱུ་མིན་སྐོར་བསྒྲགས་ཡོད་འདུག

སྐུ་འབུམ་དགོན་པའི་བདག་གཉེར་ཨུ་ཡོན་ལྷན་ཁང་གི་གསལ་བསྒྲགས་ནང་། སྐུ་འབུམ་དགོན་པས་རིམས་ནད་སྔོན་འགོག་གི་བླང་བྱ་གཞིར་བཟུང་སྟེ། ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱི་མཆོད་མཇལ་དང་དགོང་མོའི་མེ་ཏོག་མཆོད་པ་སྒོ་འབྱེད་རྒྱུ་མིན་པའི་བརྡ་སྦྱོར་དེ་ཆེད་དུ་སྤེལ་བ་ཡིན་པས། རྒྱ་ཆེ་བའི་དད་ལྡན་མང་ཚོགས་དང་ཡུལ་སྐོར་བ་རྣམས་ཀྱིས་ངེས་པར་ཡིད་འཇགས་གནང་སྐོར་བརྗོད་འདུག་པ་དང་། དེ་བཞིན། རོང་བོ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དང་ཁུལ། གྲོང་ཁྱེར་རིམ་པའི་ཏང་ཨུ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་སྟེ། ཟླ་འདིའི་ཕྱི་ཚེས་ ༡༢ ནས་ཚེས་ ༡༦ ཉིན་གྱི་བར་དུ་རོང་བོ་དགོན་པས་ཕྱི་ལ་སྒོ་མི་ཕྱེ་བ་དང་ཡུལ་སྐོར་སྣེ་ལེན་བྱེད་མཚམས་འཇོག་རྒྱུ་ཡིན་པས། རྒྱ་ཆེ་བའི་དད་ལྡན་མང་ཚོགས་དང་ཡུལ་སྐོར་བ་རྣམས་ཀྱིས་ངེས་པར་ཏུ་ཡིད་འཇགས་གནང་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་འགོག་སྲུང་གི་ཆེད་དུ་ཡིན་ཟེར་ནས། ལོ་སར་མ་བསླེབས་གོང་ནས་བོད་གཞིས་ཀྱི་གདན་ས་གསུམ་གཙོ་བོར་གྱུར་བའི་བོད་ཁུལ་གྱི་དགོན་པ་ཁག་ཏུ་མཆོད་མཇལ་སོགས་ཆོས་ཕྱོགས་ཀྱི་འདུ་འཛོམས་རིགས་བཀག་སྡོམ་བྱས་པ་དང་སྨོན་ལམ་ཡང་སྟབས་བདེ་བཟོས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese