མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཞུང་གིས་རྒྱ་ནག་གི་མཉེན་ཆས་རིགས་ ༢༢༤ ལྷག་བཀག་སྡོམ་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ས་ཁོངས་བདག་དབང་། མི་མང་གི་བདག་དབང་སྲུང་སྐྱོབ་སོགས་ལ་གནོད་ཀྱི་ཡོད་པའི་ངོས་འཛིན་འོག་ཕྱི་ལོ་ ༢༠༢༠ ནས་ད་ལྟ་བར་དུ་རྒྱ་ནག་གཞུང་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་ཁ་པར་མཉེན་ཆས་ ༢༢༤ ལྷག་བཀག་སྡོམ་བྱས་ཡོད་པ་རེད།

ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར། རྒྱ་གར་གཞུང་གིས་མང་ཚོགས་ཀྱི་བདེ་འཇགས་ལ་གནོད་གཞི་དང་སྒེར་གྱི་གནས་ཚུལ་བརྐུ་འཁྱེར་བྱེད་ཀྱི་ཡོད་པའི་ངོས་འཛིན་འོག སླར་ཡང་གཞོན་སྐྱེས་ཁྲོད་སྤྱོད་རྒྱུག་ཆེ་བའི་དམག་འཐབ་སྐོར་གྱི་གློག་རྡུལ་རྩེད་ཆས་ Garena Free Fire ཡིས་མཚོན་པའི་རྒྱ་ནག་དང་འབྲེལ་བའི་ཁ་པར་གྱི་མཉེན་ཆས་ ༥༤ བཀག་སྡོམ་བྱས་ཡོད་འདུག རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཀྱི་སྟེང་གནས་ཚུལ་འཁོད་པ་ལྟར་ན། རྒྱ་གར་དབུས་འཕྲུལ་རིག་དང་གློག་ཀླད་ལྷན་ཁང་(Ministry of Electronics and IT) ངོས་ནས་ད་ལན་བཀག་སྡོམ་བྱས་པའི་མཉེན་ཆས་དེ་དག་གིས། རྒྱ་གར་ནང་གི་འཛད་སྤྱོད་པའི་སྒེར་གྱི་གནས་ཚུལ་རྣམས་རྒྱ་ནག་ཚུད་པའི་ཕྱིའི་རྒྱལ་ཁབ་ལ་གནས་སྤོ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་སྟེ། གྷུ་གྷལ་བང་མཛོད་(Google playstore) གྱིས་མཚོན་པའི་མཉེན་མཛོད་ཁག་ལ་མཉེན་ཆས་དེ་དག་ནག་གསུབ་གཏོང་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག་པ་ལྟར། གསར་འགོད་པས་རྒྱ་གར་གཞུང་གིས་བཀག་སྡོམ་བྱས་པའི་མཉེན་ཆས་དེ་དག་རྒྱ་གར་གྱི་གྷུ་གྷལ་མཉེན་མཛོད་ནང་འཚོལ་བཤེར་བྱེད་སྐབས་གསལ་གྱི་མི་འདུག

མིང་བརྗོད་འདོད་མེད་པའི་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལན་བཀག་སྡོམ་བྱས་པའི་མཉེན་ཆས་མང་པོ་ཞིག་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་ཆེ་གྲས་ཊེན་སེན་ (Tencent) དང་ཨ་ལི་བྷ་བྷ་ (Alibaba)། ནེཊ་ཨི་སི་(NetEase) སོགས་ཀྱི་ཡིན་པ་མ་ཟད། འདས་ལོར་རྒྱ་གར་གཞུང་གིས་རྒྱ་ནག་གི་མཉེན་ཆས་མང་པོ་བཀག་སྡོམ་བྱས་པའི་རྐྱེན་གྱིས། བཟོ་ཚོང་ཁང་དེ་དག་གིས་སྔར་བཀག་སྡོམ་ཟིན་པའི་མཉེན་ཆས་ཀྱི་མིང་དང་རྣམ་པ་བཅས་ལ་འགྱུར་བཅོས་ཕྲན་བུ་བཏང་སྟེ་བསྐྱར་དུ་རྒྱ་གར་ནང་སྤྱོད་ཆོག་པ་བཟོས་ཡོད་སྐོར་དང་། ཡང་སྐབས་འགའ་ཤས་ལ་མཉེན་ཆས་ཀྱི་གསོག་མཛོད་ཁང་(Server)དེ་རྒྱ་ནག་ནས་ཧོང་ཀོང་དང་སིང་གྷ་པུར་ལ་གནས་སྤོས་བྱས་པ་ཙམ་ལས། མཉེན་ཆས་སྤྱོད་མཁན་གྱི་གནས་ཚུལ་རྣམས་མཐའ་མཇུག་དེར་རྒྱ་ནག་ནང་ཡོད་པའི་གསོད་མཛོད་ཁང་དུ་གསོག་གི་ཡོད་སྐོར་བརྗོད་ཡོད་འདུག དེ་བཞིན་རྒྱ་གར་གཞུང་ངོས་ནས་རྒྱ་ནག་གི་མཉེན་ཆས་དེ་དག་མཉེན་མཛོད་ནས་ནག་གསུབ་བཏང་ཟིན་ནའང་། དྲ་རྒྱ་སོགས་བརྒྱུད་ནས་ཐད་ཀར་ཕབ་ལེན་གྱིས་ཝི་པི་ཨེན་(VPN) བརྒྱུད་བཀོལ་སྤྱོད་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཡང་ཤེས་རྟོགས་ཐུབ་ཡོད་སྐོར་བརྗོད་འདུག

Chinese President Xi Jinping and Indian Prime Minister Narendra Modi during a photograph session before the 18th meeting of the Council of the Heads of States of the Shanghai Cooperation Organization.
Mikhail Metzel | TASS | Getty Images

ད་ཐེངས་འདི་རྒྱ་གར་གཞུང་གིས་རྒྱ་ནག་དང་འབྲེལ་བའི་མཉེན་ཆས་བཀག་སྡོམ་བྱེད་ཐེངས་བཞི་པ་དེ་ཡིན་པ་རེད། དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༦ པའི་ནང་རྒྱ་གར་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ས་ཁོངས་བདག་དབང་བཅས་ལ་ཉེན་ཁ་ཡོད་སྐོར་བརྗོད་དེ། ཐོག་མའི་ཆར་རྒྱ་ནག་གི་མཉེན་ཆས་ ༥༩ བཀག་སྡོམ་བྱས་ཡོད་ཅིང་། དེའི་རྗེས་ལོ་དེའི་ཟླ་ ༩ པའི་ནང་ཡང་བསྐྱར་རྒྱ་ནག་གི་མཉེན་ཆས་ ༡༡༨ དང་། ཕྱི་ཟླ་ ༡༡ པའི་ནང་མཉེན་ཆས་ ༤༣ བཅས་ད་བར་ཁྱོན་རྒྱ་ནག་དང་དངོས་ཤུགས་གཉིས་ནས་འབྲེལ་བ་ཡོད་པའི་ཁ་པར་མཉེན་ཆས་ ༢༢༤ ལྷག་བཀག་སྡོམ་བྱས་ཡོད་པ་རེད།

ད་ལྟའི་ཆར་རྒྱ་ནག་གཞུང་གིས་ལན་འདེབས་ལྟ་བུ་གང་ཡང་སྤྲད་མི་འདུག་ཀྱང་། ཕྱི་ལོ་ ༢༠༢༠ ལོའི་ཐག་གཅོད་དང་འབྲེལ་ནས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་ཟེར་བ་དེས། རྒྱ་གར་གྱི་ཐག་གཅོད་ལ་བློ་འཚབ་ཡོད་པ་དང་། རྒྱ་གར་གཞུང་ངོས་ནས་ཚོང་འབྲེལ་དབྱེ་འབྱེད་ཀྱི་བྱེད་སྟངས་དེར་ནོར་བཅོས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་དོ་ཕོག་གཏོང་མཚམས་འཇོག་དགོས་སྐོར་ཉེན་བརྡ་བཏང་ཡོད་ལ། སྐབས་དེར་རྒྱ་གར་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པས་ཀྱང་། རྒྱ་གར་གཞུང་གི་རྒྱ་ནག་གི་མཉེན་ཆས་རྣམས་བཀག་སྡོམ་བྱས་པ་དེ་དབྱེ་འབྱེད་དང་འཛམ་གླིང་ཚོང་འབྲེལ་སྒྲིག་འཛུགས་ཀྱི་སྒྲིག་ཁྲིམས་དང་རྒྱབ་འགལ་དུ་ཕྱིན་པ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་པ་རེད།

ད་ལན་གྱི་མཉེན་ཆས་བཀག་སྡོམ་གྱི་བཀའ་ཁྱབ་དེ་ནི། རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་བསམ་འཆར་གཞིར་བཟུང་དབུས་འཕྲུལ་རིག་ལས་ཁུངས་ཀྱིས་འཕྲུག་རིག་ཁྲིམས་ཡིག་དོན་ཚན་ ༦༩ འོག་(Section 69 of IT Act) བཏང་བ་ཞིག་ཡིན་ཞིང་། མཉེན་ཆས་ ༥༤ ཁྲོད་དུ་བརྙན་ཐུང་སྒྲིག་སྦྱོར་གྱི་ཆེད་དུ་སྤྱོད་སྒོ་ཆེ་བའི་མཉེན་ཆས་ Viva Video Editor དང་། རྒྱ་གར་གཞུང་གིས་རྒྱ་ནག་གི་གློག་རྡུལ་རྩེད་ཆས་པཱབ་ཇི་ (PUBG) ཟེར་བ་བཀག་སྡོམ་བྱས་ནས་བཟུང་སྐད་གྲགས་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་ཕྱིན་པའི་དམག་འཐབ་རྩེད་ཆས་ Free Fire ཞེས་པ་དེའང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese