མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷི་བྷི་སིས་༧གོང་ས་མཆོག་དང་དམ་པ་ཊུ་ཊུ་མཆོག་རྣམ་གཉིས་ཀྱི་གློག་བརྙན་རྒྱང་སྲིང་གནང་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

འདས་ལོར་རྒྱལ་སྤྱིའི་གློག་བརྙན་ཁྲོམ་རར་འགྲེམས་སྤེལ་ཞུས་པའི་༧གོང་ས་མཆོག་དང་ཆོས་དཔོན་དམ་པ་ཌ་སེ་མོན་ཌེ་ཊུ་ཊུ་རྣམ་གཉིས་ཀྱི་དངོས་བཤུས་གློག་བརྙན་བདེ་སྐྱིད་ཀྱི་འཆར་གཞི་(Mission: JOY)ཞེས་པ་བྷི་བྷི་སི་ཡི་ BBC Four ནས་རྒྱང་སྲིང་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༠ ཐོག་རྒྱལ་སྤྱིའི་གསར་ཁང་ཆེ་གྲས་བྷི་བྷི་སི་ཡི་ BBC Four ཞེས་པའི་བརྙན་འཕྲིན་བརྒྱུད་ལམ་སྟེང་། ཕྱི་ལོ་ ༢༠༡༥ ལོར་ལྷོ་ཨ་ཧྥེ་རི་ཁའི་ཆོས་དཔོན་དམ་པ་ཌ་སེ་མོན་ཌེ་ཊུ་ཊུ་མཆོག་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་བདུན་ཕྲག་གཅིག་ལྷག་གི་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ལྷན་དུ་བདེ་སྐྱིད་ཅེས་པའི་བརྗོད་གཞིའི་ཐོག་གླེང་མོལ་གནང་བའི་སྐོར་གྱི་དངོས་བཤུས་གློག་བརྙན་བདེ་སྐྱིད་ཀྱི་འཆར་གཞི་ (Mission: JOY) ཞེས་པ་རྒྱང་སྲིང་ཞུ་རྒྱུ་ཡིན་འདུག

བྷི་བྷི་སི་གསར་ཁང་གི་དྲ་བའི་སྟེང་དངོས་བཤུས་གློག་བརྙན་དེའི་སྐོར་གྱི་ངོ་སྤྲོད་འཁོད་དོན། ཧ་ཅང་སེམས་འགུལ་ཐེབས་ཤིང་དགོད་བྲོ་བའི་དངོས་བཤུས་གློག་བརྙན་འདི་བརྒྱུད་ལྟ་མཁན་རྣམས་ལ་༧གོང་ས་མཆོག་དང་ཡེ་ཤུའི་ཆོས་དཔོན་དམ་པ་ཌེ་སི་མན་ཊུ་ཊུ་གཉིས་དབར་གྱི་མཛའ་བཤེས་ལ་རྒྱུས་ལོན་གཏིང་ཟབ་ཞུ་ཐུབ། རྒྱལ་སྤྱིའི་གཟེངས་རྟགས་ཐོབ་པའི་གློག་བརྙན་ཕབ་སྐྲུན་རུ་ཁག་ཅིག་གིས་ཉིན་གྲངས་ལྔ་རིང་ཁོང་རྣམ་གཉིས་ནས་གཅེན་གཅུང་པྲ་ཚགས་ཏུ་འབོད་པའི་སྐྱེས་ཆེན་གཉིས་དབར་གྱི་སྔར་མཐོང་དུ་མེད་པའི་ཡིད་ཆེས་དང་། དྲང་བདེན། ལྷག་ཏུ་བདེ་སྐྱིད་བཅས་ལས་གྲུབ་པའི་མཛའ་བཤེས་བརྙན་དུ་བླངས་ཡོད། ཅེས་དང་། དངོས་བཤུས་གློག་བརྙན་དེའི་ནང་སྐྱེས་ཆེན་རྣམ་གཉིས་ཀྱིས་རང་གི་སྐུ་ཚེའི་ནང་མྱངས་པའི་དཀའ་སྡུག་གི་ལོ་རྒྱུས་རྣམས་གསུང་གླེང་གནང་ཡོད་སྐོར་འཁོད་འདུག

༧གོང་ས་མཆོག་དང་ཆོས་དཔོན་ཊུ་ཊུ། རྩོམ་པ་པོ་ཌོག་ཨབ་རམ་སི་ (Doug Abrams) བཅས་ཀྱིས་བརྩམས་གནང་ཞིང་། འཛམ་གླིང་ཐོག་རྒྱུག་ཆེ་ཤོས་གྲས་སུ་ཚུད་པའི་བདེ་སྐྱིད་ཀྱི་ཕྱག་དེབ་ (The Book of Joy) གཞི་ལ་བཞག་སྟེ་ཕབ་སྐྲུན་བྱས་པའི་དངོས་བཤུས་གློག་བརྙན་དེས་གཙོ་བོ་གཉན་འཕྲང་དང་དཀའ་སྡུག་གི་དུས་སྐབས་སུ་བདེ་སྐྱིད་འཚོལ་ཐབས་སྐོར་གྱི་བརྗོད་དོན་གཙོ་བོར་བཟུང་སྟེ་ཕབ་སྐྲུན་བྱས་པ་ཞིག་ཡིན་འདུག་ལ། གློག་བརྙན་ནང་གཙོ་བོ་༧མགོན་པོ་མཆོག་དང་ཉེ་ཆར་སྐུ་གྲོངས་པའི་སྐུའི་མཛའ་གྲོགས་ཆེན་པོ་ཊུ་ཊུ་མཆོག་གཉིས་དབར་གསུང་གླེང་གནང་བ་དང་འབྲེལ། ཁོང་རྣམ་གཉིས་ལ་རྒྱུས་མངའ་ཆེ་བའི་ཆོས་དཔོན་ཊུ་ཊུ་མཆོག་གི་བུ་མོ་(Mpho Tutu van Furth)། དེ་བཞིན་རྩོམ་པ་པོ་ཌོག་དང་སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་བཅས་ཀྱིས་རང་གི་མྱོང་བའི་ཐོག་ནས་སྐྱེས་ཆེན་རྣམ་གཉིས་ཀྱི་མཛད་པ་དང་ལོ་རྒྱུས་ལ་ཕྱིར་དྲན་ཞུས་ཡོད་འདུག

སྤྱིར་གློག་བརྙན་འཁྲབ་ཁྲིད་པ་ལྕམ་པེ་གི་ཁེ་ལཱ་ཧན་ (Peggy Callahan) དང་ལུ་ཡི་སི་ཧོ་ཡོ་སི་ (Louie Psihoyos) རྣམ་གཉིས་ཀྱིས་ཕབ་སྐྲུན་བྱས་པའི་དངོས་བཤུས་གློག་བརྙན་དེ་ཉིད་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༨ ཉིན་ཆོས་དཔོན་དམ་པ་ཊུ་ཊུ་མཆོག་དྷ་སའི་གྷ་གྷལ་གནམ་ཐང་དུ་འབྱོར་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆེད་མངགས་གནམ་ཐང་ལ་ཆིབས་ཐོན་གྱིས་ཕེབས་བསུ་མཛད་པ་ནས་བཟུང་། དེའི་རྗེས་ཀྱི་ཉིན་གྲངས་ ༧ ཙམ་གྱི་རིང་བཞུགས་སྒར་ཕོ་བྲང་དུ་གསུུང་གླེང་གནང་བ་དང་། དྷ་རམ་ས་ལའི་རྡ་སྟེང་བོད་ཁྱིམ་གྱི་སིལ་སྤོལ་ཐང་དུ་སློབ་མ་དང་མང་ཚོགས་སྟོང་ཚོ་གཅིག་ལྷག་གི་ཁྲོད་དུ་ཆོས་དཔོན་ཊུ་ཊུ་མཆོག་གི་འཁྲུངས་སྐར་སྲུང་གཙི་གནང་བའི་སྐོར་སོགས་ཡོད་འདུག

སྤྱིར་དངོས་བཤུས་གློག་བརྙན་དེ་ཉིད་འདས་ལོའི་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་དངོས་སུ་ཁྲོམ་རར་བསྟན་ནས་ད་བར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མི་ཉུང་བའི་ནང་མིང་འདོན་དང་གཟིགས་འབུལ་ཞུ་ཐུབ་པ་བྱུང་ཡོད་འདུག་ཅིང་། བྷི་བྷི་སིའི་བརྙན་འཕྲིན་ལེ་ཚན་ནང་རྒྱང་སྲིང་བྱས་རྗེས་ BBC iplayer ཞེས་པའི་ནང་མུ་མཐུད་གཟིགས་རྒྱུ་ཡོད་པ་དང་། གཞན་ཡང་ད་ལྟའི་ཆར་དངོས་བཤུས་གློག་བརྙན་དེ་ཉིད་ Vimeo ཞེས་པའི་གློབ་བརྙན་དྲ་ཚིགས་(https://vimeo.com/674979350)སྟེང་འགོད་སྤེལ་བྱས་ཏེ། གསང་གྲངས་ BBCJOY བཅུག་སྟེ་རིན་མེད་ཐོག་གཟིགས་ཐུབ་ཀྱི་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

ཆུ་ཚོད་ ༡༧ སྔོན་ལ།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

ཆུ་ཚོད་ ༡༧ སྔོན་ལ།
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

༢༠༢༦/༠༦/༡༥
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

༢༠༢༦/༠༦/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese