མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྩིས་ལོ་ ༢༠༢༢་་་༢༣ ལོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་འགྲོ་གྲོན་སྒོར་ས་ཡ་ ༢༥༠༠ ལྷག་འཆར་འབུལ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྩིས་ལོ་ ༢༠༢༢་་་༢༣ ལོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་འགྲོ་གྲོན་སྒོར་ས་ཡ་ ༢༥༠༠ ལྷག་འཆར་འབུལ་ཞུས་ཡོད་པ་དང་དེ་རིང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཞིབ་འཇུག་ལས་དོན་མགོ་འཛུགས་གནང་ཡོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྩིས་ལོ་ ༢༠༢༢་་༢༣ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཞིབ་འཇུག་ལས་དོན་མགོ་འཛུགས་གནང་། སྤྱི་འཐུས་ལྷན་ཚོགས་ཀྱི་པར།

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༤ ནས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དང་གསུམ་པ་སྔ་གཞུག་ཏུ་དབུ་འཛུགས་གནང་འཆར་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་རེ་དྲུག་པའི་དགོངས་དོན་བཞིན། ཚོགས་གཙོ་སྦྲེལ་པོས་རྩིས་ལོ་ ༢༠༢༢་་་༢༣ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས། སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་བཅས་བསྐོ་བཞག་གནང་ཡོད་པ་དང་། ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས་དང་ཚོགས་དྲུང་དུ་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་སྤྱི་མོས་བསྐོ་བཞག་གནང་ཡོད་འདུག་ལ། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༩ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་འབུལ་དགོས་ཀྱི་ཡོད་འདུག

རྩིས་ལོ་ ༢༠༢༢་་་༢༣ ལོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་འཆར་འབུལ་འགྲོ་གྲོན་སྒོར་ས་ཡ་ ༢༥༠༠ ལྷག་ཡིན་འདུག་ལ། རྩིས་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་ ༦ ལྷག་ཙམ་གྱིས་ཉུང་བ་ཡོད་འདུག རྩིས་ལོ་ ༢༠༢༡་་༢༢  ལོར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་འགྲོ་གྲོན་སྒོར་ས་ཡ་ ༢,༦༩༨,༡༣༡,༤༩༨ དང་། ཕྱོགས་བསྡོམས་མ་དངུལ་དེའི་ནང་ཚུད་མེད་པའི་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་ཁག་ལྔའི་སྔོན་རྩིས་འགྲོ་འཆར་དང་དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་སྨན་ཁང་ཁག་གསུམ་བཅས་ཀྱི་འགྲོ་འཆར་མ་དངུལ་ས་ཡ་ ༥༣,༧༢༢,༣༦༣ བཀའ་འཁྲོལ་གཏན་འབེབ་གནང་ཡོད་པ་རེད།

སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༤ ནས་ཕྱི་ཚེས་ ༡༨ བར་ཉིན་གྲངས་ལྔ་དང་། གྲོས་ཚོགས་ཚོགས་དུས་གསུམ་པ་ཕྱི་ཟླ་ ༣ ཚེས་ ༢༡ ནས་ཚེས་ ༣༡ བར་ཉིན་བཅུའི་རིང་གངས་སྐྱིད་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་དུ་འཚོག་གཏན་འཁེལ་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ཟླ་བ། 12 སྔོན།

    ཟླ་བ་གཅིག་གི་ནང་གྲོས་ཚོགས་ཚོགས་དུས་གཉིས་པ་དང་གསུམ་པ་ཚོགས་རྒྱུ་དེ་བཅའ་ཁྲིམས་དོན་ཚན་བཞི་བཅུའི་འབྲུ་དོན་དང་མཐུན་པ་ལ་ངོས་འཛིན་དགོས་པ་རེད་དམ་བཅའ་ཁྲིམས་དོན་ཚན་བཞི་བཅུའི་འབྲུ་དོན་དང་འགལ་ནས་ཁྲིམས་འགལ་དང་སྒྲིག་འགལ་ལ་ངོས་འཛིན་དགོས་པ་རེད་རྒྱ་ཆེ་མང་ཚོགས་ལ་གསལ་བཤད་ཕེབས་དགོས་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist