མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལོ་སར་སྐབས་བོད་མི་ཚོས་འདུ་འཛོམས་རིགས་མང་པོ་མི་གནང་བའི་འབོད་སྐུལ་ཞུས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་འདས་པའི་བདུན་ཕྲག་གཅིག་རིང་བོད་མི་ཏོག་ནད་ཅན་གྲངས་  ༧༣ བྱུང་བ་དང་ད་ལྟཏོག་ནད་མེད་པར་གྱུར་མེད་པས་མུ་མཐུད་ཁ་རས་གྱོན་པ་སོགས་སྔོན་འགོག་ཐབས་ལམ་ཁག་ལག་བསྟར་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༩༩ བ་སྤེལ་བའི་ནང་། འདས་པའི་བདུན་ཕྲག་གཅིག་ནང་ཏོག་དབྱིབས་ནད་པ་གསར་པ་  ༧༣  བྱུང་བ་དང་། རྒྱ་གར་ནང་གི་ས་གནས་གྲངས་ ༡༤ ནང་རང་ཁྱིམ་དང་ཚོགས་སྡེའི་ཟུར་བཀག་ཁང་དུ་མི་གྲངས་ ༢༡༤  ཟུར་བཀག་འོག་སྡོད་མུས་ཡིན་པ་རེད་འདུག

འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས། ད་ལྟའི་ཆར་སིམ་ལ་དང་པུ་རུ་ཝ་ལའི་ས་ཆ་གཉིས་ལ་སྨན་ཞབས་པ་མེད་པས་ད་ལྟ་ཐབས་ཤེས་བྱེད་བཞིན་ཡོད། ཚང་མས་མཁྱེན་གསལ་ལྟར་ལོ་སར་བསླེབས་ལ་ཉེ་བས་མི་མང་པོ་ཞིག་ནང་ལ་ལོག་མཁན་ཡོད་པ་རེད། དེ་བཞིན་གུང་གསེང་ལ་ཡོང་མཁན་ཡོད་པར་བརྟེན། ཕྱི་ལ་གང་སར་མི་བསྐྱོད་པར་བདུན་ཕྲག་གཅིག་རིང་གི་ཟུར་བཀག་ཏུ་བཞུགས་རྒྱུའི་འབད་བརྩོན་དང་སྔོན་འགོག་གི་ཐབས་ལམ་ལག་བསྟར་གནང་རོགས་གནང་། ལོ་སར་སྐབས་སུ་འཛོམས་འཛོམས་མང་པོ་ཡོད་པས་ཚང་མས་གཟབ་གཟབ་གནང་རོགས་གནང་། དེ་བཞིན་ཆམ་ནད་སོགས་ཕོག་ཡོད་ན་སྣང་མེད་དུ་མི་གཏོང་བར་སྨན་ཁང་དུ་བརྟག་དཔྱད་དང་སྨན་བཅོས་ངེས་པར་དུ་གནང་རོགས་གནང་། ད་དུང་ཁ་རས་མུ་མཐུད་དུ་གྱོན་རྒྱུ་གལ་ཆེན་པོ་རེད་འདུག རང་ཉིད་མ་ན་བ་དང་ཐང་པོ་ཡོང་རྒྱུའི་གཞི་རྩའི་འགན་དེ་སོ་སོ་རང་ལ་ཡོད་པས་ཚང་མའི་ངོས་ནས་སོ་སོའི་འགན་ཡག་པོ་བྱས་ནས་བཞེས་དགོས་པའི་འབོད་སྐུལ་གནང་སོང་།

གསར་འགོད་གསལ་བསྒྲགས་སྟེང་སྨན་པ་མཚམས་གཅོད་ལགས་ཀྱིས། ད་ལྟའི་ཆར་ཏོག་དབྱིབས་གཉན་སྲིན་གྱི་རྣམ་པ་འགྱུར་ནས་བརྟག་དཔྱད་དང་མང་པོ་ཞིག་ལ་གུ་ཡངས་བཏང་ཡོད་རེད། ཡིན་ནའང་ང་ཚོ་ནད་གཞི་ཕོག་པ་དང་འབྲེལ་གཏུགས་བྱུང་བ་དེ་ཚོ་བརྟག་དཔྱད་ཡིན་ཅིག་བྱ་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་པར་བརྟེན། བདུན་ཕྲག་འདིའི་ནང་ལ་མི་ ༤༢༧ བརྟག་དཔྱད་བྱས་པ་བྱུང་འདུག ད་ལྟའི་ཆར་འཛམ་བུ་གླིང་ཁྱོན་ཡོངས་ལ་ནད་གཞི་ཕོག་པའི་མི་གྲངས་ས་ཡ་ ༤༡༤ ཙམ་རེད་འདུག བོད་ཀྱི་ལོ་སར་བསླེབས་ལ་ཉེ་བ་རེད། བོད་མི་མང་པོ་ཞིག་རྒྱལ་སྤྱི་དང་རྒྱལ་ནང་དུ་འགྲུལ་བཞུད་གནང་དགོས་པ་དང་། འགྲུལ་བཞུད་གནང་བའི་སྐབས་སུ་དམིགས་བསལ་གཟབ་གཟབ་གནང་རྒྱུ་ནི་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག སྤྱིར་བཏང་སོ་སོའི་སྔོན་འགོག་སྨན་ཁབ་ཐུན་གསུམ་ཀ་བརྒྱབ་ཟིན་ཡང་ཁ་རས་མ་གྱོན་པ་ཡིན་ན། ནད་གཞི་ཕོག་པའི་ཉེན་ཁ་མེད་པ་མ་རེད། དེར་བརྟེན་ཁ་རས་གྱོན་པ་དང་སྔོན་འགོག་གི་ཐབས་ལམ་རྣམས་མུ་མཐུད་དུ་ལག་བསྟར་བྱ་དགོས་སྐོར་གྱི་ལམ་སྟོན་གནང་སོང་།

དེའི་རྗེས་སུ་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་བཟང་དུ་འགྲོ་ཡི་ཡོད་པའི་རྣམ་པ་ཐོན་གྱི་འདུག དེ་བཞིན་རྒྱ་གར་ནང་དུའང་གནས་སྟངས་ཇེ་བཟང་དུ་འགྲོ་ཡི་འདུག དེར་བརྟེན་རྒྱ་གར་དབུས་གཞུང་ནས་མངའ་སྡེ་སོ་སོར་ཏོག་དབྱིབས་སྔོན་འགོག་དང་འབྲེལ་བའི་དམ་དྲག་ཡོད་པ་རྣམས་ཕྱིར་འཐེན་གནང་དགོས་པའི་འབོད་སྐུལ་གནང་ཡོད་རེད། དེ་བས་རིམ་བཞིན་སྔར་རྒྱུན་ནང་ལྟར་གྱི་གནས་སྟངས་ཆགས་ཀྱི་ཡོད་ཀྱང་། ནད་ཡམས་མེད་པ་ཆགས་མེད་པར་བརྟེན། ཚང་མས་མུ་མཐུད་ནས་སྔོན་འགོག་ཐབས་ལམ་དང་བྱེད་སྒོ་ཁག་ལག་བསྟར་གནང་རོགས་གནང་། དེའི་ནང་ནས་གལ་ཆེ་ཤོས་ནི་སྔོན་ཁབ་ཡིན་པ་དང་། ད་ལྟའི་ཆར་སྔོན་ཁབ་བསྐྱོན་མེད་པ་ཡིན་ན་ངེས་པར་དུ་བསྐྱོན་རོགས་གནང་། ད་ལྟའི་ཆར་ནད་ཡམས་ཁྱབ་གདལ་ཕྱིན་ནས་ལོ་གཉིས་ལྷག་འགྲོ་ཡི་ཡོད་རེད། དུས་ཚོད་འདིའི་སྐབས་སུ་མི་ཚང་མར་ལུས་སེམས་གཉིས་ཀའི་ཐོག་ནས་དཀའ་ངལ་ཆེན་པོ་འཕྲད་ཡོད་རེད། དེར་བརྟེན་ལུས་སེམས་གཉིས་ཀྱི་བདེ་ཐང་ཡོང་བར་ལུས་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ད་དུང་ཉིན་རེར་སྐར་མ་ ༡༠ ཙམ་གྱི་རིང་སྒོམ་བརྒྱབ་ཐུབ་པ་ཡིན་ན་སེམས་པ་ལྷོད་ལྷོད་ཆགས་རྒྱུའི་ཁེ་ཕན་ཡོད་རེད། དེ་བཞིན་ཟས་བཅུད་ལྡན་པའི་ཞལ་ལག་མཆོད་རྒྱུ་དང་། མངར་མོ་དང་ཚའི་རིགས་ཉུང་དུ་གཏོང་དགོས། ད་དུང་ཆུ་མང་པོ་འཐུང་དགོས་པ་སོགས་ཀྱི་ཐད་ཐུགས་སྣང་གནང་དགོས་པའི་ལམ་སྟོན་གནང་སོང་།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་མི་གྲངས་  ༩༠༦༠ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༨༧༨༩ དང་། རྐྱེན་འདས་སུ་ཕྱིན་པ་  ༡༦༦། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པའི་བོད་མི་གྲངས་  ༡༠༥ བཅས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist