མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གློག་བརྙན་ཁང་ ༨༠༠ ལྷག་ནས་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་པའི་སྐོར་གྱི་གློག་བརྙན་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ནས་མི་ལོ་ ༦༣ འཁོར་གྱི་ཡོད་པ་དང་བསྟུན་ཨ་རིའི་གློག་བརྙན་ཁང་ ༨༠༠ ལྷག་ནས་དེ་འབྲེལ་དངོས་བྱུང་གློག་བརྙན་ཞིག་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

ཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་བོད་ནམ་ཡང་མ་བརྗེད། ཏཱ་ལའི་བླ་མས་གསུང་མ་མྱོང་བའི་གཏམ་རྒྱུད་ཅེས་པའི་གློག་བརྙན་དེའི་སྔོན་བརྡ་དངོས་སུ་སྤྱི་ཚོགས་དྲ་ལམ་དུ་སྤེལ་ཡོད་ཅིང་། དངོས་བྱུང་གློག་བརྙན་དེ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་དབྱིན་ཡུལ་གྱི་བྱམས་བརྩེའི་གློག་བརྙན་བཟོ་བསྐྲུན་ཁང་ ( Compassionate Film) དང་ཧྥ་ཐོམ་ཨི་ཝེན་ཊི་སི (Fothom event ) གཉིས་ཀྱིས་མཉམ་འབྲེལ་གྱི་ཐོག་ནས་ཨ་རིའི་གློག་བརྙན་ཁང་ ༨༠༠ ལྷག་ནས་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

དེའི་ཐད་ཧྥ་ཐོམ་ཨི་ཝེན་ཊི་སི་ཡི་འགན་འཛིན་རེའེ་ཎཱ་ཊི( Ray Nutt) ཡིས་ཧྥ་ཐོམ་ཨི་ཝེན་ཊི་སི་གློག་བརྙན་ཁང་གིས་འཛམ་གླིང་གི་ཆེས་ཤུགས་རྐྱེན་ཆེ་བའི་སྐྱབས་བཅོལ་བ་ཞིག་བཙན་བྱོལ་དུ་ཕེབས་པའི་དམིགས་བསལ་གྱི་གཏམ་རྒྱུད་ཅིག་རྒྱལ་ཁབ་ཁྱོན་ཡོངས་ལ་གཟིགས་འབུལ་ཞུ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མདུན་ནས་དངོས་སུ་འཛམ་གླིང་གི་ལོ་རྒྱུས་ཀྱི་གལ་གནད་ཅིག་གོ་ཐོས་བྱུང་བ་ནི། དངོས་བྱུང་གློག་བརྙན་འདི་བལྟས་ནས་གཟིགས་མོ་བ་རྣམས་ཀྱི་ཆེས་བརྗེད་ཐབས་བྲལ་བའི་མྱོང་ཚོར་ཞིག་ཏུ་འགྱུར་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག་ལ།  གློག་བརྙན་དེའི་འཁྲབ་ཁྲིད་པ་རྗེན་ཕོལ་མིར་ཊིན་ཛི་( Jean-Paul Mertinez )  ལགས་ཀྱིས་ཁོང་ཚོར་གོ་སྐབས་དེ་འདྲ་གནང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་བརྗོད་འདུག

ཧྥ་ཐོམ་ཨི་ཝེན་ཊི་སི (Fathom events)  ཡིས་སྤེལ་བའི་གནས་ཚུལ་ལྟར་ན། དངོས་བྱུང་གློག་བརྙན་དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་གྱི་རྒྱལ་མཚམས་སྲུང་སྐྱོབ་ཐད་ཀྱི་ཆབ་སྲིད་གནད་ཡོད་མི་སྣ་ཧར་མན་ཌིར་སིང་(Har Mander Singh) ལགས་རྣམ་གཉིས་ཀྱིས། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་བའི་སྐོར་གསུངས་པའི་དངོས་བྱུང་གློག་བརྙན་ཐོག་མ་དེ་ཡིན་པ་དང་། ལོ་རྒྱུས་རང་བཞིན་ལྡན་པའི་དངོས་བྱུང་གློག་བརྙན་དེས་འཛམ་གླིང་གི་ལོ་རྒྱུས་དང་། སྒྱུ་རྩལ། རིག་གཞུང། བོད་བརྒྱུད་ནང་བསྟན་བཅས་ཀྱི་སྙིང་བཅུད་ལ་འཚོལ་ཞིབ་བྱས་ཡོད་སྐོར་དང་། གློག་བརྙན་དེའི་ནང་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་སྙིང་བཅུད་གསལ་སྟོན་བྱས་པ་དང་སྦྲགས། བྱམས་དང་སྙིང་རྗེའི་ལམ་ནས་འཛམ་གླིང་གཅིག་གྱུར་ཡོང་ཐུབ་པ་སོགས་ཀྱི་སྐོར་འཁོད་ཡོད་འདུག

དངོས་བྱུང་གློག་བརྙན་དེའི་འཁྲབ་ཁྲིད་པ་ (JeanPaul Mertinez) ལགས་ཡིན་པ་དང་། རོལ་དབྱངས་དཀྲོལ་ལེན་པ་ (Anouska Shankar) ཡིན་ཞིང་། ཁོང་མོ་ནི་རྒྱ་གར་གྱི་སྙན་གྲགས་ཆེ་བའི་རོལ་དབྱངས་དཀྲོལ་ལེན་པ་ཤན་ཀར་(Sri Ravi Shankar) གྱི་བུ་མོ་ཡིན་པ་རེད། དེ་བཞིན་ལོ་རྒྱུས་རང་བཞིན་པའི་དངོས་བྱུང་གློག་བརྙན་དེ་ནི་དྲ་ཐག་https://www.fathomevents.com/events/ ནས་འཚོལ་ཞིབ་དང་འཛིན་བྱང་ཉོ་ཐུབ་ཀྱི་ཡོད་པ་དང་། དྲ་ཐག་འདི་ནས་ www.fathomevents.com གློག་བརྙན་ཁང་གང་དུ་གཟིགས་འབུལ་བྱ་རྒྱུ་ཡིན་མིན་བལྟ་ཐུབ་ཀྱི་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 1

  1. བློ་བཟང་། says:
    ལོ་ 4 སྔོན།

    གཏམ་བཟང་རེད་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese