མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་རྗེ་བདུད་འཇོམས་སངས་རྒྱས་པདྨ་བཞད་པ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས།

བོད་ཀྱི་དུས་བབ།
༢༠༢༢/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་ཞོགས་པར་སྐྱབས་རྗེ་འདུད་འཇོམས་སྐུ་ཕྲེང་གསུམ་པ་སངས་རྒྱས་པདྨ་བཞད་པ་མཆོག་དགུང་གྲངས་ ༣༢ ཐོག་གཟིམ་ཤག་ཏུ་ཞི་བར་སྐུ་གཤེགས་ཏེ་ཐུགས་དམ་དུ་བཞུགས་ཡོད་འདུག

 དེ་རིང་བདུད་འཇོམས་རིན་པོ་ཆེ་མཆོག་གི་བླ་བྲང་ནས་བོད་རྒྱ་དབྱིན་གསུམ་སྟེང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བོད་ལྕགས་གླང་ཟླ ༡༢ ཚེས་ ༡༤ ཉིན་གྱི་ཞོགས་པའི་གསོལ་ཚོགས་སུ་ཕེབས་བསུར་བཅར་སྐབས་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ལ་ཁོང་དགོངས་པ་གཞན་དོན་དུ་གཤེགས་ཏེ། གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་ངོར་ཕྱི་གསལ་གཟུགས་སྐུའི་བཀོད་པ་ནང་བཞིན་ཀ་དག་ཆེན་པའི་ཀློང་དུ་བསྡུས་ཚུལ་བསྟན་དེང་གི་ཆར་ཞལ་མདངས་མ་ཉམས་པར་ཐུགས་དམ་དུ་བཞུགས་མུས་ལ། རྗེས་སུ་ཐུགས་དམ་ལས་གྲོལ་རྗེས་ཞེའུ་དགོན་དུ་གདན་འདྲེན་ནས་དགུང་ཞག་ཞེ་དགུའི་རིང་རྡོར་སེམས་བླ་མ་མཆོད་པའི་སྒོ་ནས་དགོངས་རྫོགས་ཞུ་རྒྱུ་ལགས་ན། རྒྱ་གར། བལ་ཡུལ། འབྲས་ལྗོངས། བོད་ཡུལ་གཙོས་འཛམ་གླིང་ཡུལ་གྲུ་ཁག་གི་རང་ལུགས་དགོན་སྡེ་སློབ་ཚོགས་ཀུན་གྱིས་བླ་མའི་རྣམ་འབྱོར་དང་། བླ་མ་མཆོད་པའི་ཆོ་ག་སོགས་རྣམ་དཀར་དགོངས་རྫོགས་ཀྱི་ལས་ལ་ཅི་ནུས་སུ་འབད་པ་དང་བཅས་ཐུགས་སྨོན་གནང་བར་ཞུ། ཞེས་སོགས་འཁོད་འདུག

སྐྱབས་རྗེ་བདུད་འཇོམས་སྐུ་ཕྲེང་གསུམ་པ་སངས་རྒྱས་པདྨ་བཞད་པ་མཆོག་ནི། ཕྱི་ལོ་ ༡༩༩༠ ལོར་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་རིགས་སྲས་ཡབ་མདོ་བླ་འཇིགས་མེད་ཆོས་ཀྱི་ཉི་མ་རིན་པོ་ཆེ་དང་ཡུམ་པདྨ་མཁའ་འགྲོ་རྣམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཡོད་པ་དང་། ༸སྐྱབས་རྗེ་གོང་མས་མ་འོངས་མངོན་གཟིགས་ཀྱིས་འདས་ཁའི་ཞལ་ཆེམས་ལས་སླར་རང་གི་ཁྱིམ་རྒྱུད་དུ་འབྱོན་པར་ལུང་བསྟན་པ་དང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་དང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རྣམ་གཉིས་ཀྱི་གསུང་འཕྲིན་ཕེབས་དོན་བཞིན། བྱ་བྲལ་རིན་པོ་ཆེ། ༸དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་གོང་མ་ཁྲི་ཆེན་རིན་པོ་ཆེ་དང་། ས་སྐྱའི་བདག་ཆེན་དང་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་གསར་རྙིང་གི་བླ་ཆེན་མཁས་གྲུབ་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བདུད་འཇོམས་རིན་པོ་ཆེ་སྐུ་ཕྲེང་གཉིས་པའི་ཡང་སྲིད་དུ་ངོས་འཛིན་མཛད་ཡོད་འདུག ཕྱི་ལོ་ ༡༩༩༤ ལོར་བྱ་བྲལ་རིན་པོ་ཆེས་དངོས་སུ་གསུང་འཕྲིན་སྩལ་ཏེ་ཡང་སྲིད་རིན་པོ་ཆེ་མཆོག་བལ་ཡུལ་དུ་གདན་འདྲེན་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ནས་རིན་པོ་ཆེ་མཆོག་ཨ་རི་དང་ཁེ་ན་ཌ། ཡུ་རོབ་རྒྱལ་ཁབ་སི་པེན། སུད་སི། ཧྥ་རན་སི་སོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ་ཆོས་ཕྱོགས་ཀྱི་མཛད་པ་བསྐྱངས་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese