མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་སར་སྐབས་མཆོད་འབུལ་བསང་གསོལ་སོགས་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

ལོ་སར་བསླེབ་ལ་ཉེ་བའི་སྐབས་དང་བསྟུན་རྒྱ་ནག་གཞུང་གིས་བོད་མངའ་རིས་ས་ཁུལ་གྱི་སྒེར་རྩེ་རྫོང་དང་མཚོ་ཆེན་རྫོང་སོགས་བོད་ཁུལ་ཁག་ཅིག་ཏུ་བོད་མི་ཚོར་ལོ་སར་སྐབས་མི་མང་འདུ་འཛོམས་དང་བསང་གསོལ་མཆོད་འབུལ་རིགས་བྱེད་མི་ཆོག་པའི་བཀག་གཏོང་གི་ཡོད་འདུག

བོད་མངའ་རིས་ས་ཁུལ་གྱི་རྟོག་ཞིབ་ཡུལ་དངོས། པར་བོད་ནས་འདི་གར་མཁོ་གཏོང་གནང་།

དེ་རིང་འདི་གའི་གསར་འགོད་པར་བོད་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་ཀྱི་ལོ་སར་བསླེབ་ལ་ཉེ་བར་བརྟེན། བོད་མངའ་རིས་ས་ཁུལ་གྱི་ཁོངས་གཏོགས་སྒེར་རྩེ་རྫོང་དང་མཚོ་ཆེན་རྫོང་ཁོངས་ཀྱི་བོད་མི་ཚོར་བོད་ཀྱི་ལོ་སར་སྐབས་མཆོད་འབུལ་བསང་གཏོང་དང་མི་མང་དགའ་འཛོམས་རིགས་བྱེད་མི་ཆོག་སྐོར་བརྗོད་དེ་དམ་དྲགས་ཆེན་པོ་བྱེད་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་སྒེར་རྩེ་རྫོང་དང་མཚོ་ཆེན་རྫོང་གི་ཁོངས་གཏོགས་ས་གནས་ཁག་ཏུ་ཉེན་རྟོག་པ་དང་གཞུང་འབྲེལ་མི་སྣ་ཡོང་སྟེ། ཏོག་དབྱིབས་ནད་ཡམས་འགོས་ཁྱབ་སོགས་ཀྱི་ཉེན་ཁ་ཡོད་སྟབས། འདི་ལོའི་བོད་ཀྱི་ལོ་སར་སྐབས་མི་མང་འདུ་འཛོམས་རིགས་བྱེད་མི་ཆོག་པ་དང་། དེ་བཞིན་རི་ལ་རླུང་རྟ་མཆོད་པ་དང་བསང་གསོལ་གཏོང་བ། དགོན་པ་ཁག་ཏུ་མཆོད་འབུལ་ཕྱག་སྐོར་སོགས་བྱེད་མི་ཆོག་སྐོར་དང་། སྐབས་དེར་འབྲེལ་ཡོད་སྡེ་ཁག་ནས་ལྟ་རྟོག་ནན་པོ་བྱ་རྒྱུ་ཡིན་པས་ཁྲིམས་སྒྲིག་དང་འགལ་བའི་བྱ་སྤྱོད་སྤེལ་མཁན་ཡོད་ཚེ་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་ཉེན་བརྡ་བཏང་འདུག

ཉེན་རྟོག་པ་ཁག་ཅིག་གིས་རྔ་བ་ཀིརྟི་དགོན་གྱི་ནུབ་ཁ་ཕྱོགས་སུ་ལྟ་རྟོག་བྱེད་བཞིན་པའི་ཡུལ་དངོས། པར་བོད་ནས་འདི་གར་མཁོ་གཏོང་གནང་།

ས་གནས་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ང་ཚོས་ལོ་གཅིག་ལ་ལོ་སར་གཅིག་མ་གཏོགས་གཉིས་ཟེར་བ་ཞིག་གཏོང་འདོད་མེད། ས་གནས་ཀྱི་དགོན་པ་ཁག་ནས་ག་དུས་ལོ་སར་གཏོང་གི་ཡོད་ན་དེ་དུས་ང་ཚོ་སྡེ་མི་ཚོས་ཀྱང་ལོ་སར་གཏོང་གི་ཡོད་པ་རེད། ལོ་སར་ལ་དཔལ་འབྱོར་བཟང་ངན་དང་མི་རྩ་ཡོད་མེད་ལ་མ་ལྟོས་པར་ཁྱིམ་མི་ཚང་མ་ལྷན་དུ་འཛོམས། སྡེ་མི་ཚང་མ་ལྷན་དུ་འཛོམས་བསྡད་ཡོད་པ་རེད། དགོན་ཁག་ཏུ་མཆོད་འབུལ་ཕྱག་སྐོར་དང་ཡུལ་ལྷ་གཞིས་བདག་སོགས་ལ་མཆོད་པ་འབུལ་བ་དེ་བོད་སྲིད་པ་ཆགས་ནས་བཟུང་དར་བསྡད་ཡོད་སྟབས།  ལོ་སར་ལ་མཆོད་འབུལ་བསང་གཏོང་དང་འདུ་འཛོམས་རིགས་མི་ཆོག་ལབ་དུས་དཔེ་དཀའ་ལས་ཁག་པོ་དང་། རྟགས་དང་རྟེན་འབྲེལ་ལའང་མི་འགྲོ་བ་ཞིག་རེད། ཅེས་བརྗོད་བྱུང་།

 གསུམ་བཅུའི་དུས་དྲན་དང་བོད་ལུགས་ལོ་སར་སྐབས་ལོ་ལྟར་རྒྱ་ནག་གཞུང་གིས་བོད་ཁུལ་གང་སར་དམ་དྲགས་སྔར་ལས་ཆེན་པོ་བྱེད་བཞིན་ཡོད་པ་ལྟར། ད་ལྟའི་ཆར་ས་གནས་དེ་དག་ནང་ཉེན་རྟོག་པ་འགྲེམས་འཇོག་བྱས་ཏེ་ལྟ་རྟོག་དང་ཞིབ་བཤེར་བྱེད་བཞིན་ཡོད་འདུག་ལ། བོད་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས་ས་གནས་ཁག་ཅིག་དང་རྔ་བ་ཁུལ་སོགས་ཀྱི་ནང་དུའང་དམ་དྲགས་དོགས་གཟོན་བྱེད་བཞིན་ཡོད་སྐོར་ས་གནས་བོད་མི་ཁག་ཅིག་གིས་བརྗོད་བྱུང་།

དུས་བབ་ས་གནས་གསར་འགོད་པས་སྤེལ།

འབྲེལ་ཡོད་གསར་འགྱུར།

Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese