མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༡ ཉིན་བོད་ནང་གི་ཆབ་སྲིད་བཙོན་ཟུར་གྲགས་ཅན་ངག་དབང་རྒྱལ་མཚན་ལགས་བོད་ཀྱི་རྒྱལ་ས་ལྷ་སར་འདས་གྲོངས་སུ་ཕྱིན་ཡོད་འདུག

ད་ལྟ་དྷ་སར་གནས་འཁོད་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྒན་ངག་དབང་འོད་འབར་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། དེང་སང་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་གསར་དང་གསུམ་བཅུའི་དུས་དྲན་སླེབ་ལ་ཉེ་བའི་སྐབས་འདིར། ཏོག་དབྱིབས་གཉན་རིམས་ལ་ཁག་དཀྲིས་ནས་ལྷ་ས་ཁུལ་དུ་མི་མང་གི་འདུ་འཛོམས་རིགས་ལ་དམ་དྲག་བྱེད་བཞིན་པ་སོགས་ལ་བརྟེན་ནས། བོད་ནང་སྐད་ཆ་བཤད་རྒྱུར་དོགས་ཟོན་བྱ་དགོས་འཁེལ་གྱི་ཡོད་པ་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་ཁ་སང་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥།༣༠ ཙམ་ལ་འདས་གྲོངས་སུ་ཕྱིན་ཡོད་པ་དངོས་བདེན་ཡིན་ཡང་། དམ་པ་ཁོང་རྒྱུ་རྐྱེན་གང་ལ་བརྟེན་ནས་གྲོངས་མིན་དང་སྨན་ཁང་དང་རང་ཁྱིམ་སོགས་གང་དུ་གྲོངས་ཡོད་མེད་ཤེས་རྟོགས་བྱུང་མེད་སྐོར་འགྲེལ་བརྗོད་གནང་བྱུང་ལ། སྐུ་ཞབས་དམ་པ་ཁོང་ལོ་ ༡༧ རིང་རྒྱ་ནང་གི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱངས་ནས་རང་བཞིན་གྱིས་ལུས་པོ་ནད་གཅོང་ལྟ་བུ་ཆགས་པའི་རྐྱེན་གྱིས་གྲོངས་ཡོད་སྲིད་སྐོར་བརྗོད་བྱུང།

བོད་ཀྱི་ཆབ་སྲིད་བཙོན་ཟུར་འཇམ་དཔལ་སྨོན་ལམ་ལགས་ནས་བརྩམས་པའི་ <<མི་རབས་གསར་པའི་ལང་ཚོའི་མདུན་ལྗོངས་>> ཞེས་པའི་ནང་། ཆབ་སྲིད་བཙོན་ཟུར་སྐུ་ཞབས་ངག་དབང་རྒྱལ་མཚན་ལགས་ནི་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་ལྷ་སའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་ ༢༡ གི་སྣེ་ཁྲིད་འོག་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་རྐྱེན་གྱིས། ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་དགུ་རྩ་བཙོན་ཁང་ནང་ཟླ་བ་ ༤ ཙམ་རིང་བཀག་ཉར་བྱས་པ་དང་། དེ་ནས་ཀློད་གྲོལ་བཏང་རྗེས་དམ་པ་ཁོང་གིས་བོད་རང་བཙན་གྱི་ཡིག་ཆ་འགྲེམས་སྤེལ་བྱས་པ་དང་། བོད་རང་བཙན་ཚོགས་པའི་ནང་མཉམ་ཞུགས་སོགས་ལས་འགུལ་འདྲ་མིན་སྤེལ་བའི་རྐྱེན་གྱིས། ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༥ ཚེས་ ༡༣ ཉིན་རང་གི་རོགས་པ་དང་ལྷན་དུ་རྒྱ་གར་ལ་བཙན་བྱོལ་དུ་སྐྱོད་སྐབས། འགྲམ་འགག་སྒོ་ནས་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

དམ་པ་ཁོང་བཀག་ཉར་བྱས་རྗེས་ཕྱི་ལོ་ ༡༩༨༩ ཟླ་ ༡༡ ཚེས་ ༢༨ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ནས་གྲོང་ཁྱེར་ལྷ་སའི་མི་མང་སྲིད་གཞུང་གི་ཚོགས་ཁང་དུ་མི་མང་ ༡༥༠༠ ལྷག་ཙམ་ཡོད་པའི་ཁྲིམས་རར་བཅད་ཁྲ་ཡོངས་བསྒྲགས་བྱས་ཏེ། ཁོང་ལ་ལོ་ ༡༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཆབ་སྲིད་དབང་ཆ་ལོ་ ༥ བཙན་འཕྲོག་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༠༥ དབར་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་མནར་གཅོད་མྱངས་ཤིང་། བཙོན་འཇུག་དུས་ཡུན་རྫོགས་རྗེས་ལྷ་སའི་བཀའ་འགྱུར་པར་ཁང་དུ་དཔེ་ཆ་ཞུ་དག་བཏང་ནས་བཞུགས་ཡོད་པ་རེད་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་སྐུ་ཞབས་ངག་དབང་རྒྱལ་མཚན་ལགས་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ནས་ཡིན་ཞིང་། ཕྱི་ལོ་ ༡༩༨༤ ནང་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དགོན་པར་ཆོས་ཞུགས་གནང་ཡོད་འདུག འདི་ལོ་ཁོང་དགུང་ལོ་ ༦༠ ཡས་མས་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༢ སྔོན་ལ།
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

ཆུ་ཚོད་ ༡༥ སྔོན་ལ།
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese