མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཁྱིམ་ཐོ་གསར་པ་ཐོ་འགོད་བྱེད་ཆོག་པའི་སྲིད་ཇུས་ཤིག་དྲིལ་བསྒྲགས་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནང་ཚད་བཀག་མེད་པའི་ཐེམ་ཐོའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་དམིགས་ཡུལ་གཙོ་བོ་ནི་བོད་མི་རིགས་ཀྱི་ངོ་བོ་རྩ་གཏོར་དང་བོད་མི་རྣམས་རྒྱའི་ཁོངས་སུ་འཐིམ་ཐབས་སོགས་བོད་རྒྱུ་བསྒྱུར་གྱི་སྲིད་ཇུས་ཤིག་ཡིན་སྐོར་བརྗོད་བྱུང་།

ཁ་སང་རྒྱ་ནག་གཞུང་ཕྱོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ལྷ་ས་གྲོང་ཁྱེར་གྲྭ་བཞི་མངགས་གཏོང་ཁང་ཟེར་བ་ཞིག་གིས་བསྡུས་པའི་ཚོགས་འདུ་ཐོག ཐེམ་ཐོ་ལས་དོན་སྤེལ་མཁན་གྱི་མི་དམངས་ཉེན་རྟོག་པས། བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་པ་རྣམས་ལ་ཚད་བཀག་མེད་པའི་ཐེམ་ཐོའི་སྲིད་ཇུས་ཟེར་བ་ཞིག་དྲིལ་བསྒྲགས་བྱས་ཏེ། ལོ་བཅོ་བརྒྱད་ཡན་གྱི་མི་ཞིག་ཡིན་ཕྱིན་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཀྱི་ཡོད་མེད་ཁྱད་པར་གང་ཡང་མེད་ཁར། ལྷ་སའི་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གང་རུང་དུ་གཏན་འཇགས་གནས་སྡོད་ཀྱི་ཐེམ་ཐོ་འགོད་ཆོག་པ་མ་ཟད།  མི་གང་དེའི་བཟའ་ཟླ་དང་བུ་ཕྲུག ཁྱོ་ཤུག་གཉིས་ཀྱི་ཕ་མ་བཅས་ཐེམ་ཐོའི་ནང་ཐོ་འགོད་བྱ་ཆོག་གི་ཡོད་སྐོར་སོགས་བསྒྲགས་འདུག

དེའི་ཐད་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས། ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་མཐུན་སྒྲིལ་དང་རྒྱ་ནག་མི་དམངས་གཅིག་འགྱུར་གྱི་འདུ་ཤེས་བསྐྲུན་དགོས་ཟེར་ནས། བོད་ཀྱི་སྐད་ཡིག་དང་སློབ་གསོ་སོགས་ཀྱི་ཐད་ནས་བོད་རྒྱ་བསྒྱུར་གྱི་སྲིད་ཇུས་མང་པོ་ཞིག་ལག་བསྟར་བྱེད་མུས་ཡིན་པ་དང་། ད་ཐེངས་ཀྱི་ཚད་བཀག་མེད་པའི་ཐེམ་ཐོའི་སྲིད་ཇུས་དེའི་དགོས་དམིགས་གཙོ་བོ་ཡང་བོད་ནང་དུ་རྒྱ་རིགས་ཀྱི་འདུ་སྡོད་ཚུགས་ཐབས།  བོད་མི་རིགས་ཀྱི་ངོ་བོ་སོགས་རྩ་གཏོར་དང་། རིམ་པས་བོད་མི་རྣམས་རྒྱ་མིའི་ཁོངས་སུ་འཐིམ་ཐབས་ཀྱི་སྲིད་ཇུས་ངན་པ་ཞིག་བསྟིང་མགོ་བཙུགས་ཡོད་པ་དང་། དེ་བཞིན་བོད་ནང་གི་མི་རིགས་རང་སྐྱོང་གི་ཐོབ་ཐང་སོགས་ལ་དོ་ཕོག་ཆེན་པོ་ཡོད་པ་རེད། འཕྲད་ཕུགས་གཉིས་ཀྱི་ཐོག་ནས་བོད་མི་རིགས་ཀྱི་ངོ་བོ་དང་བོད་མིའི་འདུ་སྡོད་ས་གནས་ཁག་ཏུ་རྒྱ་མི་གཏན་སྡོད་ཚུགས་ཐབས་ཀྱི་སྲིད་ཇུས་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་བྱས་སོང་།

བོད་ཀྱི་རྒྱལ་ས་ལྷ་སའི་ཕྱོགས་སུ་གཏན་འཇགས་གནས་སྡོད་ཀྱི་ཁྱིམ་ཐོ་འགོད་པའི་གནས་ཚུལ་དེ་ཐོག་མར། འདས་ལོའི་ཟླ ༡༠ ཚེས་ ༢༡ ཉིན་དོན་ཚན་བཞིའི་འོག་ནས་བོད་ཀྱི་རྒྱལ་ས་ལྷ་ས་རུ་དྲིལ་བསྒྲགས་བྱས་ཡོད་པ་དང་། དོན་ཚན་དེ་དག་གི་ནང་དུ་ལོ་བཅོ་བརྒྱད་ཡན་ཡིན་དགོས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གང་དུ་གནས་སྡོད་བྱས་པའི་གཏན་ཁེལ་དུས་ཡུན་མི་དགོས་པ། ཁྱིམ་ཐོ་འགོད་པར་ཆ་རྐྱེན་གྱི་ཚད་བཀག་མེད་པར་གང་འདོད་ཀྱིས་ས་ཆ་འདེམས་ཆོག་པ། གྲོང་ཁྱེར་ནས་ཡུལ་གཞན་དང་ཡུལ་གཞན་ནས་གྲོང་ཁྱེར་དུ་གཞིས་ཆགས་མཁན་རྣམས་ལ་གནས་སྤོས་དབུལ་སྐྱོར་གྱི་རོགས་རམ་ཡོད་པ། ལྷ་སར་གཞིས་ཆགས་པར་ཁྲིམས་མཐུན་གྱི་གཏན་འཇགས་སྡོད་གནས་དང་ལས་ཞུགས་བརྟན་པོ་དགོས་པའི་གཞི་རྩའི་ཆ་རྐྱེན་སོགས་གང་ཡང་མི་དགོས་པ་བཅས་གང་ལ་གང་འདོད་དུ་ཁྱིམ་ཐོ་བཀོད་ནས་གཞིས་ཆགས་པ་དང་གཞིས་སྤོས་ཆོག་གི་ཡོད་པ་མ་ཟད། ལྷ་སར་ཚོང་ལས་ཀྱི་སླད་དུ་གནས་བཞིན་པའི་ལྷ་སའི་ཉེ་འཁོར་གྱི་གྲོང་གསེབ་ཁག་གི་མི་མང་གིས་གྲོང་གསེབ་ཀྱི་ཁྱིམ་ཐོ་བློས་གཏོང་བྱས་ནས་ལྷ་སར་ཁྱིམ་ཐོ་འགོད་པ་འམ། ཡང་ན་ལྷ་སའི་ཁྱིམ་ཐོ་གྲོང་གསེབ་དུ་གནས་སྤོར་དགོས་པ་སོགས་ཁྱིམ་ཐོ་གཅིག་ལས་ལྷག་ཉར་མི་ཆོག་པར་བཟོས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༤ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese