མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བརྒྱུད་ནང་བསྟན་དམར་ཤོག་ཅན་དུ་བསྒྱུར་བར་སྔར་ལས་ཤུགས་སྣོན་དགོས་པའི་སྐུལ་མ་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གྱིས་རྒྱལ་མཚན་ནོར་བུ་ལགས་སུ་རྒྱ་ནག་དམར་ཤོག་ཚོགས་པས་གསོ་སྐྱོང་བྱས་པ་དང་བརྩི་བཀུར་སོགས་ཆུད་ཟོས་སུ་མི་གཏོང་བར་བོད་བརྒྱུད་ནང་བསྟན་དམར་ཤོག་ཅན་དུ་བསྒྱུར་བར་སྔར་ལས་ཤུགས་རྒྱག་དགོས་སྐོར་བརྗོད་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཡེའུ་ཆོན་ཟེར་བ་ཞིག་གིས། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལགས་སུ་ཆེད་དུ་ཐུག་འཕྲད་བྱས་ཏེ། པཎ་ཆེན་རྒྱལ་མཚན་ནོར་བུ་ལགས་ཀྱིས་དམར་ཤོག་གི་གསོ་སྐྱོང་སོགས་ཆུད་ཟོས་སུ་མི་གཏོང་བར་རྒྱལ་གཅེས་ཆོས་གཅེས་ཟེར་བ་སོགས་ལག་བསྟར་དོན་འཁྱོལ་ཡོང་བར་སྔར་ལས་ནུས་པ་འདོན་དགོས་སྐོར་བརྗོད་ཡོད་འདུག

དེ་ཡང་རྒྱ་ནག་གཞུང་ཕྱོགས་ཀྱིས་སྤེལ་བའི་གསར་འགྱུར་ནང་དུ། ཡེའུ་ཆོན་ཟེར་བ་དེས་པཎ་ཆེན་རྒྱལ་མཚན་ནོར་བུ་ལགས་ནས་རྒྱ་ནག་ནག་དམར་ཤོག་ཚོགས་པའི་ལོ་བརྒྱའི་ལོ་རྒྱུས་སྦྱངས་ཏེ། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གི་སྲོག་ཤིང་བྱས་པར་སྲུང་སྐྱོབ་དང་། དམར་ཤོག་ཚོགས་པའི་གཅིག་སྡུད་དབང་ཆར་སྲུང་སྐྱོབ་ཟེར་བ་སྲ་བརྟན་གཏང་དགོས་པ་དང་། བོད་རྒྱ་བསྒྱུར་གྱི་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སྲིད་ཇུས་ཀྱི་ཐད་ལ་བསྐུལ་མ་གཏོང་དགོས་སྐོར་སོགས་བརྗོད་དེ། རྒྱ་ནག་དམར་ཤོག་ཚོགས་པས་གསོ་སྐྱོང་བྱས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་བརྩི་བཀུར་སོགས་ཆུད་ཟོས་སུ་གཏོང་རྒྱུ་མེད་སྐོར་བརྗོད་ཡོད་སྐོར་བཀོད་འདུག

སྐབས་དེར་པཎ་ཆེན་རྒྱལ་མཚན་ནོར་བུ་ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པར་མཐའ་གཅིག་དུ་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། བོད་བརྒྱུད་ནང་བསྟན་དམར་ཤོག་ཅན་དུ་བསྒྱུར་རྒྱུ་རྒྱུན་སྐྱོང་བྱས་ཏེ་གྲུབ་འབྲས་གསར་པ་ཞིག་དབུལ་རྒྱུ་ཡིན་ལུགས་བརྗོད་ཡོད་སྐོར་བྲིས་འདུག

ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་མཛད་པའི་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཡབ་ཡུམ་སྐུ་འཁོར་དང་བཅས་བཙན་འཁྲིད་བྱས་ཡོད་པ་མ་ཟད། བོད་ཀྱི་བླ་མ་ཁག་ཅིག་བསྐོངས་ཏེ་ལྷ་སའི་གཙུག་ལག་ཁང་དུ་པཎ་ཆེན་ཡང་སྲིད་དུ་རྒྱལ་མཚན་ནོར་བུ་ལགས་ངོས་འཛིན་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༡༢ ཚེས་ ༨ ཉིན་གདན་ས་བཀྲ་ཤིས་ལྷུན་པོ་དགོན་དུ་ཁྲི་འདོན་བྱས། རྒྱ་ནག་གཞུང་གིས་སོ་སོའི་དགོས་མཁོ་ལྟར་ཁོང་བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད་བཅས་ཀྱི་ཐོག་ལག་ཆ་ཞིག་ཏུ་བྱེད་སྤྱོད་གཏོང་བཞིན་ཡོད་པ་རེད། 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

ཆུ་ཚོད་ ༣ སྔོན་ལ།
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

ཆུ་ཚོད་ ༤ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese