མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུས་ཡུ་ཀེ་རེན་ལ་དྲག་པོའི་བཙན་འཛུལ་དངོས་སུ་མགོ་བརྩམས།

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཨུ་རུ་སུའི་དྲག་པོའི་དམག་དཔུང་གིས་ཡུ་ཀེ་རེན་གྱི་བྱང་ཕྱོགས་སུ་ཡོད་པའི་རྒྱལ་ས་དང་མཐའ་མཚམས་གྲོང་ཁྱེར་ཁག་གཉིས་སུ་བཙན་འཛུལ་བྱས་ཏེ་དམག་འཐབ་འཁོར་ལོ་གཏོར་རྒོལ་བཏང་བ་དང་ཉུང་མཐར་མི་གྲངས་ ༡༠ གྲངས་ཤིག་ལ་ཤི་རྨས་བྱུང་ཡོད་སྐོར་བསྒྲགས་འདུག

ཉེ་ལམ་ཨུ་རུ་སུའི་སྲིད་འཛིན་པུ་ཀྲིན་གྱིས། ཨུ་རུ་སུས་ཡུ་ཀེ་རེན་གྱི་མཐའ་མཚམས་དམག་མི་ཕྱིར་འཐེན་བྱས་ཏེ་བཙན་འཛུལ་བྱེད་འཆར་མེད་སྐོར་བསྒྲགས་ཡོད་ཀྱང་། དེ་རིང་ཞོགས་པར་ཨུ་རུ་སུའི་དམག་དཔུང་དང་འཐབ་འཛིང་རླངས་འཁོར་མང་པོ་ཡུ་ཀེ་རེན་གྱི་བྱང་ཕྱོགས་སུ་བཙན་འཛུལ་བྱས་ཡོད་པ་མ་ཟད། ཡུ་ཀེ་རེན་གྱི་བྱང་ཕྱོགས་སུ་ཡོད་པའི་རྒྱལ་ས་ཀིབ་ (Kyiv) དང་གྲོང་ཁྱེར་ (Dnipro)། དེ་བཞིན་གྲོང་ཁྱེར་ (Kharkiv)ནང་ཡོད་པའི་དམག་སྤྱིའི་ལས་ཁུངས་དང་གནམ་ཐང་། དམག་གི་མཛོད་ཁང་སོགས་ལ་འབར་རྫས་གཡུགས་ཏེ་གཏོར་རྒོལ་བཏང་ཡོད་ལུགས་དང་། ཉུང་མཐར་མི་ ༧ ལྷག་དམར་གསོད་དང་མི་ ༡༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

ཡུ་ཀེ་རེན་གྱི་སྲིད་འཛིན་ཝོ་ལོ་ཌི་མིར་ཛེ་ལེན་སི་ཀི་ (Volodymyr Zelensky) ཡིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། པུ་ཀྲིན་གྱིས་ཡུ་ཀེ་རེན་ནང་བཙན་འཛུལ་བྱེད་མགོ་བརྩམས་ཏེ། ཡུ་ཀེ་རེན་གྱི་ས་ཁུལ་དུ་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱས་དང་བྱེད་མུས་ཡིན་སྐོར་དང་། ཡུ་ཀེ་རེན་གྱིས་སྟོབས་ཤུགས་ཅན་དང་གནད་དོན་གང་ཞིག་ལ་འཕྲད་ཀྱང་གྲ་སྒྲིག་ཨང་གསར་ཡོད་ལ། གཞན་ཕམ་ཉེས་སུ་གཏང་རྒྱུ་ཡིན་སྐོར་དང་། ཡུ་ཀེ་རེན་གྱི་མཐའ་མཚམས་ཁུལ་དུ་ཨུ་རུ་སུའི་དཔུང་དམག་འབུམ་ ༢ ཙམ་དང་། དམག་འཐབ་རླངས་འཁོར་གཅིག་སྟོང་ཙམ་གྲ་སྒྲིག་ཡོད་པ་མ་ཟད། ཡུ་ཀེ་རེན་གྱི་དམག་མིའི་རྨང་གཞིའི་འཛུགས་སྐྲུན་དང་མཐའ་མཚམས་སྲུང་སྐྱོབ་ཐད་ཐེ་ཇུས་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག

དེ་རིང་གི་ཨུ་རུ་སུའི་བཙན་འཛུལ་དེར་ཨ་རིའི་སྲིད་འཛིན་བྷའེ་ཌན་མཆོག་གིས། ཨུ་རུ་སུས་དྲང་བདེན་མེད་པའི་བཙན་འཛུལ་བྱས་ཏེ་མི་མང་གིས་དཀའ་སྡུག་མྱོང་བཞིན་ཡོད་པར་བརྟེན། ཁོང་གིས་ཡུ་ཀེ་རེན་མི་མང་གི་ཆེད་དུ་སྨོན་ལམ་རྒྱག་བཞིན་ཡོད་སྐོར་དང་། ཝ་ཤིང་ཊོན་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་བཙན་རྒོལ་ལ་མཉམ་རུབ་ཀྱི་ཐག་གཅོད་བརྒྱུད་ཡ་ལན་སློག་གི་ཡིན། ཞེས་དང་། སྲིད་འཛིན་པུ་ཀྲིན་གྱིས་སྔོན་ཚུད་ནས་དམག་བརྒྱག་རྒྱུའི་འཆར་གཞི་ངན་པ་ཡོད་པ་དེས། མིའི་ཚེ་སྲོག་ཤོར་བ་སོགས་རྐྱེན་ངན་གང་བྱུང་གི་འགན་འཁྲི་ཡོངས་རྫོགས་ཨུ་རུ་སུས་ལེན་དགོས་རེད། ཅེས་གསུངས་འདུག

ཡུ་རོབ་ལྷན་ཚོགས་ (European Commission) ཀྱི་ཚོགས་གཙོ་ལྕམ་ཨར་སེ་ལ་ཝན་ཌེར་ལེ་ཡན་ (Ursula von der Leyen) ལགས་ཀྱིས། ཡུ་རོབ་ལྷན་ཚོགས་ཀྱིས་ཡུ་ཀེ་རེན་ལ་རྒྱབ་སྐྱོར་ཡོད་པ་དང་། ཨུ་རུ་སུའི་དམག་མི་རྣམས་ངེས་པར་དུ་ཕྱིར་ལོག་བྱ་དགོས་སྐོར་བབསྒྲགས་འདུག  དེ་བཞིན་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སི་ཇོན་སོན་ (Boris Johnson) ལགས་ཀྱིས་སྲིད་འཛིན་པུ་ཀྲིན་གྱིས་ཡུ་ཀེ་རེན་ནང་མི་གསོད་ཁྲག་སྦྱོར་དང་གཏོར་བཤིག་གི་ལམ་ནས་བཙན་རྒོལ་བྱེད་མགོ་བརྩམས་པའི་ཛ་དྲག་གི་དོན་རྐྱེན་བྱུང་བར་སེམས་འཚབ་ཡོད་སྐོར་དང། ཁོང་གིས་ཡུ་ཀེ་རེན་གྱི་སྲིད་འཛིན་དང་ལྷན་དུ་ཡ་ལན་ཇི་ལྟར་བྱ་དགོས་པའི་སྐོར་དང་། དབྱིན་ཡུལ་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཐག་གཅོད་ཅི་དགོས་ཐད་གླེང་སློང་བྱུང་ཡོད་སྐོར་བརྗོད་འདུག

ད་ལྟ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དམག་དཔུང་མང་པོ་ཞིག་ཡུ་ཀེ་རན་ནང་དུ་འཛུལ་ཡོད་པ་དང་། ཡུ་ཀེ་རེན་གྱི་གྲོང་ཁྱེར་ཁག་ཏུ་མེ་ཤུགས་འཕུར་མདའ་གཡུགས་ཡོད་སྟབས། ད་བར་དུ་ཉུང་མཐར་མི་གྲངས་ ༧ གྱི་ཚེ་སྲོག་ཤོར་ཡོད་ཀྱང་། ཡུ་ཀེ་རེན་གྱི་དམག་དཔུང་གིས་ (Kherkakiv) གྲོང་ཁྱེར་གྱི་ཤར་ཕྱོགས་ནས་ཨུ་རུ་སུའི་འཐབ་འཁོར་(tank) བཞི་ཙམ་གཏོར་རྒོལ་བཏང་སྟེ་དམག་མི་ ༥༠ ཙམ་བསད་ཡོད་ལུགས་དང་། གནམ་གྲུ་སོགས་གཏོར་རྒོལ་བྱས་ཡོད་སྐོར་སོགས་བསྒྲགས་འདུག ད་དུང་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཡུ་ཀེ་རེན་གྱི་དམག་མི་ ༥ ཨུ་རུ་སུའི་མཐའ་མཚམས་སུ་འཛུལ་ཡོད་པའི་ནག་ཉེས་འཛུགས་ཏེ་དམག་མི་དེ་དག་བསད་ཡོད་ཚུལ་བརྗོད་འདུག་པ་དེར། ཡུ་ཀེ་རེན་གྱི་ཕྱི་སྲིད་བློན་ཆེན་གྱིས། ཡུ་ཀེ་རེན་གྱིས་དམག་མི་གཅིག་ཀྱང་ཨུ་རུ་སུའི་མཐའ་མཚམས་སུ་ཕྱིན་མེད་པ་དང་དམག་མི་གཅིག་ཀྱང་འདས་གྲོངས་སུ་ཕྱིན་མེད་སྐོར་བརྗོད་འདུག

འདས་པའི་ཟླ་བཞིའི་ནང་ཨུ་རུ་སུ་དང་ནུབ་གླིང་རྒྱལ་ཁབ་ཀྱི་མགོ་ཁྲིད་དབར་གྲོས་མོལ་རིམ་པ་བྱས་ཏེ་ཡུ་ཀེ་རེན་གྱི་དཀའ་རྙོག་སེལ་ཐབས་དང་། ཕྱོགས་གཉིས་ཀྱི་གནས་སྟངས་ཞི་འགྲིག་ཡོང་ཐབས་བྱས་ཡོད་ནའང་ལམ་ལྷོངས་མ་སོང་བར་ཨུ་རུ་སུས་ཡུ་ཀེ་རེན་གྱི་བྱང་ཕྱོགས་སུ་ཡོད་པའི་རང་གི་མཐུན་གྲོགས་རྒྱལ་ཁབ་བྷེ་ལེ་རུ་སི་ (Belarus) དང་། ཕྱི་ལོ་ ༢༠༡༤ ལོར་ཡུ་ཀེ་རེན་གྱི་ས་ནས་བཙན་འཕྲོག་བྱས་ཏེ་རང་ཁོངས་སུ་བཅུག་པའི་ཁེ་རེ་མི་ཡ་ (Crimea) ཁུལ་དུ་དཔུང་དམག་གྲ་སྒྲིག་བྱས་ཏེ་སེམས་འཚབ་ཀྱི་གནས་སུ་བསླེབས་པར་བརྟེན། ཨ་རི་དང་རྒྱ་གར་སོགས་འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་ཡུ་ཀེ་རེན་དུ་ཡོད་པའི་རང་གི་གཞུང་འབྲེལ་མི་སྣ་དང་མི་སེར་དཀྱུས་མ་རྣམས་ཕྱིར་ཐོན་དགོས་པའི་ལམ་སྟོན་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༡༤ ཙམ་ནས་ཨུ་རུ་སུ་དང་ཡུ་ཀེ་རེན་གྱི་དཀའ་རྙོག་དེ་རྒྱལ་སྤྱིའི་དཀའ་རྙོག་ཅིག་ཏུ་གྱུར་ཏེ། ལོ་དེའི་ནང་ཧྥ་རན་སི་དང་འཇར་མ་ནི་གཉིས་ཀྱིས་གཟུ་དཔང་བྱས་ཏེ་ཡུ་ཀེ་རེན་དང་། ཨུ་རུ་སུ། ཡུ་རོབ་ཀྱི་བདེ་སྲུང་དང་མཉམ་ལས་སྒྲིག་འཛུགས་ (OSCE) དབར་ལ་མིན་སི་ཀི་གྲོས་ཆོད་ (Minsk Agreement) ཅེས་པའི་གྲོས་ཆོད་ཐེངས་གཉིས་བཞག་ཡོད་ནའང་། ཕྱོགས་གཉིས་ཀས་གྲོས་ཆོད་ཀྱི་དགོངས་དོན་རྡོག་རོལ་བཏང་བའི་རྐྱེན་གྱིས་ད་བར་ཡུ་ཀེ་རེན་གྱི་དཀའ་རྙོག་དེ་སེལ་ཐུབ་མེད་པ་རེད།

ཕྱི་ལོ་ ༡༩༩༡ ལོར་ཨུ་རུ་སུ་མཉམ་འབྲེལ་དུམ་བུར་འཐོར་ཏེ་སྤྱི་མཐུན་རྒྱལ་ཁབ་གསར་པ་མང་པོར་གྱུར་ཡོད་ནའང་། དེ་དག་ཕལ་ཆེ་བ་ཨུ་རུ་སུའི་ཕྱོགས་སུ་མ་བསྡད་པར་ཡུ་རོབ་ཀྱི་ཕྱོགས་གཏོགས་ལྟ་བུར་གྱུར་བ་མ་ཟད། ཨུ་རུ་སུ་མཉམ་འབྲེལ་ནུབ་བརྒྱུད་རྒྱལ་ཕྲན་ཕལ་ཆེ་བ་ཡུ་རོབ་མཐུན་ཚོགས་ནང་ཞུགས་ཏེ། ཨུ་རུ་སུའི་ཤུགས་རྐྱེན་ཇེ་ཉུང་དང་ནུབ་གླིང་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་སྐབས་དེར། ཨུ་རུ་སུས་ཨ་རིའི་ཤུགས་རྐྱེན་རང་གི་སྒོ་རྩར་ཐོན་རྒྱུར་བཀག་འགོག་ཆེད་ཐབས་ཇུས་ཡོད་རྒུ་བཙལ་ཡོད་ཅིང་། ཡུ་ཀེ་རེན་ནི་ཨུ་རུ་སུའི་ཕྱི་འབྲེལ་དང་རྒྱལ་སྲུང་སྲིད་ཇུས་ཀྱི་ལྟེ་བ་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese