མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕུའུ་ཁྲིན་དམག་འཁྲུག་འདི་ལས་ཕམ་ཟིན་ཚུལ།

བོད་ཀྱི་དུས་བབ།
༢༠༢༢/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཡུའུ་ཝལ་ནོ་ཧཱ། ཧཱ་རའ་རས་བརྩམས། ཨ་འབྲུག་དཀོན་མཆོག་གིས་བོད་ཡིག་ཏུ་ཕབ་སྒྱུར་བྱས།

ར་ཤི་ཡས་ཡུའུ་ཁུ་རན་ལ་མུ་མཐུད་གཏོར་རྒོལ་བྱ་ངེས་ནའང་ཡུའུ་ཁུ་རན་གྱིས་དེ་ལ་མགོ་བོ་མི་སྒུར་བར་གདོང་ལེན་བྱ་རྒྱུ་ཡིན་པ་འདས་པའི་ཉིན་ཤས་རིང་ནས་བསྟན་ཟིན་ཡོད།

Members of an Ukrainian civil defence unit pass assault rifles to the opposite side of a blown-up bridge on Kyiv’s northern front, 1 March. Photograph: Aris Messinis/AFP/Getty Images

བདུན་གཅིག་མ་འགོར་བའི་རིང་གི་གཡུལ་འགྱེད་ནང་ཕུའུ་ཁྲིན་ནི་ལོ་རྒྱུས་རང་བཞིན་གྱི་ཕམ་ཉེས་སུ་མངོན་པར་ཕྱོགས་ཡོད། ཁོང་འཐབ་འཁྲུག་ཡོངས་ཀྱི་ནང་རྒྱལ་སོང་བའི་དབང་དུ་བཏང་ནའང་། ད་དུང་ཁོ་བ་གཡུལ་འཁྲུག་འདི་ལས་ཕམ་ཡོད།ར་ཤི་ཡའི་རྒྱལ་ཁམས་བསྐྱར་འཛུགས་ལ་ཕྱོགས་པའི་ཕུའུ་ཁྲིན་གྱི་རྨི་ལམ་དེ་ནི། ཁ་ཡ་ཝི་དང་ཀར་ཀེབ། ལཱ་བེ་བི་སོགས་ཀྱི་མི་མང་ནི་(Moscow)མོ་སུ་ཁོ་ཡི་དབང་འོག་ཏུ་ལོ་ངོ་དུ་མའི་རིང་ནས་ཡོད་པ་ཞིག་དང་། ཡུའུ་ཁུ་རན་ནི་མི་རིགས་ཤིག་མིན་པ། ཡུའུ་ཁུ་རན་ནི་རྒྱལ་ཁབ་ཅིག་ཀྱང་མིན་པའི་རྫུན་གཏམ་ལ་གཞི་བཅོལ་བ་ཞིག་རེད། དེ་ནི་ཁྱོན་ཡོངས་ནས་རྫུན་གཏམ་ཆེན་པོ་ཞིག་སྟེ། ཡུའུ་ཁུ་རན་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ལ།མོ་སུ་ཁོ་གྲོང་གསེབ་ཅིག་ཏུ་མ་ཆགས་པའི་སྐབས་ནས་ཀེ་ཡ་ཝི (Kyiv)་ནི་གྲོང་ཁྱེར་གཙོ་བོ་ཞིག་ཏུ་འཕེལ་རྒྱས་བྱུང་ཟིན་ཡོད། འོན་ཀྱང་ར་ཤི་ཡའི་གཞུང་ཕྱོགས་ནས་རྫུན་གཏམ་འདི་ཐེངས་མང་བཟླས་བཟླས་པས་ད་ཆ་ཁོ་རང་གིས་དེར་ཡིད་ཆེས་བྱེད་ཀྱིན་པ་རེད།

ཕུའུ་ཁྲིན་གྱིས་ཡུའུ་ཁུ་རན་ལ་བཙན་འཛུལ་བྱེད་པའི་འཆར་གཞི་འདིང་བཞིན་པའི་སྐབས་ནས་གནད་དོན་མང་པོ་ཞིག་ཤེས་ཡོད། ཁོས་ཡུའུ་ཁུ་རན་ལ་ར་ཤི་ཡ་ལས་དམག་སྟོབས་ཆུང་བ་ཤེས་ཡོད། ཁོས་བྱང་ཆིངས་སྒྲིག་འཛུགས་ཀྱིས་ཡུའུ་ཁུ་རན་ལ་དམག་རོགས་མི་བྱེད་པ་ཤེས་ཡོད། ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་སྣུམ་དང་རླངས་རྫས་ཀྱི་ཐོག་ནས་ར་ཤི་ཡ་ལ་བརྟེན་དགོས་པ་དང་། འཇར་མན་ལྟར་ནུས་ལྡན་ཆད་འགེལ་ལ་ཐེ་ཚོམ་བྱེད་པ་ཤེས་ཡོད། ཁོས་ཤེས་རྟོགས་འདི་དག་ལ་གཞི་བཅོལ་ནས་ཡུའུ་ཁུ་རན་ལ་བཙན་འཛུལ་བྱས་པ་དང་། ད་ལྟའི་གཞུང་གི་མགོ་རྟིང་བསློག་ཅིང་། ཁེ་ཡ་ཝིར་ར་ཤི་ཡའི་ཐག་སྒུལ་འདྲ་གཟུགས་སུ་གྱུར་བའི་སྲིད་གཞུང་བཙུགས་ནས་ནུབ་ཕྱོགས་པའི་ནུས་སྟོབས་ཕྱིར་འབུད་གཏོང་རེ་བྱས་ཡོད།

འོན་ཀྱང་འཆར་གཞི་འདིའི་ཁྲོད་ནས་ཤེས་རྟོགས་མ་ཐུབ་པ་ཆེན་པོ་ཞིག་ཡོད། ཨ་མེ་རི་ཁས་ཨེ་རཀ་ཁུ་དང་ར་ཤི་ཡའི་མཉམ་འབྲེལ་གྱིས་ཨབ་གྷན་དྲག་འདུལ་བྱ་རྒྱུ་ལས་རྒྱལ་ཁབ་དེ་ཚོ་དབང་སྒྱུར་མུ་མཐུད་བྱེད་རྒྱུ་ལས་སྟབས་བདེ་ཡིན་པའི་དོན་དངོས་དེ་རེད། ཕུའུ་ཁྲིན་གྱིས་ཁོ་ལ་ཡུའུ་ཁུ་རན་དྲག་འདུལ་བྱེད་པའི་སྟོབས་ཤུགས་ཡོད་པ་ཤེས་ཡོད། འོན་ཀྱང་ཡུའུ་ཁུ་རན་མི་མང་གིས་སྟབས་བདེ་བོའི་ཐོག་ནས་རང་ཉིད་མོ་སུ་ཁོ་ཡི་ས་གནས་སྲིད་གཞུང་ཞིག་ཏུ་ངོས་ལེན་བྱེད་དམ། ཕུའུ་ཁྲིན་གྱིས་དེ་ལྟར་བྱེད་ངེས་པའི་ཚོད་རྩིས་བྱས་ཡོད། ཁོས་ཡུའུ་ཁུ་རན་ནི་དོན་དམ་པའི་རྒྱལ་ཁབ་ཅིག་མིན་པ་དང་། ཡུའུ་ཁུ་རན་པ་ནི་དོན་དངོས་ཀྱི་མི་རིགས་ཤིག་མིན་ཚུལ་དེ་ཡང་ནས་ཡང་དུ་བཤད་ནས་མི་ཚང་མས་ཁོ་བར་ཉན་པའི་རེ་བ་འཆང་ཡོད།ཕྱི་ལོ་ ༢༠༡༤ ལོར་སེར་མས་ཨཱ་(Crimea)་མི་མང་ལ་ར་ཤི་ཡས་བཙན་འཛུལ་བྱེད་པར་དཀའ་ཁག་ཆེན་པོ་བྱུང་མེད་ན། ཕྱི་ལོ་༢༠༢༢ ལོར་དེ་དང་མ་འདྲ་བ་ཞིག་གང་ནས་ཡོང་ངམ།

ཉི་མ་མ་རེ་བཞིན་དུ་ཕུའུ་ཁྲིན་གྱི་ཚོད་རྩིས་དེ་ཕམ་ཉེས་འབྱུང་བཞིན་པ་གསལ་བོར་འགྱུར་བཞིན་ཡོད།ཡུའུ་ཁུ་རན་མི་མང་གིས་སེམས་ཐག་གཙང་བཅད་ཀྱིས་འཐབ་རྒོལ་བྱེད་བཞིན་པར། རྒྱལ་སྤྱིའི་ཁྱོན་ནས་ཆེ་མཐོང་གི་ངོས་ནས་རྒྱལ་བཞིན་ཡོད། དམག་འཐབ་ཀྱི་ངོས་ནས་རྒྱལ་བཞིན་ཡོད། རྫུན་གྱིས་ཁེངས་པའི་ཉི་ནག་མང་པོ་ཞིག་བརྒྱུད་བཞིན་དུ་ར་ཤི་ཡས་ད་དུང་ཡུའུ་ཁུ་རན་ཡོངས་རྫོགས་དྲག་འདུལ་བྱས་པའི་དབང་དུ་ཐོངས། ར་ཤི་ཡས་ཡུའུ་ཁུ་རནཡོངས་རྫོས་བཟུང་ཞིང་ཡུའུ་ཁུ་རན་མི་མང་གིས་དེར་ངོས་ལེན་བྱས་སོང་ན་གཡུལ་འཐབ་འདི་ལས་རྒྱལ་སོང་པ་རེད་མོད། འཕེལ་ཕྱོགས་ལ་བལྟས་ཡོང་ན་དེ་ལྟ་བུ་ཞིག་འབྱུང་ངེས་མི་འདུག

ར་ཤི་ཡའི་འཐབ་འཁོར་རེ་རེ་བཞིན་གཏོར་ཐེངས་རེ་དང་།ཪ་ཤི་ཡའི་དམག་མི་རེ་རེ་བཞིན་གསོད་ཐེངས་རེར་ཡུའུ་ཁུ་རན་ཚོར་འགོག་རྒོལ་གྱི་སྙིང་སྟོབས་འཕེལ་བཞིན་ཡོད་ཅིང་། ཡུའུ་ཁུ་རན་པ་རེ་རེ་གསོད་ཐེངས་རེ་ལ་ཡུའུ་ཁུ་རན་ཚོ་བཙན་འཛུལ་པར་འཁོན་སེམས་ཆེ་རུ་འགྲོ་བཞིན་ཡོད། ཞེ་འཁོན་ནི་ཆེས་མི་ལེགས་པའི་སེམས་ཚོར་ཞིག་ཡིན་མོད། རྒྱལ་ཁབ་ལ་གཉའ་གནོན་བྱེད་པོར་འཁོན་སེམས་འཆང་བ་ནི་སྦས་པའི་གཏེར་ཁ་ཞིག་སྟེ། སེམས་པའི་གཏིང་ལ་སྦས་པའི་མི་རབས་རིམ་བརྒྱུད་ཀྱི་རྒོལ་ཤུགས་སུ་གྱུར་ཡོད།

ཕུའུ་ཁྲིན་གྱིས་ཪ་ཤི་ཡའི་རྒྱལ་ཁམས་བསྐྱར་གསོ་ལ་ཁྲག་བཞུར་མི་དགོས་པའི་འབྲེལ་བ་དང་འཁོན་སེམས་མ་ཞུགས་པའི་སྒོ་ནས་བདག་བཟུང་བྱ་དགོས་ནའང་། ཡུའུ་ཁུན་རན་པའི་ཁྲག་གི་བཞུར་རྒྱུན་མང་ནས་མང་དུ་འགྲོ་བཞིན་པ་དང་འགྲོགས་ནས་ཕུའུ་ཁྲིན་གྱི་རྨི་ལམ་དེ་དོན་དངོས་སུ་མི་འགྱུར་བར་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་ཡོད། ཤི་ཟིན་པའི་ར་ཤི་ཡའི་རྒྱལ་ཁམས་ཀྱི་དུར་བྱང་ངོས་སུ་(Gorbachev)གྷོ་ཨར་པ་ཅོབ་ཀྱི་མཚན་བྱང་མི་འབྲི་བར་(Putin)ཕུའུ་ཁྲིན་གྱི་མིང་ཡིག་འགོད་པར་འགྱུར། གྷོ་ཨར་པ་ཅོབ་ཀྱིས་ར་ཤི་ཡ་དང་ཡུའུ་ཁུ་རན་གཉིས་ལ་སྤུན་ཟླའི་ཚོར་བ་འབྱུང་དུ་བཅུག་པ་ཕུའུ་ཁྲིན་གྱིས་དགྲ་ཟླའི་ངོ་བོར་བསྒྱུར་ཡོད་པས། ད་ནས་བཟུང་སྟེ་ཡུའུ་ཁུ་རན་རྒྱལ་ཁབ་ནི་ར་ཤི་ཡའི་ཁ་གཏད་དུ་འགྱུར་གཏན་ཁེལ་ཡོད།

རྒྱལ་ཁབ་ནི་རྩ་བའི་ཆ་ནས་བྱུང་རབས་ཀྱི་སྟེང་ནས་བཙུགས་པ་ཞིག་ཡིན།ཉི་མ་རེ་རེ་བཞིན་བྱུང་རབས་མང་དུ་འགྲོ་བཞིན་པ་དག་ཡུའུ་ཁུ་རན་གྱིས་མུན་པའི་དུས་སྐབས་འདི་དག་ཏུ་མ་ཟད་འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་དང་། མི་རབས་དུ་མའི་རིང་འཆད་ངེས་ཡིན། ཡུའུ་ཁུ་རན་གྱི་སྲིད་འཛིན་རྒྱལ་ས་ནས་འབྲོ་རྒྱུ་ལས་ལྡོག་ཏེ་ཨ་རིའི་གཞུང་ལ“་ང་ལ་གོ་མཚོན་དགོས་པ་ལས་བཞོན་པ་མི་དགོས་”ཞེས་པ་དང་། སྦྲུལ་གླིང་(Snake Island) ནས་བྱུང་བའི་དམག་མིས་ར་ཤི་ཡའི་འཐབ་གྲུ་བར་དམོད་ཚིག་གིས་ཕྱིར་སྤྲོད་བྱས་པ། སྤྱི་དམངས་དཀྱུས་མ་ཚོ་ར་ཤེ་ཡའི་འཐབ་འཁོར་གྱི་ཁ་གཏད་དུ་ལངས་ནས་འཁོར་ལམ་བཀག་པ་འདི་དག་ནི་རྒྱལ་ཁབ་ཅིག་འཛུགས་པའི་རྨང་རྡོ་རེད། རྒྱང་རིང་ས་ནས་བཤད་ན་བྱུང་བ་འདི་དག་ལ་འཐབ་འཁོར་ལས་ལྷག་པའི་དོན་སྙིང་ལྡན་ཡོད།

ར་ཤི་ཡའི་དྲག་པོའི་དབང་འཛིན་པ་དང་གཞན་དག་ཚང་མས་ངེས་པར་ཤེས་དགོས་པ་ཞིག་སྟེ། ལོ་ཆུང་བྱིས་པ་ཞིག་གི་ངོས་ནས་ (Leningrad)ལེ་ནིང་གྷ་སྒྲིར་བཙན་འཛུལ་སྐབས་འཇར་མན་པའི་དྲག་རྩུབ་ལ་ར་ཤི་ཡས་བཙན་རྒོལ་བྱས་པའི་དཔའ་སྒྲུང་འོག་འཚར་ལོངས་བྱུང་བའི་ཁོ་བ་རང་ཉིད་ཀྱིས་དེ་འདྲའི་གཏམ་རྒྱུད་བསྐྲུན་ཏེ་རང་ཉིད་ཧི་ཌི་ལར་གྱི་བྱ་སྤྱོད་དུ་འཇུག་མཁན་ངོ་མ་ཞིག་ཏུ་གྱུར་འདུག

ཡུའུ་ཁུ་རན་གྱི་དཔའ་བརྟུལ་གྱི་ལོ་རྒྱུས་འདི་དག་གིས་ཡུའུ་ཁུ་རན་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ལ་སྙིང་སྟོབས་བསྐྱེད་ཡོད། ཁོང་ཚོས་ཡུ་རོབ་ཀྱི་རྒྱལ་ཁབ་ཚོ་དང་། ཨ་རིའི་གཞུང་། ཐ་ན་གཞུང་དང་ལྡོག་ཕྱོགས་སུ་ལངས་པའི་ར་ཤེ་ཡའི་མི་མང་བཅས་ལ་སྤོབས་པ་སྦྱིན་ཡོད། ཡུའུ་ཁུ་རན་གྱིས་ལག་སྟོང་དུ་འཐབ་འཁོར་ལ་ཁ་གཏད་བཅག་པའི་དབང་གིས་འཇར་མན་གྱིས་འཐབ་འཁོར་ལྡོག་མཚོན་དང་། ཨ་རིའི་གཞུང་གིས་ར་ཤི་ཡ་སི་བེ་ཧྥི་ཏྲི་ (Swift)ནས་ཕྱིར་འདོན། ར་ཤི་ཡའི་མི་མང་གིས་གཞུང་ལ་ངོ་རྒོལ་བཅས་བྱས་ནས་བྱུང་རྒྱུལ་དུ་བསླང་བའི་དམག་འཁྲུག་འདིའི་ཁ་གཏད་དུ་ལངས་ཡོད།

ང་ཚོ་ཚང་མས་གདོང་ལེན་གྱི་ནུས་ཤུགས་འདོན་ཐུབ། དེ་ཡང་ཞལ་འདེབས་སྤྲད་པའི་ཐོག་ནས་དང་། སྐྱབས་བཅོལ་པར་སྣེ་ལེན་བྱས་པའི་ཐོག་ནས། ཡང་ན་དཀའ་སྡུག་ལ་དྲ་ལམ་བརྒྱུད་རོགས་རམ་བྱས་པའི་ཐོག་ནས་ཀྱང་བྱེད་ཆོག ཡུའུ་ཁུ་རན་ལ་འབྱུང་བཞིན་པའི་དམག་འཁྲུག་འདིས་མ་འོངས་པའི་འཛམ་གླིང་ཡོངས་ལ་ཁྱད་འགྱུར་གཏོང་ངེས། གལ་ཏེ་བཙན་ཤེད་དང་དྲག་གནོན་གྱི་རྒྱལ་ཁ་ངོས་ལེན་བྱས་ན་དེའི་མཇུག་འབྲས་ཀྱིས་ང་ཚོ་ཡོངས་རྫོགས་སྡུག་ལ་སྦྱོར་ངེས་ཡིན། ད་ནི་ལྟད་མོ་བ་ཞིག་གི་ངོས་ནས་འདུག་པའི་སྐབས་མ་ཡིན་པར། མཉམ་ཞུགས་ཆེད་ཡར་ལངས་དགོས་པའི་དུས་ལ་བབ་ཡོད།

སྟབས་ཉེས་ན་དམག་འཐབ་འདི་ཡུན་རིང་དུ་གནས་ངེས། རྣམ་པ་མི་འདྲ་བའི་སྒོ་ནས་ལོ་ངོ་འགར་རྒྱུན་སྐྱོང་ཡང་སྲིད། འོན་ཀྱང་གལ་གནད་ཆེ་བའི་གནད་དོན་དེ་ཐག་གཅོད་བྱུང་ཟིན་ཡོད། དེ་ནི་ཡུའུ་ཁུ་རན་ནི་རྒྱལ་ཁབ་ཅིག་ཡིན་པའི་དངོས་བདེན་དེ་དང་། ཡུའུ་ཁུ་རན་པ་ནི་མི་རིགས་ཤིག་ཡིན་པའི་དངོས་བདེན། རྒྱལ་ཁབ་དེ་དང་མི་རིགས་དེ་ར་ཤི་ཡ་གསར་པའི་རྒྱལ་ཁམས་ཀྱི་འོག་ཏུ་སྡོད་འདུན་གཏན་ནས་མེད་པ་བཅས་འདས་པའི་ཉིན་ཤས་རིང་འཛམ་གླིང་ཡོངས་ལ་གསལ་སྟོན་བྱས་ཡོད། དྲི་བ་གཙོ་ཞིག་ལྷག་ཡོད་པ་ནི་བརྡ་ལན་འདིས་ཁཱ་རེམ་ལིན (Kremlin་)གྱི་རྩིག་གྱང་མཐུག་པོ་དེ་གཏོར་བའི་བར་དུས་ཚོད་ཅི་ཙམ་འགོར་མིན་དེའོ།།

ཟུར་མཆན། Yuval Noah Harari ཡུ་ཝལ་ནོཧཱ། ཧཱ་རཱ་རའི་ནི། གྲགས་ཅན་བརྩམས་ཆོས་ A Brief History of Humankind,

མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བསྡུས་དོན་དང་། A Brief History of Tomorrow,འབྱུང་འགྱུར་ལོ་རྒྱུས་སོགས་ཀྱི་རྩོམ་པ་པོ་དང་། མཚན་ཉིད་རིག་པ་བ་དང་ལོ་རྒྱུས་སྨྲ་བ་གྲགས་ཅན་ཞིག་ཡིན། ཁོང་གིས་ད་ཐེངས་ཀྱི་དམག་འཁྲུག་འདིའི་ཐོག་འབྲི་རྩོམ་སྤེལ་བ་དང་། བཅར་འདྲི་དང་ལེན་གྱིས་གཏམ་བཤད་གནང་བ་དག་ནི་ཆེད་མཁས་པ་ཞིག་གི་ངོས་ནས་གླེང་བའི་ལོ་རྒྱུས་ཀྱི་དོན་དངོས་དང་། བསམ་བློ་པ་ཞིག་གི་ངོས་ནས་ཕྱོགས་བསྡོམས་དང་ཚོད་དཔག་ཏུ་སྣང་བས་ན་ཆེད་རྩོམ་འདིའི་བརྗོད་དོན་ཕྱོགས་འགྲོས་ཙམ་ཞིག་བོད་ཡིག་ཏུ་ཕབ་པ་ཡིན། འོན་ཀྱང་སྐབས་དོན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ངེས་ཆ་ཅི་ཡང་མེད་པ་དང་། མ་རྩོམ་གྱི་ཚིག་ཉམས་ཐད་སྒྱུར་བྱེད་རྩལ་མེད་པའི་དབང་གིས་སྐྱོན་གནས་ཡོད་རིགས་ལ་དགོངས་སེལ་དང་བཅས། དོ་སྣང་ཅན་དག་གིས་མ་རྩོམ་ལ་གཟིགས་པར་འཚལ། །

ཕྱི་ལོ ༢༠༢༢ ཟླ ༠༢ ཚེས ༢༨ ལ་བརྩམས། ཕྱི་ལོ ༢༠༢༢ ཟླ ༠༣ ཚེས ༠༦ ལ་ཕབ་བསྒྱུར་བྱས།

མ་རྩོམ་གྱི་སྦྲེལ་ཐག

https://www.theguardian.com/commentisfree/2022/feb/28/vladimir-putin-war-russia-ukraine

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༢༠ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༢༣ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese