མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་རྒོལ་རྒྱལ་སྐྱོབས། ད་ནི་ང་ཚོས་བྱ་དགོས།

བོད་ཀྱི་དུས་བབ།
༢༠༢༢/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

   (ཕྱི་ལོ་༡༩༥༩ཟླ་༠༣ཚེས་༡༠དང་ང་ཚོའི་ལས་འབྲེལ།)
འགྱུར་མེད་ཚེ་རིང་དང་ཤེས་རབ་རྒྱ་མཚོས།

      ༄༅།། བོད་ཀྱི་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་སྙིང་སྟོབས་ལ་ཕྱག་འཚལ་ལོ།།
“What we want?” “We want freedom…..”
“हमें क्या चाहिए ?”  ”  हमें आज़ादी चाहिए…..”

” याद करो, याद करो, 1962 याद करो,”

” छोले पूरी तेल में, चीन का नेता जेल में,”

” ज़िंदाबाद, ज़िंदाबाद, दलाई लामा ज़िन्दाबाद,”

“༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ། སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག”  དེ་དག་ནི་གསུམ་དུས་ཞི་རྒོལ་སྐབས་ཀྱི་འབོད་ཚིག་མང་དག་ལས་ཁ་ཤས་ཤིག་ཡིན། འབོད་ཚིག་དེ་དག་ནི་ང་ཚོ་སློབ་གྲྭའི་སྐབས་ནས་ཤེས་ཤིང་གསུམ་དུས་སོགས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནམ་ཡིན་ལ་སྐད་ཤུགས་གང་ཡོད་སྤྱད་ནས། རྒྱ་གར་སོགས་གྲོང་ཁྱེར་གྱི་སྲང་ལམ་གང་སར་ངེད་ཅག་བཙན་བྱོལ་བོད་མི་ཚོས་གུང་ཁྲན་གྱི་བཙན་ཤེད་དབང་བསྒྱུར་ལ་ངོ་རྒོལ་གྱི་འབོད་ཚིག་ཏུ་བཀོལ་སྤྱོད་བྱེད་ཀྱི་ཡོད། ང་ཚོ་སློབ་གྲྭའི་སློབ་ཕྲུག་ཡིན་པའི་སྐབས། ཕྱི་ཟླ་༠༣ཚེས་༡༠ནམ་ཡིན་ལ་“གསུམ་བཅུའི་དུས་དྲན།”སྲུང་གཙི་བྱེད་ཀྱིན་ཡོད་པ་དྲན་པའི་ཡོལ་ངོས་སུ་ཡལ་མེད་ལྷང་ངེར་ད་ལྟའང་གནས་ནས་ཡོད་ཀྱང་། སྐབས་དེ་དུས་མི་རིགས་གཅིག་དང་། མི་རིགས་གཅིག་གི་ལོ་རྒྱུས་ནང་དེ་ཉིད་གལ་གནད་ཀྱི་གནས་བབ་ཆེ་ཆུང་ཇི་ཙམ་ཆགས་མིན་ཤེས་རྟོགས་མེད། ད་ལྟ་བསམ་བློ་གཟབ་ནན་བྱས་ནས་བསམས་ཚེ། “གསུམ་བཅུའི་དུས་དྲན་”ནི། ང་ཚོ་མི་ཡུལ་ཆ་མེད་ཀྱི་ཡུལ་ལུང་གང་སར་མི་འདོད་བཞིན་དུ་འགྲོ་དགོས་པའི་ཉིན་གྱི་ཐོག་མ་དང་། ཕ་མ་ཉེ་འབྲེལ་སོགས་མ་ཤི་གསོན་བྲལ་བྱེད་དགོས་པའི་སྡུག་བསྔལ་གྱི་མགོ་འཛུགས་སའི་ཉིན་མོ།  ཕུ་ནུ་གཅེན་གཅུང་ཕོ་མོ་མང་པོས་རང་ཡུལ་རང་དབང་སྲུང་སྐྱོབ་ཀྱི་དོན་དུ་རང་སྲོག་ལེགས་སྐྱེས་སུ་ཕུལ་བའི་དུས་ཚིགས་དང་། ཡང་ཕ་མྱེས་ཡང་མྱེས་ཚོས་དམར་པོ་སེམས་པ་ཆགས་སའི་ཕ་གཞིས་དྲོད་མོ་དེ་དྲན་པའི་ཡུལ་ཙམ་ལས་དངོས་སུ་ཁྲ་ཆུང་མིག་གིས་སྤྱད་ཡུལ་དུ་མེད་པར་བཏང་བའི་ཡིད་དབང་རབ་ཏུ་སྐྱོ་དགོས་པའི་ཉིན་མོ་ཞིག་རེད་འདུག།

དེ་རིང་ནས་མི་ལོ་ཉེར་ལྔ་མ་ཟིན་ཙམ་གྱི་ཡར་སྔོན་ཞིག་སྟེ། ཕྱི་ལོ་༡༩༩༨ལོར་ངེད་ནི་ལུས་ལ་བོད་ཕྲུག་ཁྱིམ་སྡེའི་སྒྲིག་ཆས་གྱོན་པའི་ལོ་ཆུང་བསམ་མེད་ཅིག་ཡིན། ལོ་དེའི་“གསུམ་བཅུའི་དུས་དྲན”གྱི་ཉིན་ནས་འགོ་བཙུགས་ཏེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་གཅེས་བཙན་རྒོལ་རྒྱལ་སྐྱོབས་པ་མི་དྲུག་ཙམ་གྱིས་རང་སྲོག་བློས་གཏོང་བྱས་ནས་ཟས་གཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་དུས་ཡུན་གང་འཚམས་སོང་རྗེས་སྲོག་ལ་ཉེན་ཁ་ཡོད་པ་རྒྱ་གར་གཞུང་གིས་ཤེས་རྟོགས་བྱུང་སྟེ། ཕྱི་ལོ་༡༩༩༨ ཟླ་༠༤ཚེས་༢༥ཉིན་ལས་འགུལ་བ་རྣམས་ལས་འགུལ་སྤེལ་ས་ནས་བཙན་ཁྲིད་བྱེད་སྐབས། རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་གི་གཅེས་པའི་ལུས་སྲོག་ས་ཡ་དྲུག་གི་གཞིས་བྱེས་བོད་མི་ཡོངས་ཀྱི་དོན་དུ་མེར་བསྲེགས་བཏང་བའི་གནས་ཚུལ་དང་། དེ་རྗེས་ཁོང་གི་སྐུ་ཕུང་རྡ་སར་ཞུགས་འབུལ་གྱི་གནས་ཚུལ་དངོས་སུ་མཐོང་དུས། རྡ་ས་སོགས་ཕྱི་ནང་བོད་རིགས་ཡོངས་ཀྱི་མིག་ལ་མིག་ཆུས་གཏམས་ཤིང་སེམས་ལ་ཚེར་མ་བཙུགས་པ་བཞིན་གྱི་སེམས་ཚོར་སྐྱོ་ལྷང་ལྷང་བཟོས་ཡོད། དེ་ནི་ང་སོགས་སློབ་གྲྭར་སྐྱོད་བཞིན་པའི་བྱིས་པ་མང་པོའི་སེམས་ལ་བསམ་བློ་གཏོང་དགོས་པ་བཟོས་སོང་། མ་ཟད་སྤྱི་ཡོངས་ནས་བཤད་ན། དེ་ནི་བོད་ཀྱི་རྩ་དོན་དོན་དུ་གཞིས་བྱེས་གཉིས་ཀྱི་བོད་མིའི་ཁྲོད་ལ་རང་ལུས་མེར་བསྲེགས་ཀྱི་ཞི་བའི་ངོ་རྒོལ་གནང་མཁན་ཐོག་མ་དེ་ཡིན་པས། རྒྱལ་སྤྱིའི་ཁྲོད་ལ་བོད་ཀྱི་གནད་དོན་ཐད་མང་པོར་བསམ་བློ་དབང་མེད་དུ་གཏོང་དགོས་པ་བཟོས་ཡོད།།

སློབ་གླིང་ན་སློབ་ཕྲུག་བྱིས་པ་ཞིག་ཡིན་དུས་འགན་འཁྲིའི་འདུ་ཤེས་གང་ཡང་མེད་པས། གལ་གནད་ཆེ་བའི་གནས་ཚུལ་མང་པོ་ཆུ་ངོས་སུ་བཀོད་པའི་རི་མོ་བཞིན་དུ་དྲན་ངོས་སུ་བག་ཆགས་ཙམ་ལས་གསལ་པོ་ཞིག་མི་གནས་པར་ཤར་གྱིན་ཤར་གྱིན་ཡལ་གྱིན་ཡལ་གྱིན་བྱེད་པ་ནི་ཀུན་དང་མཚུངས།  དེ་ལྟར་ཡིན་ནའང་། རང་ཉིད་བཙན་བྱོལ་བ་ཞིག་ཡིན་པ་དང་། རྒྱ་གར་ནི་རང་གི་ཕ་ཡུལ་ངོ་མ་དེ་མིན་པ་ནི་བརྗེད་མ་མྱོང་། ད་ལྟ་བཙན་བྱོལ་བ་ཞེས་པའི་ཐ་སྙད་དེར་མནོ་བསམ་བྱེད་དུས། དེ་ནི་མི་ཞིག་ཡིན་ནའང་། དེར་རང་ཉིད་ཀྱི་ངོ་བོ་གསལ་པོ་ཞིག་མེད་པ་དང་གཅིག་པ་རེད་འདུག མི་ཞིག་མིར་སྐྱེས་ནས་ངོ་བོ་གསལ་པོ་ཞིག་མེད་པ་ནི། མིར་སྐྱེས་ཀྱང་མི་གྲལ་ལ་མ་ཚུད་པ་དང་གཅིག་པ་རེད་འདུག ཡང་ཕྱོགས་གཞན་ནས་བསམ་ཚེ། ང་ཚོར་༸གོང་ས་ཐམས་ཅད་མཁྱེན་པ་ལྟ་བུ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅིག་ཡོད་པས། བཙན་བྱོལ་དུ་བཙན་བྱོལ་གྱི་མི་ཚེར་རོལ་གྱིན་ཡོད་ནའང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་(CTA)ཤིག་ཡོད་པ་ནི། བསོད་ཁྲོད་ན་བསོད་ནམས་ཅན་ཞིག་ཡིན་པ་ཏན་ཏན་བསམ་ཆོག་པ་ཞིག་རེད་འདུག།

ཡང་བཙན་བྱོལ་བ་ཞིག་གིས་བཙན་བྱོལ་གྱི་འཚོ་བར་བསམ་དུས། ང་ནི་ཡུལ་མི་ཞིག་དང་མི་འདྲ་བར་དུས་མཚམས་ངེས་ཅན་རེའི་མཚམས་ན། གནས་སྡོད་མཐོང་མཆན་ལག་འཁྱེར་(Registration Certificate)གྱི་ཆེད་དུ་གནས་ཡུལ་གྱི་ལས་ཁུངས་མང་པོས་སྒོ་ཐེམ་འགྲིམས་དགོས་ཀྱི་ཡོད། ལས་ཁུངས་དེ་དག་གི་ནང་ན་ཡོད་པའི་ལས་མི་ག་གེ་མོས་གསུང་སྟངས་དང་། བཞིན་རས་ཀྱི་རྣམ་འགྱུར་བསྟན་སྟངས་ལ་གཞིགས་ན། ང་ཚོ་ནི་ཆུང་ཆུང་ཆུང་ཆུང་ཞིག་དང་། ཁོང་ཚོ་ནི་ཆེན་པོ་ཆེན་པོ་ཞིག་ཡིན་པ་ལྟ་བུ་གནས་སྟངས་ལ་ཡང་ཡང་གདོང་ལེན་བྱེད་དགོས་ཀྱི་ཡོད། དེ་སྐབས་རྒྱལ་ཁབ་དང་མི་རིགས་ནི་མི་ཞིག་ལ་དགོས་པའི་ཆ་རྐྱེན་ཡིན་པ་དང་། དེ་དག་མེད་ན་མིར་སྐྱེས་ཀྱང་མི་གྲལ་ལ་མ་ཚུད་པ་དང་ངོ་བོ་གསལ་པོ་མེད་པའི་མི་ཙམ་པོ་བ་ཞིག་ལ་འགྱུར་འདུག་སྙམ་པ་བྱུང་། འོན་ཀྱང་སྤྱི་ཡོངས་ནས་རྒྱ་གར་གཞུང་དམངས་གཉིས་ཀྱིས་ང་ཚོར་རོགས་མགོན་བྱས་དང་བྱེད་བཞིན་པ་ནི། སུས་ཀྱང་བསྙོན་མི་ཐུབ་པའི་རོགས་ཕན་ཞིག་ཡིན།།

རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་བོད་ཡུལ་བཙན་བཟུང་བྱས་རྗེས། བོད་ཀྱི་ཐག་ཉེའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་བལ་འབྲུག་གསུམ་ལ་ཉེན་ཁ་ལོ་རེ་ནས་ལོ་རེར་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པའི་སྒང་ཡིན། ཉེ་དུས་བལ་ཡུལ་དུ་རྒྱ་མིས་དངོས་ཤུགས་བརྒྱུད་གསུམ་ནས་ཐེ་གཏོགས་སྣ་ཚོགས་བྱེད་ཀྱི་ཡོད་པ་དང་། འབྲུག་གི་འབྲོག་ལམ་མཐའ་མཚམས་ལ་རྒྱ་དམག་གི་ཉེན་ཁ་ཡོད་པ། དེ་བཞིན་རྒྱ་གར་གྱི་ཨ་རུ་ན་ཅལ་དང་ལ་དྭགས་ཀྱི་ཤར་ཕྱོགས་མཐའ་མཚམས་རྒྱ་གར་གྱི་ས་ཁུལ་ཁག་ལ་རྒྱ་མིས་དམག་མི་འགྲེམས་འཇོག་དང་། ཡང་ལོ་སྔོན་ལ་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་ལ་གདོང་ཐུག་དྲག་པོ་བྱུང་ནས། ཕན་ཚུན་གཉིས་ཀྱི་དམག་མིར་གནོད་འཚེ་མང་པོ་ལྷག་ཡོད་པ་བཤད་མི་དགོས་པ་ཞིག་རེད། ངར་མཚོན་ན་དེ་དག་ནི་ཕྱི་ལོ་༡༩༥༩ལོར་བོད་ཀྱིས་མྱངས་པའི་སྡུག་བསྔལ་ལ་དྲན་གསོ་བྱས་ཤིང་། རྒྱ་བལ་འབྲུག་གསུམ་གྱིས་དེ་སྔོན་བོད་ཀྱིས་མྱངས་པའི་སྡུག་བསྔལ་ལ་ལེགས་པར་རང་སྦྱོང་བྱས་ནས། རང་ཡུལ་རང་སྐྱོབ་ལ་ཐུགས་སྣང་བྱ་དགོས་པ་གལ་ཆེ་སྙམ།  ཡང་ཉེ་དུས་ལ་དྭགས་པ་ཕུན་ཚོགས་སྟོབས་ལྡན་གྱིས་བརྙན་འཕྲིན་བགྲོ་གླེང་ཞིག་ཏུ་བརྗོད་གསལ་ “ངས་རྒྱ་ནག་གི་སྐད་ཡིག་གསུམ་ཤེས་ཀྱི་ཡོད། དེ་དག་ནི་སོག་སྐད། བོད་སྐད། ཡུ་གུར་(Uighur)གྱི་སྐད་ཡིན་”ཞེས་ཟེར། བརྗོད་བབ་དེ་ནི་དངོས་དོན་ལ་ཅི་ཡང་རྒྱུས་མངའ་མེད་པ་དང་གསར་དུ་འཚར་ལོངས་བྱེད་བཞིན་པའི་བྱིས་པ་མང་པོར་ལོག་རྟོག་ཆེད་བཟོ་བྱེད་པ་ཞིག་ལས་མ་འདས། བོད་སོག་ཡུ་གུར་གསུམ་ནི་རྒྱ་ནག་དམར་པོས་སྲིད་གཞུང་གི་འོག  མི་སྤྱོད་འདས་པའི་སྡུག་བསྔལ་མྱངས་དང་མྱོང་བཞིན་པའི་རྒྱལ་ཁབ་གསུམ་ཡིན། སོག་སྐད་དང་། བོད་སྐད། ཡུ་གུར་གྱི་སྐད་བཅས་ནི་རྒྱ་ནག་གི་སྐད་དང་ཅི་ཡང་འབྲེལ་བ་མེད་པ་ཞིག་ཆགས་ཡོད། ཤེས་ཡོན་ཅན་ཞིག་གིས་སྡུག་བསྔལ་མྱོང་མཁན་དང་། སྡུག་བསྔལ་གཏོང་མཁན་གཉིས་ཀྱི་དབར་ལ་ཁྱད་པར་ཅི་ཡོད་མི་ཤེས་ན། ཡ་ང་དགོས་པ་དང་སྙིང་རྗེ་དགོས་པ་ཞིག་ལས་ཅང་མི་འདུག  སྤྱིར་ན་བོད་ཡུལ་ནི་བོད་ཡུལ་ལས་རྒྱ་ཡུལ་མིན་ལ། བོད་སྐད་ནི་བོད་སྐད་ལས་རྒྱ་སྐད་ཡིན་པ་སྔོན་ཡང་མ་གྱུར་ལ། ད་དང་འབྱུང་འགྱུར་ཡང་དེ་བཞིན་ཡིན།།

ང་ཚོ་མི་ཡུལ་དུ་རང་ཡུལ་མེད་པའི་དཀའ་ངལ་སྣེ་འཛོམས་ཀྱི་ཁྲོད་ནས།  རང་ཡུལ་འདོར་མི་སྲིད་ལ་མི་ཡུལ་གྱི་པང་ལ་གཉིད་ནས་རང་ཡུལ་བརྗེད་ཀྱང་མི་སྲིད། འདི་ལོ་ནི་ང་ཚོས་མི་ཡུལ་དུ་གསུམ་བཅུའི་དུས་དྲན་ཐེངས་༦༣བར་དྲན་གསོ་བྱེད་ཀྱི་ཡོད། མི་ལོ་རེ་གསུམ་འདས་ཀྱང་ང་ཚོའི་དཀའ་ངལ་དེ་མུར་གནས་ནས་ཡོད་པས། ཕྱི་ལོ་༡༩༥༩ཟླ་༠༣ཚེས་༡༠ཉིནདང་། ས་བྱི་ཞི་རྒོལ་སྐབས་ཀྱི་ཆོལ་གསུམ་བོད་མིའི་བཙན་རྒོལ་རྒྱལ་སྐྱོབས་ཀྱི་སྙིང་སྟོབས་ཉམས་མེད་གནས་ངེས་ཡིན། ཇི་སྲིད་བོད་ཀྱི་བདེན་པའི་མཐའ་མ་གསལ་གྱི་བར་དུ་དེ་སྲིད་བཙན་རྒོལ་རྒྱལ་སྐྱོབས་ཀྱི་འདུ་ཤེས་ཉམས་མེད་གནས་དགོས།།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༥ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese