མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་ཡུལ་ལུང་གང་སར་བོད་མིའི་རང་དབང་སྒེར་ལངས་ཆེན་མོ་ཐེངས་ ༦༣ པ་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་དབང་སྒེར་ལངས་བྱུང་སྟེ་མི་ལོ་  ༦༣ འཁོར་བའི་དུས་དྲན་དེ་ཨ་རི་དང་ཨོ་གླིང་། ཧྥ་རན་སི། སྦེལ་ལྗམ། འཇར་མི་ནི། ནི་ཐར་ལན་ཌི། ལྷོ་ཀོ་རི་ཡ། ཁེ་ན་ཌ། དབྱིན་ཡུལ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྲུང་གཙི་གནང་འདུག

Source: Tibet House

འདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཁ་སང་སྔ་དྲོ་ཆུ་ཚོད ༩ ཐོག་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག  གྲོང་ཁྱེར་དེའི་དེ་ཌི་ཝ་ཡེ་ ( Dee Why) ས་གནས་སུ་དུས་དྲན་སྲུང་གཙི་གནང་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ས་གནས་སིཌ་ཎིའི་བྱང་ཕྱོགས་མཚོ་ངོགས་ཀྱི་རྫོང་དཔོན་Michael Regan ལགས་ཆེད་ཕེབས་ཀྱིས་བོད་དོན་གསུང་བཤད་གནང་། གསུང་བཤད་གྲུབ་རྗེས་ Dee why ནས་ Manly བར་ཆུ་ཚོད་ ༡:༣༠་ཙམ་གྱི་རིང་ཞི་བའི་གོམ་བགྲོད་བྱས་ཏེ། ཨོ་སི་ཁྲོ་ལི་ཡའི་བོད་དོན་ལྷན་ཁང་གི་འགན་འཛིན་Zoe ལགས་དང་བོད་མི་མང་སྤྱི་འཐུས་ཟུར་པ་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་ཡང་སིཌ་ནི་གྲོང་འཁྱེར་ལྟེ་བ་ Martin place བར་གོམ་བགྲོད་དང་སྐད་འབོད་གནང་སྟེ་ Martin place ས་གནས་སུ་མི་མང་འདུ་འཛོམས་ཐོག་ཡི་ཤུའི་ཆོས་དཔོན་ Bill crews ལགས་ནས་གསུང་བཤད་གནང་། དེ་བཞིན་རྒྱ་ནག་དམངས་གཙོ་དོན་གཉེར་བ་དང་ཨོ་སི་ཁྲོ་ལི་ཡའི་སློབ་གྲྭ་ཆེན་མོའི་དགེ་རྒན་དང་མཁས་དབང་chongyi Fang ལགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་བྱས། དེ་ནས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་བསྒྲགས་གཏམ་སྒྲོགས་སྦྱང་དང་བདེ་ཚིག་སྨོན་ལམ་གསུང་འདོན་སོགས་གནང་སྟེ་ལས་འགུལ་མཇུག་བསྡུས་ཡོད་འདུག

དེ་བཞིན་ཨོ་གླིང་ས་གནས་ཝིག་ཌོ་རི་ཡའི་མངའ་སྡེའི་དཔེ་མཛོད་ཁང་གི་མདུན་དུ་གསུམ་བཅུ་དུས་དྲན་སྲུང་གཙི་ཞུས་ཡོད་པ་དང་། སྐབས་དེར་ཡུལ་དེའི་གྲོས་ཚོགས་གོང་མའི་འཐུས་མི་Jenet Rice དང་རྒྱ་མིའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧྥ་རན་ཁི་ Frank ལགས་རྣམ་གཉིས་ནས་བོད་དོན་དང་འབྲེལ་་བའི་གཏམ་བཤད་གནང་རྗེས། གྲོང་ཁྱེར་དཀྱིལ་མའི་དཔེ་མཛོད་མདུན་ནས་ཆུ་ཚོད་བཅུ་གཉིས་བར་སྐད་འབོད་བརྒྱབ། དེ་ནས་མཉམ་འབྲེལ་ཐང་ཆེན་བར་སྐར་མ་བཅོ་ལྔ་ཙམ་ལ་ཞི་བའི་སྐད་འབོད་བྱས། ཉིན་རྒྱབ་ཆུ་ཚོད་གཅིག་གི་སྟེང་རྒྱ་ནག་གཞུང་ཚབ་མདུན་ནས་བདེན་ཚིག་སྨོན་ལམ་སྐྱོར་བ་དང་སྐད་འབོད་བརྒྱབ་ནས་ཉིན་རྒྱབ་ཆུ་ཚོད་གཉིས་དང་ཕྱེད་ཀ་ལས་འགུལ་སྤེལ་ཡོད་འདུག

ནེའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ།  དབུས་གཙང་ཆོལ་ཁ། མདོ་ཁམས་ཆུ་བཞི་སྒང་དྲུག མདོ་སྨད་ཆོལ་ཁ། ཨ་བོད་མཛའ་འབྲེལ་ཚོགས་པ་བཅས་མཉམ་འབྲེལ་བཅས་ཀྱི་གོ་སྒྲིག་འོག ནེའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༣ པ་སྲུང་གཙི་བྱས་ཡོད་པ་དང་། སྐབས་དེར་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱངས་གནང་ཡོད་འདུག་ལ། ལས་འགུལ་དེའི་ནང་བོད་མི་གཙོས་ཕྱི་ནང་གི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་ཅིང་། ནེའུ་ཡོག་གི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཐང་བར་དུ་ཞི་བའི་གོམ་འགྲོས་བྱས་ཡོད་པ་དང་། ཉིན་རྒྱབ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཐང་དུ་ཞི་བའི་སྐད་འབོད་བྱས་ཡོད་འདུག

ཡང་སུད་སི་དང་ལིག་ཏེན་བོད་རིགས་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག སུད་སིའི་རྒྱལ་ས་བྷན་གྱི་ Helvetiaplatz མདུན་ཐང་དུ་བོད་མི་ ༤༠༠ ་ལྷག་འདུ་འཛོམས་བྱུང་ཡོད་པ་དང་། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་སུ་བོད་མཐུན་གྲོགས་ཚོགས་པའི་འཐུས་མི་བཅས་ཀྱིས་མཉམ་ཞུགས་གནང་ཏེ་གཏམ་བཤད་གནང་ཡོད་འདུག

གཞན་ཡང་། བོད་རང་བཙན་སློབ་ཕྲུག་ཚོགས་པན་དང་། ས་གནས་ཀྱི་བོད་ཆོལ་ཁ་གསུམ་སོགས་མཉམ་འབྲེལ་གྱི་གོ་སྒྲིག་འོག ཁེ་ན་ཝའི་ཊོ་རོན་ཊོ་གྲོང་ཁྱེར་ (Masaryk Park) ཐང་དུ་བོད་མི་གཅིག་སྟོང་ཙམ་ཞིག་གིས། བོད་མིའི་རང་དབང་སྒེར་ཉིན་མོ་སྲུང་གཙི་བྱས་ཡོད་ཅིང་། སྐབས་དེར་བོད་ཁེ་ན་ཊའི་གྲོས་ཚོགས་འཐུས་མི་བོད་རིགས་བུ་འཁྲིད་དཀར་པོ་ཆེ་ལགས་དང་། བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་མཉམ་ཞུགས་གནང་ཡོད་འདུག མཛད་སྒོ་གྲོལ་རྗེས་ཊོ་རོན་ཊོའི་རྒྱལ་སའི་དཀྱིལ་དབུས་སུ་ཆགས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་མདུན་ཐང་བར་དུ་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་ཁེ་ན་ཌའི་ས་གནས་ (Ottawa) དང་། (Vencouver) ཁལ་གྷ་རེ་ (Calgary)སོགས་སུའང་དུས་དྲན་སྲུང་གཙི་བྱས་ཡོད་འདུག

ལྷོ་ཀོ་རི་ཡའི་རོགས་པ་ཚོགས་པའི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༩ ཉིན་བོད་དོན་སྐོར་གྱི་མཚན་ཚོགས་ཤིག་གོ་སྒྲིག་བྱས་ཡོད་པ་དང་། དེ་བཞིན་ཁ་སང་ཀོ་རི་ཡའི་སློབ་མ་གཉིས་ཀྱིས་དྭང་བླངས་ཐོག་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༣ པ་སྲུང་གཙི་བྱས་ཏེ། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་སོགས་གནང་ཡོད་འདུག

དེ་བཞིན་ཡུ་རོབ་རྒྱལ་ཁབ་ཧྥ་རན་སི་དང་སྦེལ་ཇམ། འཇར་མི་ནི། ནི་ཐར་ལན་ཌི་སོགས་ཀྱི་ནང་དུའང་དུས་དྲན་སྲུང་གཙི་གནང་ཡོད་འདུག

ཁ་སང་རྒྱ་གར་གྱི་ས་གནས་གང་སར་བོད་མི་ཚོས་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་གཙི་བྱས་ཡོད་པ་དང་། ཁ་སང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དུས་དྲན་སྲུང་གཙི་གནང་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་ ༧༢ ཀྱིས་རྒྱ་ནག་གཞུང་ཚབ་ཐང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན། རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་རྣམས་འཛིན་བཟུང་བྱས་ཡོད་ཀྱང་། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༦ ཙམ་ལ་ཀློད་གྲོལ་བཏང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༦ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༡༩ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese