མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་གཙང་ཆོལ་ཁའི་ཚོགས་ཆེན་ཐེངས་ ༡༥ པ་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སློབ་ཡོན་མ་ཐོབ་པའི་དབུས་གཙང་གི་ན་གཞོན་ཁྲོད་དུ་བོད་ཀྱི་སྐད་ཡིག་རིག་གཞུང་ལ་དོ་སྣང་ཡོད་མཁན་ཚོར་ཆེད་མངག་སློབ་ཡོན་ཕུལ་ཏེ་སྐྱེད་སྲིད་བྱེད་ཐབས་དགོས་སྐོར་གསུང་བཤད་གནང་།

དེ་རིང་སྔ་དྲོར་བཞུགས་སྒར་དྷ་སའི་བོད་་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ། ཉིན་གྲངས་ ༤ རིང་གི་དབུས་གཙང་ཆོལ་ཁའི་ཚོགས་ཆེན་ཐེངས་ ༡༥ པ་དབུ་འཛུགས་ཀྱི་མཛད་སྒོ་འཚོགས་སོང་བ་དང་། མཛད་སྒོའི་སྟེང་སྐུ་མགྲོན་གྱི་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོས་སྤྱི་འཐུས་ལས་ཐོག་དང་ཟུར་པ་རྣམ་པ། དེ་བཞིན་ཚོགས་སྐྱིད་ཀྱི་སྐུ་ཚབ་དང་དབུས་གཙང་ཆོལ་ཁའི་ས་གནས་ ༢༥ ལྷག་གི་སྐུ་ཚབ་བཅས་འཛོམས་འདུག

མཛད་སྒོའི་སྟེང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས། ཁ་སང་ང་ཚོ་ཚང་མས་གསུམ་བཅུའི་དུས་དྲན་ ༦༣ པ་དེ་སྲུང་གཙི་ཞུས་པ་རེད། དེས་ང་ཚོར་ག་རེ་དྲན་གསོ་གསོ་ཐེབས་དགོས་ཀྱི་རེད་ཟེར་ན། བོད་རྒྱལ་ཁབ་དེ་ཤོར་ནས་ལོ་ ༦༣ འཁོར་བའི་སེམས་ནང་གི་ན་ཚ་དེ་བསྐྱར་སློང་བྱ་དགོས་པ་རེད། དེ་བསྐྱར་སློང་བྱས་ནས་ང་བོད་གངས་ཅན་པ་ཞིག་ཡིན་པའི་ཆ་ནས། ངས་ལོ་གཅིག་གི་ནང་ལ་ལེགས་སྐྱེས་ག་རེ་ཕུལ་འདུག ངས་ཞབས་གང་འདྲ་འདྲེན་འདུག ངས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་རྩིས་མེད་གང་འདྲ་བཏང་འདུག ཁོང་གི་བཀའ་སློབ་ཀྱི་རྗེས་སུ་ག་ཚོད་འབྲངས་ཡོད་མེད་བཅས་བསྐྱར་གསོ་(དྲན་གསོ་)བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་ཟེར་ནས་མིའི་ལུང་པར་བསྡད་པ་དེས། ང་ཚོར་ཆབ་སྲིད་ཀྱིས་བསྐུར་བའི་ལས་འགན་ཞིག་ཡོད་པ་རེད། དབུས་པ་དང་གཙང་པ། མདོ་དང་སྨད་ཅེས་མ་ལབ་པའི་གོང་ལ་ང་ཚོར་བོད་མི་རིགས་ཀྱི་ཆབ་སྲིད་ཀྱིས་བསྐུར་བའི་ལས་འགན་དེ་ལ་ང་ཚོས་ནུས་པ་ག་ཚོད་སྤུང་གི་འདུག་གམ། འདི་ང་ཚོས་རང་ཉིད་ལ་དྲི་བ་གཏོང་དགོས་པ་ཞིག་ཆགས་ཡོད། ཅེས་དང་། གསུམ་བཅུའི་དུས་དྲན་ཉིན་མོར་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་བློས་གཏོང་དེ་དག་སེམས་ལ་དྲན་གསོ་བྱས་པའི་ཐོག་ནས། ཁོང་ཚོའི་བློས་གཏོང་དེ་ཆུད་ཟོས་གཏང་གི་མིན་བསམ་པའི་ཐོག་ནས་འཕྲལ་ཕུགས་དང་རྒྱུན་དུ་གནང་རྒྱུའི་བྱ་བ་ཁག་ངོས་ཟིན་པ་གནང་དགོས། མཚམས་རེར་ང་ཚོས་འཕྲལ་སེལ་གྱི་གནང་རྒྱུ་དེ་ལ་ཞེ་དྲགས་བྱས་ཡོད་བསམ་ནས། རྒྱུན་དུ་དང་ཕུགས་ཀྱི་གནང་རྒྱུའི་རིགས་དེ་འཐུས་ཤོར་བ་ཡིན་ན། ང་ཚོ་བསླེབ་ས་གང་ལའང་སླེབས་ཀྱི་ཡོད་པ་མ་རེད། ཅེས་གསུངས་སོང་།

ཡང་མི་རབས་རྒན་པ་ཚོས་ན་གཞོན་ཚོ་གསུམ་གསུའི་དུས་དྲན་ལ་འཁྲིད་རྒྱུ་གལ་ཆེན་ཡིན་པའི་སྐོར་ཁོང་མོས། ན་གཞོན་ཚོའི་སེམས་ནང་ལ་ངའི་མི་རབས་དེ་ལ་སྡུག་བསྔལ་དེ་འདྲ་བྱུང་འདུག་ཨང་། ད་ལྟ་ཡུ་ཀེ་རེན་ལ་ག་རེ་བྱུང་བ་དེ་ང་ཚོའི་སྤོ་པོ་རྨོ་མོ། ཨ་ཕ་ཨ་མ། ཨ་ཁུ་ཨ་ནེ་ལ་བྱུང་ཡོད་པ་ར་སྤྲོད་བྱ་རྒྱུ་དེ་ང་ཚོ་མི་རིབས་རྒན་པ་ཚང་མའི་འགན་ཆགས་ཀྱི་ཡོད་རེད། རྩ་བས་སློབ་གྲྭའི་ནང་ལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བོད་རང་དབང་ཤོར་བའི་དབར་དུ་རྒྱལ་རབས་སློབ་ཀྱི་ཡོད་ནའང་། སེམས་ནང་ན་ཟུག་དེ་ག་དུས་གཏོང་གི་རེད་ཟེར་ན། སོ་སོའི་མི་རྒྱུད་དེ་ལ་ག་རེ་བྱུང་ཡོད་མེད། བོད་ནས་ཡོང་དུས་དཀའ་ལས་གང་འདྲ་བརྒྱབ་ཡོད་མེད། ག་ཚོད་ཤི་ཡོད་མེད་དང་། མཐར་མི་ག་ཚོད་ལྷག་ཡོད་མེད་སོགས་དེའི་རིགས་དེ་ང་ཚོའི་བུ་རྒྱུད་རྣམས་ལ་བཤད་དགོས་པ་དང་བག་ཆགས་འཇོག་དགོས་པ་རེད། ཅེས་གསུངས་སོང་ལ། ཁྱིམ་ཚང་རེ་རེས་རང་རང་གི་ནང་མི་བགྲེས་སོང་རྣམ་པའི་ལོ་རྒྱུས་ཡིག་ཐོག་ལ་མེད་ནའང་། སྒྲ་འཇུག་བྱས་ཏེ་ཉར་ཚགས་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་སྐོར་གསུངས་སོང་།

ཡང་དེང་སྐབས་བོད་མིའི་སྤྱི་ཚོགས་ནང་འཆལ་གཏམ་མང་པོ་ཐོན་བཞིན་པར་དཔྱད་པ་བྱ་དགོས་སྐོར་ལ་ཚོགས་གཞོན་མཆོག་གིས། དེང་སང་ཚང་མས་བཤད་ཀྱི་ཡིན་ཟེར་བ་ལས། དེ་ལ་དཔྱད་པ་བྱས་ཏེ་ངས་གང་བཤད་པ་དེས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་སྐུ་ཚེ་གང་བོའི་རིང་ལ་སྐུ་ལས་བསྐྱོན་པའི་ཆིག་སྒྲིལ་དེ་ལ་དོ་ཕོག་འགྲོ་ཡི་འདུག་དང་མི་འདུག་བསམ་བློ་གཏོང་མཁན་ག་ཚོད་འདུག དེ་ལ་ཉན་མཁན་ཚོས་དཔྱད་པ་བྱེད་དགོས་ཀྱི་ཡོད་པ་རེད། བཤད་མཁན་གྱིས་བཤད་བསྡད་པ་ཡིན་ནའང་། ཉན་མཁན་གྱིས་ཉན་གྱི་མེད་ཟེར་ན་གླེང་སྟེགས་དེ་སྤྲོད་ཀྱི་ཡོད་པ་མ་རེད། དེ་དཔེ་གལ་ཆེན་པོ་རེད། ང་ཚོ་མི་རེ་རེའི་ཁ་གང་དུ་འགོག་པར་འགྲོ་དགོས་ཀྱི་རེད་དམ། དེ་ལས་གླེང་སྟེགས་མི་སྤྲོད་རྒྱུ་དེ། ཁྱེད་རང་གི་བོད་མིའི་ཆིག་སྒྲིལ་དང་། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་སློབ། བོད་མིའི་འཐབ་རྩོད་བཅས་ལ་ཆིག་སྒྲིལ་གྱི་ནུས་པ་སྤུང་དགོས་ན། ཁྱེད་ཀྱིས་དེ་ལ་དཔྱད་པ་བྱེད་དགོས་པ་རེད། མཚམས་རེར་ང་ཚོའི་ཕྱག་ནང་ལ་གཟིགས་རྒྱུ་འབེལ་དྲགས་ནས། སྔོན་མ་ཡིན་ན་ཆང་གིས་ར་བཟི་ཟེར་རྒྱུ་ཞིག་ཡོད་རེད་པ། དེང་སང་འཆལ་གཏམ་གྱིས་ར་བཟི་ནས་དུས་ཚོད་སྐྱེལ་གྱི་ཡོད། དེ་ནས་གནད་དོན་དེར་དགེ་མཚན་ཡོད་མེད་དང་། ང་ཚོའི་མི་རིགས་ཀྱི་འཐབ་རྩོད་ལ་ཕན་མིན་དཔྱད་པ་མེད་པའི་ཐོག་ནས་གནས་ཚུལ་གྱི་ཆུ་ལོག་བརྒྱབ་ཏེ་སྤྱི་ཚོགས་འདི་འཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པའི་གནས་སྟངས་ཆགས་ཀྱི་འདུག དེར་བརྟེན། ང་ཚོ་མི་རེ་ངོ་རེ་ལ་དེ་དག་ཐད་དཔྱད་པ་བྱ་རྒྱུའི་དུས་ཚོད་ཧ་ཅང་ཛ་དྲག་ཐོག་ལ་སླེབས་ཡོད་པ་རེད། ཚང་མའི་སྣ་ཁུང་ལ་ཐག་པ་བཏགས་ནས་གང་དུའང་འཁྲིད་འཁྲིད་ཅིག་ཡོད་ན། ཀླད་པ་ཡོད་ནའང་ག་རེ་འདུག ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་མི་དང་དུད་འགྲོའི་ཁྱད་པར་དེ་རྣམ་དཔྱོད་ཀྱི་ཐོག་ལ་ཡོད་རེད། རྣམ་དཔྱོད་ཀྱིས་ལེགས་ཉེས་དབྱེ་བ་འབྱེད་ཐུབ་པའི་སྒོ་ནས། སོ་སོས་ཤེས་ཀྱི་མེད་ན་ཡིད་ཆེས་ཡོད་སའི་མི་ལ་སྐད་ཆ་དྲིས་ནས་མཐའ་མཇུག་དེར་སོ་སོས་ཐག་གཅོད་དགོས་པ་རེད་ཅེས་ཡང་ནས་ཡང་དུ་བཀའ་ཕེབས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

དེ་བཞིན་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བ་ལ་ཁྱད་པར་མེད་པར་རྒྱ་ནག་ལ་གདོང་ལེན་དགོས་གལ་ཆེ་བའི་སྐོར་ཁོང་མོས། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ནང་སེམས་དེ་འདུལ་དགོས་པའི་བཀའ་སློབ་མང་པོ་ཕེབས་ཡོད་པ་རེད། ང་རང་ཚོ་ནང་ཁུལ་ལ་ཆབ་སྲིད་ཀྱི་ལྟ་བ་སྐམ་པོ་གཅིག་ལ་འཐམས་ནས་ཕན་ཚུན་ལ་མཛུ་གུ་འཛུགས་རེས་བྱེད་པ་དེ་ཆོ་འདྲ་འདུག་གམ། གལ་སྲིད་ང་ཚོས་གདོང་ལེན་བྱ་དགོས་ཀྱི་ཡོད་ན། ཧི་མ་ལ་ཡའི་རྒྱབ་ལ་རྒྱ་ནག་གིས་བོད་ནང་སྲིད་ཇུས་གང་འདྲ་སྤེལ་གྱི་ཡོད་མེད་ལ་དོ་སྣང་དང་སློབ་སྦྱོང་བྱས་ནས་དགག་ལན་དང་བཤད་ཐུབ་ན་འཇོན་པོ་རེད། ཕོ་རྒོད་ཟེར་ན་དེ་རེད་ལ་མོ་རྒོད་ཟེར་ནའང་དེ་རེད། དེ་མིན་པའི་ནང་ཚགས་བོད་མི་རིགས་གཅིག་པ་ལ་སོ་སོའི་ལངས་ཕྱོགས་ལ་བརྟེན་པའི་བཤད་རེས་བྱས་བསྡད་པ་ཡིན་ན་ནམ་ཡང་ངོས་ལེན་བྱེད་ཐུབ་ཀྱི་མ་རེད། དབུ་མ་རྩོད་ཀྱི་ཡོད་ན་འདྲ། རང་བཙན་རྩོད་ཀྱི་ཡོད་ནའང་འདྲ། བོད་རང་བཙན་གྱི་ཁུངས་དེ་མི་རེ་ངོ་རེའི་སེམས་ནང་ལ་ཡོད་པ་བཟོ་དགོས་པ་དེ་ང་ཚོའི་ཆབ་སྲིད་ལྟ་བ་གང་ཡིན་ལ་མ་ལྟོས་པར་ཚང་མའི་ལས་འགན་རེད། ང་ཚོས་དབུ་མ་རྩོད་པའི་སྐབས་དེར་ང་ཚོ་རང་བཙན་མིན་རྩ་བ་ནས་བཤད་ཀྱི་ཡོད་པ་མ་རེད། བོད་ཀྱི་ལོ་རྒྱུས་ཐོག་ནས་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་ཟེར་བ་དེ་སྒྲུབ་པ་ལ་རང་བཙན་ཡིན་པ་ཤེས་དགོས་ཀྱི་ཡོད་པ་རེད། དེ་ཤེས་པའི་ཐོག་ནས་ད་ཆ་བོད་འདི་རྒྱ་ནག་འོག་ལ་ཚུད་ཚར་བ་ཡིན་དུས། རྒྱ་མི་ཕུད་ཐུབ་བསམ་པའི་རྨི་ལམ་གཏོང་མཁན་དེ་འདྲ་ཡོད་ཆོག་གི་རེད་པ། ༧སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ལ་རྒྱ་མི་ཕུད་ཐུབ་ཀྱི་རེད་གསུང་མཁན་བྱུང་ཡོད་རེད་པ། རྨི་ལམ་དེ་འདྲ་གཏོང་ཆོག་ནའང། འཛམ་གླིང་ཡོངས་རྫོགས་ཁོ་ལ་བསྟུན་མཁས་བྱས་ནས་སྡོད་པའི་དུས་ཚོད་ལ་སུས་ཕུད་ཐུབ་ཀྱི་རེད་དམ། ཅེས་སོགས་གསུངས་སོང་།

མཇུག་ཏུ་ཚོགས་གཞོན་མཆོག་ནས་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་དབུས་རྒྱུན་ལས་གཅིག་པུ་མིན་པར་ས་གནས་ངོས་ནས་ཀྱང་ས་གནས་མི་མང་གི་བདེ་སྡུག་ཐོག་ལས་ཀ་བྱ་དགོས་པ་དང་། དེའི་ཆེད་དུ་ས་གནས་ལ་དངུལ་ལོགས་སུ་འབུལ་དགོས་སྐོར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སློབ་ཡོན་མ་ཐོབ་པའི་དབུས་གཙང་གི་ན་གཞོན་ཁྲོད་དུ་བོད་ཀྱི་སྐད་ཡིག་རིག་གཞུང་ལ་དོ་སྣང་ཡོད་མཁན་ཚོར་ཆེད་མངག་སློབ་ཡོན་ཕུལ་ཏེ་སྐྱེད་སྲིད་བྱེད་ཐབས་དང་། གཞོན་ནུ་ལྷན་ཚོགས་སོགས་ཀྱིས་ལས་གཞི་སྤེལ་བཞིན་པ་ལྟར་དབུས་གཙང་གི་ན་གཞོན་ཆེད་དུ་ཚོགས་ཆེན་ལྟ་བུ་གོ་སྒྲིག་བྱ་རྒྱུ་དང་། དབུས་གཙང་གི་འབུམ་རམས་པ་རྣམས་ལ་ངོས་འཛིན་དང་སྦྲགས་ཁོང་ཚོའི་ཆེད་དུ་བགྲོ་གླེང་གོ་སྒྲིག་ཞུ་ཐབས་སོགས་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

ད་ཐེངས་ཀྱི་དབུས་གཙང་ཆོལ་ཁའི་ཚོགས་ཆེན་ཐེངས་ ༡༥ པ་དེ་ཉིད་དེ་རིང་ནས་ཟླ་འདིའི་ཕྱི་ཚེས་ ༡༤ བར་བཅས་ཉིན་གྲངས་ ༤ རིང་འཚོག་རྒྱུ་ཡིན་ཞིང་། ཚོགས་ཐོག་ཏུ་ས་གནས་ཁག་མི་འདྲ་བ་ ༢༥ ལྷག་གི་སྐུ་ཚབ་ ༡༠༠ ལྷག་བཅར་འདུག ཐེངས་འདིའི་ཚོགས་ཆེན་གྱི་ཉིན་མཐའ་མར་དབུས་གཙང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱུན་ལས་གསར་པ་འོས་འདེམས་བྱ་འཆར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese