མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་རིགས་སློབ་མ་གསུམ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་སྒྱུར་སློབ་གསོར་མི་འདོད་པའི་རྣམ་འགྱུར་བསྟན་པས་བོད་རིགས་སློབ་ཕྲུག་གསུམ་འཛིན་བཟུང་བྱས་ཏེ་སློབ་གསོ་སྒྱུར་བཀོད་ཁང་དུ་བཀག་ཉར་འོག་བཞག་ཡོད་འདུག

པར་དབང་། བོད་ཀྱི་དུས་བབ།

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་༢༠༢༡ ལོའི་ཟླ་ ༡༠ ནང་རྒྱ་ནག་གཞུང་གིས་བཅད་བགོ་བྱས་པའི་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྨར་ཁམས་སྤོམ་མདའ་སྡེ་བ་ནས་ཡིན་པའི་བོད་རིགས་དམའ་འབྲིང་སློབ་ཕྲུག་དཔལ་སངས་དང་གསར་མོ། གཡང་སྐྱིད་གསུམ་ནས་བོད་ནང་རྒྱ་སྒྱུར་སློབ་གསོ་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་བྱས་སྐོར་བརྗོད་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ཡུལ་དེའི་སློབ་གསོ་སྒྱུར་བཀོད་ཁང་ཞིག་ཏུ་བཀག་ཉར་འོག་བཞག་སྟེ་ཟླ་བ་ཁ་ཤས་འགྲོ་བཞིན་ཡོད་ཀྱང་། ད་དུང་ཀློད་གྲོལ་བཏང་མེད་སྐོར་བརྗོད་བྱུང་།

སློབ་ཕྲུག་དེ་དག་འཛིན་བཟུང་བྱ་དགོས་དོན་གཙོ་བོ་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༩ བ་ནས་བཟུང་ས་གནས་དེ་གའི་སློབ་གྲྭ་ཁག་ནང་རྒྱ་ཡིག་སློབ་ཁྲིད་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཡོད་སྟབས། སློབ་ཚན་ཚང་མ་རྒྱ་ཡིག་ལ་སྒྱུར་རྒྱུའི་སྔོན་འགྲོའི་སློབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། སློབ་ཕྲུག་ཚོར་ཉིན་རྒྱུན་རྒྱ་ཡིག་ཡིག་གཟུགས་དང་ཀློག་སྟངས་རྐྱང་ཁྲིད་པ་དང་། དེ་དང་འབྲེལ་ནས་རྒྱ་ནག་ལ་དགའ་ཞེན་དགོས་པའི་སློབ་གསོ་རྐྱང་བརྒྱབ་པས། སློབ་ཕྲུག་ཚོས་བོད་ཡིག་སློབ་ཁྲིད་མེད་པས་སྐྱིད་པོ་མེད་པ་དང་དཀའ་ངལ་ཡོད་སྐོར་བརྗོད་དེ། ངུ་ངག་འདོན་པ་སོགས་བྱས་པས་སློབ་ཕྲུག་དེ་གསུམ་ལ་སེམས་ཁམས་སློབ་གསོ་སྤྲོད་དགོས་སྐོར་བརྗོད་ནས་བཙན་ཁྲིད་བྱས་པ་ཡིན་སྐོར་བརྗོད་བྱུང་།

ཡང་ཁོང་གིས་མུ་མཐུད་འགྲེལ་བརྗོད་གནང་བར་གཞིགས་ན།འཛིན་བཟུང་བཀག་ཉར་འོག་ཡོད་པའི་སློབ་ཕྲུག་དེ་དག་ནི་ལོ་ན་ ༡༥ ནས་༡༦ བར་ཡིན་པ་དང་། ཡུལ་དེའི་ནང་འདི་ལོའི་སློབ་མགོ་ཚུགས་པ་དང་བསྟུན་འཛིན་ཁང་ནང་དམག་མི་ཆེད་གཏོང་གིས་ལྟ་རྟོག་དང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་བསམ་བློ་སློབ་ཁྲིད་ཅེས་ཐབས་ཤེས་འདྲ་མིན་འོག རྒྱ་སྒྱུར་སློབ་གསོ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང་།

སྤྱིར་རྒྱ་ནག་གཞུང་གིས་འདི་ལོ་མཚོ་སྔོན་ཞིང་ཆེན་མངའ་ཁུལ་གྱི་གཞུང་འབྲེལ་སློབ་གྲྭ་ཁག་ཏུ་རྒྱ་སྒྱུར་སློབ་གསོའི་ཆེད་དུ། བོད་ཡིག་གི་སློབ་དེབ་མང་ཆེ་བའི་ཚབ་ཏུ་རྒྱ་ཡིག་སློབ་དེབ་ལག་བསྟར་བྱེད་བཞིན་པ་མ་ཟད། མགོ་ལོག་ཁུལ་གྱི་རྫོང་མང་པོའི་ནང་བོད་པ་ཚོས་ཆེད་འཛུགས་གནང་བའི་སྒེར་གཉེར་སློབ་གྲྭ་མང་པོ་ཞིག་བཙན་ཐབས་ཀྱིས་སྒོ་རྒྱག་བཅུག་ཡོད་པ་དང་། བོད་ཁུལ་གྱི་སློབ་གྲྭ་ཚང་མའི་ནང་རྒྱ་ཡིག་འབྲི་སྦྱོང་གི་རྨང་གཞི་ཞེས་པ་ལག་བསྟར་གྱིས། བོད་ཡིག་སློབ་ཚན་ཁག་སློབ་ཚན་ཕལ་བའི་ངོ་བོར་བཞག་ཡོད་པ་དང་། གནད་དོན་དེར་སློབ་ཕྲུག་གི་ཕ་མ་མང་པོས་མི་འདོད་པ་ཡོང་གི་ཡོད་ན་ཡང་ཐབས་ཤེས་གང་ཡང་མེད་པ་རེད་འདུག

ས་གནས་གསར་འགོད་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist