མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་མི་མང་ལ་བཀའ་ཆོས་སྩལ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཆོ་འཕྲུལ་དུས་ཆེན་ཉིན་༧གོང་ས་མཆོག་གིས་མང་ཚོགས་ལ་བཀའ་ཆོས་སྩལ་རྒྱུ་ཡིན་པར་བརྟེན། མང་ཚོགས་ངོས་ནས་ཁ་རས་གྱོན་པ་སོགས་ནད་ཡམས་སྔོན་འགོག་གི་བསྟར་ལམ་ལག་བསྟར་བྱ་དགོས་པའི་འབོད་སྐུལ་ཞུས་སོང་།

དེ་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་སྤེལ་བའི་ནང་། ཟླ་འདིའི་ཕྱི་ཚེས་ ༡༨ ཆོ་འཕྲུལ་དུས་ཆེན་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ ཡས་མས་སྟེང་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་གིས་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་འདུག

དེ་ཡང་གསལ་བསྒྲགས་ནང་། གསུང་ཆོས་སྐབས་ཆོས་ཞུ་བ་རྣམས་ཀྱིས་ངེས་པར་དུ་ཁ་རས་གྱོན་དགོས། ད་དུང་གསུང་ཆོས་འདི་རྒྱ་སྐད་དང་དབྱིན་སྐད། ཧིན་དྷིའི་སྐད། ཉི་ཧོང་གི་སྐད། ཀོ་རི་ཡའི་སྐད། སོག་སྐད། རཱ་ཤི་ཡའི་སྐད། ཝི་ཏི་ནམ་གྱི་སྐད་བཅས་སུ་གསུང་བསྒྱུར་ཞུ་རྒྱུ་ཡིན་པ་དང་། ཆོས་ཞུ་བ་རྣམས་ནས་གསུང་ཆོས་ཉན་བྱེད་རླུང་འཕྲིན་འཕྲུལ་ཆས་ (RADIO) མཉམ་འཁྱེར་ཆོག་ཀྱང་། ཁ་པར་དང་གློག་ཀླད། སྒྲ་སྡུད་འཕྲུལ་ཆས། པར་ཆས་བཅས་མཉམ་འཁྱེར་མི་ཆོག་པ་དང་། གསུང་ཆོས་ཞུ་མཁན་རྣམས་ཆུ་ཚོད་ཕྱེད་ཀའི་སྔོན་ལ་རང་གི་སྡོད་གནས་སུ་འཁོད་ཟིན་པ་དགོས་རྒྱུ་དགོངས་འཇགས་ཞུ། ཞེས་བཀོད་འདུག

ད་ལན་ནི་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག ལོ་གཉིས་ཀྱི་རྗེས་ནས་༧གོང་ས་མཆོག་གིས་ཐད་ཀར་མང་ཚོགས་ལ་གསུང་ཆོས་སྩལ་བ་ཐོག་མ་ཆགས་ཀྱི་ཡོད་པ་ལྟར། དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བདེ་སྲུང་ལས་ཁུངས་ཀྱི་དྲུང་འཕར་ཚེ་རིང་དོན་གྲུབ་ལགས་སུ་གསུང་ཆོས་སྐབས་མང་ཚོགས་ནས་ཆོས་ཞུའི་འཛིན་བྱང་ (Pass) བཟོ་དགོས་ཡོད་མེད་སྐོར་དྲིས་པར། ཁོང་གིས། གསུང་ཆོས་སྐབས་ཆོས་ཞུའི་འཛིན་བྱུང་ (Pass) བཟོ་དགོས་མེད་པ་དང་། ནམ་རྒྱུན་ནས་བདེ་སྲུང་ལས་ཁུངས་ཀྱིས་ཉིན་གཅིག་རིང་གི་གསུང་ཆོས་དང་དབང་དེ་འདྲའི་སྐབས་ལ་ (Pass) ཕུལ་གྱི་ཡོད་མ་རེད། དེ་ཡང་གསུང་ཆོས་འདི་༧གོང་ས་མཆོག་གིས་ལོ་གཉིས་ཀྱི་རྗེས་སུ་གསུང་ཆོས་གནང་མགོ་བཙུགས་པ་རེད། གསུང་ཆོས་ལ་མི་མང་མང་པོ་ཞིག་ས་ཕྱོགས་གང་སར་ནས་ཕེབས་ཡོང་དུས་ (Pass) ཕུལ་ཐུབ་རྒྱུ་དཀའ་ལས་ཁག་པོ་ཆགས་ཀྱི་འདུག དེར་བརྟེན་ (Pass) གནང་གི་མེད་པ་དང་མི་མང་སུ་ཡིན་རུང་ཕེབས་ཆོག་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་གྱི་དཀའ་ངལ་སང་དྲག་མིན་སྟབས། གསར་འགོད་པས་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་ཐབས་ལམ་སྐོར་དྲིས་པར། ཁོང་གིས། ༧གོང་ས་མཆོག་གི་སྐུ་ཁམས་དང་འབྲེལ་བ་ཡོད་པ་དང་སོ་སོའི་འཕྲོད་བསྟེན་སླད། གསུང་ཆོས་སྐབས་མང་ཚོགས་ཀྱིས་ཁ་རས་ངེས་པར་དུ་གྱོན་དགོས་པ་དང་། ལག་པ་དག་སེལ་བྱ་དགོས་ཀྱི་ཡོད་པ་རེད། དེ་བཞིན་མང་ཚོགས་ཀྱིས་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་གི་ཐབས་ལམ་རྣམས་ལག་བསྟར་བྱ་དགོས་ཀྱི་ཡོད་རེད། གསུང་ཆོས་སྐབས་མི་མང་པོ་ཕེབས་ཀྱི་ཡོད་པར་བརྟེན། མང་ཚོགས་དབར་རྒྱང་ཐག་རིང་པོ་བཞག་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་འདུག འོན་ཀྱང་ཚང་མས་ཁ་རས་ངེས་པར་དུ་གྱོན་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་བྱུང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist