མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་༧སྐུའི་འཕྲོད་བཞེས་གསལ་ཐང་ཡིན་པས་ཚང་མ་བློ་བདེ་བར་བཞུགས་ཞེས་གསུངས།

བོད་ཀྱི་དུས་བབ།
༢༠༢༢/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་རབས་བརྒྱད་པའི་སྐབས་ཆོས་རྒྱལ་ཚོས་བོད་ཡིག་གསར་བཟོ་དང་ནང་ཆོས་བོད་བསྒྱུར་གནང་བ་སོགས་ཀྱི་དགོངས་པར་བོད་མི་ཚོས་སློབ་གཉེར་གནང་རྒྱུ་གལ་ཆེན་ཡིན་པའི་བཀའ་སློབ་སྩལ།

དེ་རིང་ཆོ་འཕྲུལ་དུས་ཉིན་སྔ་དྲོའི་ཆུ་ཚོད་ ༨ སྟེང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུས་པའི་སྲི་ཞུའི་ལས་བྱེད་པ་རྣམས་དང་བཞུགས་སྒར་ཁུལ་དང་ཕྱོགས་མཐའ་ཁག་ནས་ཆེད་ཕེབས་གནང་བའི་སེར་སྐྱ་ཕོ་མོ་བཅས་ལ་སྐྱེས་རབས་དང་སེམས་བསྐྱེད་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་གནང་མཛད་སོང་བ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས། ཐོག་མའི་འཆར་གཞི་ལྟར་ན་དེ་རིང་མང་ལྡི་ལི་རུ་ཕྱིན་ནས་བརྟག་དཔྱད་བྱ་འཆར་བྱས་པ་རེད། འོན་ཀྱང་། ངོས་ཀྱི་གཟུགས་པོར་དཀའ་ངལ་གང་ཡང་མི་འདུག་པས། ཨམ་རྗེ་ལགས་སུ་ཁུར་འཛིང་བྱེད་དགོས་ན་ངོས་ཀྱིས་ཡག་པོ་རྩེད་ཐུབ་ཀྱི་འདུག ཅེས་བཞད་མོ་དང་འབྲེལ། ང་ངེས་པར་དུ་ལྡི་ལིར་འགྲོ་དགོས་དོན་མེད་པས་འགྲོ་མི་དགོས་པར་བྱས་པ་ཡིན། དགུན་ཁ་འཆར་ཅན་རྡོ་རྗེ་གདན་ལ་འགྲོ་ཡི་ཡོད་དུས། དེའི་ཞོར་དུ་ལྡི་ལིར་བརྟག་དཔྱད་བྱ་རྒྱུ་བྱས་ནས་ལྡི་ལིར་འགྲོ་མི་དགོས་པ་བྱས་ཡིན། ང་འདིར་ལྷོད་ལྷོད་བྱས་ནས་སྡོད་ཀྱི་ཡིན། གཟུགས་པོའི་གནས་སྟངས་བདེ་པོ་ཞེ་དྲག་ཡིན། མོ་དང་བརྟག་དཔྱད་བྱས་པ་ཡིན། འདི་ག་དྷ་རམ་ས་ལར་ལྷོད་ལྷོད་བྱས་ནས་བསྡད་པ་ཡིན་ན་དེ་ཡག་པོ་འདུག གནས་སྐབས་ལྡི་ལི་རུ་འགྲོ་བའི་འཆར་གཞི་དེ་མི་དགོས་པ་བྱས། ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་བཞུགས་རོགས། ང་སྐུ་འབུམ་ནས་ཡོང་བའི་བླ་མ་འདི་བདེ་ཐང་ངང་བསྡད་ཡོད། དེར་བརྟེན་ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་བཞུགས་རོགས།

དེ་རིང་འདིར་སྐྱེས་རབས་གསུང་ཆོས་རེད། སྔོན་ལ་ངོས་ཀྱིས་འདི་བརྗོད་འདོད་བྱུང་། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་སྟེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བ་འགྱུར།།  གདུལ་བྱའི་ལུས་ཀྱི་སྡུག་བསྔལ་དང་སེམས་ཀྱི་དངངས་སྐྲག་གི་རྒྱུ་དང་ཉེ་བའི་རིགས་རྣམས་ཆུ་ཡིས་བཀྲུ་རྒྱུ་ཡོད་པ་རེད། སེམས་ཅན་གྱི་སྡུག་བསྔལ་བཅོམ་ལྡན་འདས་ཀྱི་ཕྱག་གིས་སེལ་མི་ཐུབ་པ་དང་། ཁོང་གི་ཐུགས་རྒྱུད་ལ་ཡོད་པའི་ཡོན་ཏན་རྣམས་གདུལ་བྱར་སྦྱིན་རྒྱུ་ཡོད་པ་མ་རེད། བཅོམ་ལྡན་འདས་ཁོང་གི་ཉམས་མྱོང་གི་ཐོག་ནས་སེམས་མ་བཏུལ་བ་འདུལ་བར་བྱེད་པ་དང་། མ་ཞི་བ་ཞི་བར་བྱེད་པ་སོགས་གང་ལྟར་རྗེས་འཇུག་གདུལ་བྱ་རྣམས་ལ་སེམས་མ་བཏུལ་བའི་སྐྱོན་སེལ་ཐབས་ཅི་ལྟར་ཡིན་མིན་གསུངས་པ་ཡིན་པ་རེད། བཅོམ་ལྡན་འདས་ཀྱིས་ཐོག་མར་བདེན་བཞིའི་ཆོས་འཁོར་གསུངས་ཡོད་དང་། དེ་ནས་ཅུང་ཟབ་ཏུ་ཕྱིན་ནས་བྱ་རྒོད་ཕུང་པོའི་རིང་ཤེར་ཕྱིན་གྱི་གཞུང་རྣམས་གསུངས་པ་རེད། དེ་ནི་བཅོམ་ལྡན་འདས་ཀྱི་གསུང་གི་ཉིང་ཁུ་ལྟ་བུ་ཆགས་ཡོད། ང་ཚོས་འཆར་ཅན་འདོན་བཞིན་པའི་ཤེས་རབ་སྙིང་པོའི་ནང་དུ། གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། ཞེས་སྟོང་ཉིད་བཞི་སྐོར་ནི་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་གཞུང་མང་པོ་གསུངས་པའི་ནང་གི་སྙིང་བསྡུས་ཤིག་ཤེས་རབ་སྙིང་པོ་ཆགས་ཡོད། ང་ཚོ་ཚང་མས་ཤེས་རབ་སྙིང་པོ་འདོན་བཞིན་ཡོད་པ་མ་རེད། ངོས་རང་ལ་མཚོན་ནའང་ཉིན་རེ་བཞིན་སྟོང་ཉིད་བཞིའི་སྐོར་ལ་བསམ་བློ་གཏོང་གི་ཡོད། སྟོང་པ་ཉིད་ཀྱི་ལྟ་བ་ལ་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་བཏང་ཡོང་སྐབས་སེམས་ལ་ཆགས་སྡང་གི་བློ་དང་། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སོགས་མ་ཡོང་བ་ལ་ཧ་ཅང་ཕན་གྱི་འདུག

དེ་དང་ཆབས་ཅིག་བྱང་ཆུབ་སེམས་སྐོར་ལ་སྤྱོད་འཇུག་ནང་། བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་བ་ན་ཡང་བདེ་བ་མེད།། དེ་བས་སྐྱོ་ངལ་ཀུན་སེལ་བའི།། བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས།། བདེ་ནས་བདེ་བར་འགྲོ་བ་ལ།། སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར།། ཞེས་སྤྱོད་འཇུག་ལས་གསུངས་པ་འདི་ལ་བསམ་བློ་གཏོང་གི་ཡོད། དེར་བརྟེན། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་དུས་སེམས་ལ་ཕན་ཐོགས་ཞེ་དྲག་ཡོང་གི་འདུག ཅེས་དང་། དངོས་ཡོད་གནས་ཚུལ་ལ་ང་རང་ཚོའི་སེམས་མ་སྐྱིད་པ་བཟོ་མཁན་ནི་ཕྱི་ལོགས་ནས་དཀྲུགས་པ་མ་ཡིན་པར་ང་རང་ཚོའི་བསམ་བློའི་ནང་ནས་ཆགས་སྡང་ཉོན་མོངས་ཀྱིས་སེམས་འཁྲུག་ཡོང་གི་ཡོད། དེ་ལ་གཉེན་པོ་བརྟེན་ནས་ཆགས་སྡང་གི་བློ་ཆུང་དུ་འགྲོ་ཐུབ་པ་ཡིན་ན་རྩ་བ་ཤེས་རབ་ཀྱི་ནང་དུ་ཧ་ཅང་གསལ་བོ་ཡོད་པ་བཞིན། ཆགས་སྡང་གི་བློ་ཤུགས་ཆུང་དུ་སོང་བ་ཡིན་ན་སེམས་ལ་ཞི་བདེ་རང་བཞིན་གྱིས་ཡོང་གི་རེད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། འདུན་པ་གཉིས་ལྡན་གྱི་སེམས་བསྐྱེད་བཅས་ནི་ཅུང་ཙམ་ཁག་པོ་རེད་དེ། གང་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་སེམས་འདུལ་བའི་བསླབ་བྱ་གཙོ་བོ་ནི་སེམས་པ་བཟང་པོ་བྱ་རྒྱུ་གསུངས་ཀྱི་འདུག ང་རང་ཚོ་བོད་གངས་ཅན་པར་མཚོན་ན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་རེད། སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་མཆོག་རེད། དེར་བརྟེན། ང་ཚོ་བོད་མི་རྣམས་རང་ཤུགས་ཀྱིས་བྱམས་བརྩེ་ཤུགས་ཆེན་པོ་ཡོད་པ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་བྱིན་རླབས་རེད། དེ་རིང་འདིར་སྨོན་ལམ་གྱི་སྐྱེས་རབས་གསུང་ཆོས་རེད། ཅེས་བཀའ་སློབ་སྩལ་རྗེས་ཤེས་རབ་སྙིང་པོ་སོགས་གསུང་འདོན་དང་འབྲེལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གནང་སོང་།

དེ་རྗེས་སྲོང་བཙན་སྒམ་པོས་བོད་ཡིག་གསར་བཟོ་དང་དུས་རབས་བརྒྱད་པར་སངས་རྒྱས་པའི་གཞུང་བོད་ཡིག་ནང་དུ་བསྒྱུར་བའི་ལོ་རྒྱུས་སྐོར་བཀའ་སློབ་དང་འབྲེལ་སྔར་ཆོས་རྒྱལ་ཚོས་དགོངས་པ་རྒྱ་ཆེན་པོ་བཞེས་ཡོད་པ་འདི་རྣམས་བོད་རིགས་གཞོན་སྐྱེས་ཚོས་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། དུས་ད་ལྟ་ཆ་བཞག་ན་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་དཀའ་ངལ་ཞེ་དྲག་འཕྲད་ཀྱི་ཡོད། བསམ་བཞིན་དུ་དགོས་དབང་གིས་ཆོས་དད་མེད་པར་བཟོ་བཞིན་ཡོད་ནའང་། བོད་རྒྱ་ཆེ་མི་མང་གི་སེམས་གཏིང་གི་འཕགས་པ་སྤྱན་རས་གཟིགས་དང་མ་ཎི་སོགས་ཁྱོན་བསུབ་ཐབས་མེད་པ་དང་འགྱུར་བ་མེད་པར་བརྟན་པོ་ཞེ་དྲག་འདུག དུས་ཚོད་རིམ་པར་འགྱུར་བ་ཕྱིན་པའི་དེ་རིང་ཁ་སང་རྒྱ་ནག་ནང་ནས་སངས་རྒྱས་ཀྱི་ཆོས་ལ་དད་པ་བྱེད་མཁན་ཇེ་མང་དུ་འགྲོ་ཡི་ཡོད། ངོས་ཀྱི་ངོ་ཤེས་སློབ་གྲྭ་ཆེན་མོའི་རྒྱ་རིགས་དགེ་རྒན་ཞིག་གིས་བོད་ཀྱི་ཆོས་དེ་ན་ལན་ཌའི་ཆོས་ལུགས་འཁྲུལ་མེད་དང་ཆོས་དེ་རིག་པ་དང་ལྡན་པ་ཞིག་རེད་འདུག་ཅེས་བཤད་ཡོད་པ་རེད། དེ་དངོས་འབྲེལ་རེད། གང་ལྟར་དངོས་ཡོད་གནས་ཚུལ་ཞིབ་འཇུག་བྱས་ཏེ་བཤད་ཡོད་པ་རེད། ཅེས་དང་བོད་ཀྱི་ནང་ཆོས་གཞན་ལ་འགྲེལ་བཤད་རྒྱག་སྐབས། ཚན་རིག་དང་མཐུན་ཞིང་གཞན་དང་མི་འདྲ་བ་ཆགས་བསྡད་ཡོད་སྟབས། ལུས་ལ་གྲྭ་ཆས་གྱོན་ཐུབ་ཙམ་དང་ལག་ཏུ་ཕྲེང་བ་འཛིན་ཐུབ་ཙམ་མ་ཡིན་པར་ང་ཚོའི་ངོས་ནས་སློབ་གཉེར་གནང་རྒྱུ་གལ་ཆེན་ཡིན་སྐོར་གསུངས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༡ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༤ སྔོན་ལ།
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

ཆུ་ཚོད་ ༢༤ སྔོན་ལ།
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤
TTT
Mobile App

རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་ཞུས་སོང་།

༢༠༢༦/༠༥/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese