མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་ཀློད་གྲོལ་བཏང་ཡོད་པ་རེད།

བོད་ཀྱི་དུས་བབ།
༢༠༢༢/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དགེ་རྒན་དང་མཆོད་མེ་བོད་ཀྱི་དྲ་བའི་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ་ལགས་ཀློད་གྲོལ་བཏང་ཡོད་ཀྱང་། ད་དུང་འབྱུང་འགྱུར་ལོ་བཞིའི་རིང་ཁོང་ལ་འགྲོ་འདུག་སྤྱོད་གསུམ་ གྱི་རང་དབང་མེད་པ་རེད་འདུག

དེ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་རྩོམ་སྒྲིག་པ་དང་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་རྒྱ་ནག་གཞུང་གིས་ལོ་ ༡༣ རིང་བཙོན་འཇུག་བྱས་རྗེས་ཀློད་གྲོལ་བཏང་ཡོད་ཀྱང་། ད་དུང་འབྱུང་འགྱུར་ལོ་བཞིའི་རིང་ཁོང་ལ་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་མེད་པ་རེད་འདུག

དེ་ཡང་གནས་ཚུལ་ནང་། བོད་ཀྱི་རྩོམ་པ་པོ་དང་དགེ་རྒན།  ཁོར་ཡུག་དོན་གཉེར་བ་དཀོན་མཆོག་ཚེ་འཕེལ་ལགས་མི་ལོ་ ༡༣ རིང་བཙོན་ཁང་དུ་བཞུགས་རྗེས་བཙོན་འཇུག་དུས་བཀག་མ་ཟིན་པའི་ལོ་གཉིས་ཀྱི་གོང་སྟེ། ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཀློད་གྲོལ་ཐོབ་ཡོད་པའི་ཁུངས་ལྡན་གྱི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། དཀོན་མཆོག་ཚེ་འཕེལ་ལགས་ལ་རྒྱ་གཞུང་གིས་མི་ལོ་བཅོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་བཅད་བཏང་ཡོད་ཅིང་ཀན་སུ་ཞིང་ཆེན་ལན་ཌུ་གྲོང་ཁྱེར་གྱི་ཉེ་འགྲམ་ཌིང་ཞི་ཡི་བཙོན་ཁང་མི་འདྲ་བ་གཉིས་ཀྱི་ནང་དུ་བཙོན་འཇུག་བྱས་ཡོད་པ་རེད། ཁོང་ཉིད་བཙོན་ཁང་ནས་ཀློད་གྲོལ་ཐོབ་ཀྱང་མུ་མཐུད་ལོ་བཞིར་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད་པར་བརྟེན་དུས་རྒྱུན་ལྟར་ཁོང་དང་ཁོང་གི་ནང་མིར་ད་དུང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་ཤེས་ཐུབ། ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་སྐབས་ཉེན་རྟོག་པར་ཁྲིམས་ལ་ལྟོས་མེད་ཀྱི་དབང་ཚད་ཡོད་པར་བརྟེན་ཁོང་གི་འགྲོ་འདུག་སྤྱོད་གསུམ་ཐད་དམ་དྲག་ཆེན་པོ་ཡོད་པ་སྨྲོས་མེད་ཡིན། ཞེས་འཁོད་འདུག

རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་དང་འབྲེལ་དེ་སྔོན་འདི་གའི་གསར་འགོད་པར་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་ ༢༠༠༩ ཟླ་ ༢ པའི་ཚེས་ ༢༦ ཉིན་ཀན་ལྷོ་རྨ་ཆུ་རྫོང་ནས་ཡིན་ཞིང་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་རྒྱའི་དོ་དམ་པ་དཀོན་མཆོག་ཚེ་འཕེལ་ལགས་ཀན་སུའུ་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གློ་བུར་འཛིན་བཟུང་བྱས་ཏེ་ལན་ཀྲུའུ་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་བཀག་སྐྱིལ་བྱས་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༡༡ པའི་ཚེས་ ༡༠ ཉིན་རྒྱ་གཞུང་གིས་ཁོང་གི་ནང་མིར་བརྡ་བཏང་སྟེ། ཕྱི་ཚེས་ ༡༢ ཉིན་ཁོང་ལ་ཁྲིམས་གཅོད་ཀྱི་ཉིན་མོ་ཡིན་སྟབས་ཁྲིམས་རྭར་ཡོང་དགོས་ཚུལ་བརྗོད་དེ། ཚེས་ ༡༢ ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས། ཁོང་ལ་ ༡༩༩༥ ལོར་ཆབ་སྲིད་ཀྱི་དོགས་གཞིའི་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་གནད་དོན་དང་མཆོད་མེ་དྲ་རྒྱའི་ནང་རྒྱ་ནག་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་རྩོམ་ཡིག་དང་པར་རིས་འགྲེམས་བཀོད་བྱས་པ་སོགས། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱེད་མཁན་གྱི་ཉེས་མིང་འོག་ལོ་ ༡༥ ཁྲིམས་ཆད་དང་ལོ་ལྔའི་ཆབ་སྲིད་ཀྱི་དབང་ཆ་འཕྲོག་ཡོད་འདུག

ཕྱི་ལོ་ ༡༩༧༠ ལོར་མདོ་སྨད་རྨ་ཆུ་རྫོང་དངུལ་ར་ལྷ་སྡེ་ནས་སྐྱེས་པའི་བོད་ཀྱི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་ནི། ཕྱི་ལོ་ ༢༠༠༥ ལོར་བོད་ཀྱི་སྙན་ངག་པ་གྲགས་ཅན་སྐྱབས་ཆེན་བདེ་གྲོལ་དང་ལྷན་དུ་བོད་ཀྱི་མཆོད་མེ་རྩོམ་རིག་དྲ་བ་གསར་འཛུགས་གནང་མཁན་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༨༩ ལོར་བཙན་བྱོལ་དུ་འབྱོར་ནས་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ལོ་གསུམ་རིང་བོད་ཡིག་དང་དབྱིན་ཡིག་གི་སློབ་གཉེར་བྱས། ཕྱི་ལོ་ ༡༩༩༤ ལོར་ཕྱིར་བོད་དུ་ལོག་རྗེས་ཁོང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་དགེ་རྒན་སོགས་ཀྱི་ཕྱག་ལས་གནང་བར་ངོས་འཛིན་ཐོབ་མྱོང་།  ཕྱི་ལོ་ ༡༩༩༦ ཁོང་གིས་པེ་ཅིན་མི་རིགས་སློབ་ཆེན་ནས་དབྱིན་ཡིག་དང་རྒྱ་ཡིག་སྦྱངས་ལ། ཕྱི་ལོ་ ༡༩༩༧ ནས་ ༡༩༩༩ བར་ལན་ཀྲུའུ་ལ་རྟེན་གཞི་བྱས་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་དབྱིན་ཡིག་སྦྱངས། ཕྱི་ལོ་ ༢༠༠༩ ལོར་ཁོང་གིས་པེ་ཅིན་མི་རིགས་སློབ་ཆེན་ནས་དབྱིན་ཇི་དང་རྒྱ་ཡིག་སོགས་སྦྱངས་མྱོང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese