མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་དཔལ་བཟང་ལགས་འཛིན་བཟུང་བྱས་རྗེས་གར་ཡོད་མི་ཤེས་པར་གྱུར།

བོད་ཀྱི་དུས་བབ།
༢༠༢༢/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་སྒྱུར་སློབ་གསོར་ངོ་རྒོལ་བྱས་རྐྱེན་འོག་བོད་མི་དཔལ་བཟང་ལགས་འཛིན་བཟུང་བྱས་ཏེ། ཟི་ལིང་དུ་འཁྲིད་རྗེས་གར་ཡོད་མ་ཤེས་པར་ཟླ་བཞི་ལྷག་འགྲོ་བཞིན་འདུག

དེ་རིང་འདི་གར་བོད་ནས་ཁུངས་ལྡན་གནས་ཚུལ་ཞིག་འབྱོར་བ་ལྟར་ན།  འདས་ལོའི་ལོ་མཇུག་ཏུ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་ནས་ཡིན་པའི་བོད་མི་དཔལ་བཟང་ཞུ་བ་ཞིག་གིས་རྒྱ་སྒྱུར་སློབ་གསོར་ངོ་རྒོལ་བྱས་པར་བརྟེན། དར་ལག་རྫོང་ཉེན་རྟོག་པས་རང་ཁྱིམ་ནས་འཛིན་བཟུང་བཙན་འཁྲིད་བྱས་ནས་ཟླ་བཞི་ལྷག་འགོར་ཡོད་ཀྱང་། ད་ལྟ་ད་དུང་ཡང་གཞོན་སྐྱེས་ཁོང་གར་ཡོད་ཀྱི་གནས་ཚུལ་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

དེ་ཡང་མིང་བརྗོད་འདོད་མེད་པའི་བོད་ནང་གི་མི་ཞིག་གིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་ནས་ཡིན་པའི་བོད་མི་དཔལ་བཟང་ཞུ་བ་ཞིག་གིས་དྲ་གྲོགས་ཀྱི་ཚོམས་ཤིག་གི་ནང་དུ། རྒྱ་ལ་རྒྱ་ཡིག་དགོས་ན་བོད་ལ་བོད་ཡིག་དགོས་ཅེས་གཏམ་བཤད་བྱས་པ་དང་ཉིན་དེའི་མཚན་མོར་དར་ལག་རྫོང་ཉེན་རྟོག་པ་དཔལ་བཟང་ལགས་ཀྱི་རང་ཁྱིམ་དུ་ཡོང་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

བོད་མི་དཔལ་བཟང་ལགས་འཛིན་བཟུང་བྱས་རྗེས་ཉིན་གྲངས་ ༡༥ རིང་དར་ལག་རྫོང་ཉེས་དོན་ཞིབ་དཔྱོད་ཁང་དུ་བཀག་ཉར་འོག་བཞག་ཡོད་པ་དང་། དེ་རྗེས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་ལྟེ་བ་ཟི་ལིང་དུ་འཁྲིད་ནས་ཟླ་གསུམ་དང་ཕྱེད་ཀ་ལྷག་འགྲོ་བཞིན་ཡོད་ནའང་གར་ཡོད་འདིར་ཡོད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབས་ཀྱི་མེད་སྟབས། ཁོང་གི་ཕ་མ་གཉིས་ཀྱི་གཙོས་ནང་མི་གཉེན་ཉེ་སོགས་ཀྱིས་སེམས་ཁྲལ་བྱེད་བཞིན་ཡོད་པ་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་བྱུང་།

དཔལ་བཟང་ལགས་ཀྱིས་ས་གནས་སློབ་འབྲིང་གི་འཛིན་རིམ་བཞི་བའི་བར་དུ་སློབ་སྦྱོང་བྱས་ཡོད་པ་དང་། དེ་ནས་སློབ་གྲྭར་མ་སོང་བར་དར་ལག་རྫོང་ཐོག་ཏུ་རང་གི་ཕ་མ་གཉིས་དང་ལྷན་དུ་ས་གནས་སུ་ཚོང་ཁང་ཆུང་ཆུང་ཞིག་ཉར་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ནམ་རྒྱུན་དཔལ་བཟང་ལགས་ཀྱིས་ཆང་རག་དང་ཐལ་མག་སོགས་གང་ཡང་འཐུང་གི་མེད་པ་མ་ཟད། མི་གཤིས་བཟང་བོ་ཡོད་སྟབས་ས་གནས་ཀྱི་ལོ་མཉམ་མང་པོས་ཁོང་ལ་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པའི་བརྗོད་པ་ལྟར་ན། བོད་མི་དཔལ་བཟང་ལགས་ནི་ད་ལྟ་རང་ལོ་ ༢༤ ཡིན་པ་དང་ཕ་མིང་ལ་ལྷུན་འགྲུབ་དང་ཨ་མའི་མིང་ལ་ནོར་སྒྲོན་ཟེར་གྱི་ཡོད་འདུག

ས་གནས་གསར་འགོད་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist