མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་གཉིས་པའི་སྟེང་། བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་གྲོས་ཆོད་དོན་ཚན་ལྔ་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བྱེད་བཞིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་མགོ་ཁྲིད་ཚོས་རྒྱ་ནག་གཞུང་ལ་བརྡ་ལན་སྤྲོད་དགོས་པའི་རེ་སྐུལ་ཞུས་གནང་སོང་།

དེ་རིང་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ལྔའི་ནང་། ༡) འཛམ་གླིང་སྤྱི་དང་གླིང་ཆེན་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་སྤྱི་ཚོགས་དང་། དཔལ་འབྱོར། ཁོར་ཡུག་གི་གནས་བབ་སོགས་བརྟན་ལྷིང་ཡོང་ཐབས་སུ་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་སླར་གསོ་དང་བོད་མིའི་ཡ་རབས་བཟང་པོའི་གོམས་གཤིས་སུ་རང་བྱུང་ཁོར་ཡུག་ལ་གཅེས་སྤྲས་བྱེད་པའི་ཐུན་མོང་མ་ཡིན་པའི་ལམ་སྲོལ་བཟང་པོ་ཡོད་པར་རྒྱ་ནག་གཞུང་ཕྱོགས་ནས་ཁ་ཞེ་གཉིས་མེད་ཀྱིས་བརྩི་བཀུར་ཞུ་དགོས་པ་དང་། བོད་ནང་གི་བོད་མི་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བར་ཁྲིམས་འགལ་གྱི་ཉེས་འཛུགས་བྱེད་མི་ཆོག ༢) བོད་ནང་རི་ཉིལ་དང་། གངས་རུད། ཆུ་ལོག ས་ཡོམ་བརྒྱབ་པ་སོགས་བསམ་ཡུལ་ལས་འདས་པའི་རང་བྱུང་གི་གོད་ཆག་འབྱུང་བཞིན་པ་དེ་དག་འགོག་ཐབས་སུ་རྒྱ་ནག་གཞུང་གིས་བོད་ནང་གི་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་མཚམས་འཇོག་བྱས་ཏེ་ཤིང་སྣ་འདེབས་འཛུགས་ཀྱིས་ནགས་ཀླུང་བསྐྱར་གསོ་ཐུབ་པ་བྱ་དགོས་པ་མ་ཟད། རྒྱ་གཞུང་གིས་རང་སྐྱོན་འགེབས་སྲུང་ཁོ་ནའི་ཆེད་བོད་ནང་དུ་རང་བྱུང་གི་གནོད་འཚེ་ཇི་བྱུང་ཕྱི་བསྒྲགས་རྩ་བ་ནས་བྱེད་ཀྱི་མེད་པ་དེ་དག་ཕྱི་གསལ་ནང་གསལ་བཟོ་དགོས། ༣) རྒྱ་གཞུང་གིས་བོད་ནང་གི་འཛུགས་སྐྲུན་གྱི་ལས་གཞི་དང་། གཏེར་ཁ་སྔོག་འདོན་སོགས་མ་བྱས་གོང་ས་གནས་བོད་མིའི་འཚོ་ཐབས་དང་ཁོར་ཡུག་ལ་གནོད་མིན་གྱི་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱས་ཏེ་འཛུགས་སྐྲུན་དང་གཏེར་ཁ་སྔོག་འདོན་བྱེད་ཕྱོགས་ཀྱི་ཁྲིམས་སྒྲིག་ཕྱི་གསལ་ནང་གསལ་བཟོ་དགོས་པ་མ་ཟད། གཏེར་རྫས་དང་བཟོ་གྲྭའི་སྙིགས་རོ་གང་བྱུང་དུ་གཡུག་མི་ཆོག་པའི་དམ་བསྒྲགས་བྱེད་དགོས། ༤) བོད་ཀྱི་ཁོར་ཡུག་སྤྱིའི་གལ་འགངས་དང་ཁྱད་པར་བོད་ཀྱི་ཁོར་ཡུག་གིས་འཛམ་གླིང་སྤྱིའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཇི་ལྟར་བཟོ་མིན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྡེ་ཚན་ཁག་ནས་ཚན་རིག་དང་མཐུན་པའི་ཞིབ་འཇུག་གི་སྙན་ཐོ་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་སྐབས་འདོན་ཐབས་སུ་གཞུང་མང་གཉིས་ནས་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུ། ༥) རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་བོད་མཐོ་སྒང་ཁོར་ཡུག་གི་གལ་ཆེའི་གནད་དོན་ངོས་འཛིན་ཐོག་ཁོར་ཡུག་དང་འབྲེལ་བའི་ཚོགས་འདུ་ནམ་ཚོགས་ལ་བོད་ཀྱི་ཁོར་ཡུག་སྐོར་གླེང་སློང་དང་སྲུང་སྐྱོབ་དགོས་པའི་ཐག་གཅོད་ཡོང་ཐབས་བྱ་དགོས་པ་བཅས་ཡིན་པ་རེད་འདུག

བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་སྤྱི་འཐུས་ཁག་ཅིག་གིས། ཕྱི་ལོ་ ༢༠༡༣ ལོའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་མང་པོ་ཞིག་ཏུ་ཡུལ་སྐོར་སྤྱི་གླིང་ཟེར་བ་ཞིག་བཙུགས་ནས་བོད་རིགས་རོང་འབྲོག་མང་ཚོགས་ལ་དབང་བའི་ས་ཆ་བཙན་གྱིས་ཕྲོགས་ཏེ། བོད་ནང་གི་རང་བྱུང་ཁོར་ཡུག་ཏུ་ཡུལ་སྐོར་ས་ཚིགས་བཙུགས་པ་དང་། རང་བྱུང་གཏེར་ཁ་སོགས་སྔོག་འདོན་བྱས་ནས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་མུས་ཡིན་སྟབས། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་སྡེ་ཁག་གིས་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ལ་གཟིགས་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་།  དེ་བཞིན་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་གི་གཞུང་འབྲེལ་གྲོས་གཞི་གྲོས་འཆར་གྱི་ཡིག་ཆའི་སྔོན་གླེང་དུ། འཛམ་གླིང་ཡང་རྩེ་བོད་ཁ་བ་གངས་ཅན་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་ ༤༠༠༠ ཙམ་གྱི་སར་ཆགས་ཡོད་པས་འཛམ་གླིང་ནང་གི་ཆེས་མཐོ་བའི་ས་བབ་རྒྱ་ཁྱོན་ཆེ་ཤོས་དེ་ཆགས་ཡོད་པ་མ་ཟད། བོད་ཀྱི་ས་ཁྱོན་གྲུ་བཞི་མ་ཀི་ལོ་མི་ཊར་ ༡༠༥༠༠༠ ཐོག་འཁྱགས་རོམ་གྲངས་ ༤༦༠༠༠ གིས་ཁེངས་པའི་འཛམ་གླིང་ནང་གི་དྭངས་ཤིང་གཙང་བའི་ཆུའི་འབྱུང་ཁུངས་ཆེ་ཤོས་དང་། ལྷོ་སྣེ་དང་བྱང་སྣེ་གཉིས་ཀྱི་རྗེས་སུ་འཁྱག་མཛོད་ཆེ་ཤོས་གསུམ་པ་དེ་ཆགས་ཀྱི་ཡོད་པར་བརྟེན། དེང་གི་ཆར་བོད་ལ་གོ་ལའི་སྣེ་མོ་གསུམ་པ་ཞེས་འབོད་བཞིན་ཡོད། བོད་མཐོ་སྒང་གི་འཁྱགས་རོམ་ནས་རྒྱུགས་བཞིན་པའི་ཆུ་བོ་ལྟ་བུར་མཚོན་ན། གླང་ཆེན་ཁ་འབབ་དང་། རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ། སེངྒེ་ཁ་འབབ། འབྲི་ཆུ། རྨ་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ་སོགས་ཀྱི་ཆུ་མགོ་བོད་ནང་དུ་ཡོད་ལ། འཛམ་གླིང་ནང་གི་མི་འབོར་མང་ཤོས་ཡོད་པའི་ཨེ་ཤེ་ཡའི་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གཉིས་དང་། པ་ཀི་སི་ཐུནུ། བུལ་ཡུ།  བྷང་ལ་དྷེ་ཤི། བྷར་མ། ཐའེ་ལེནཌ། ལའོ་སི། ཀམ་བྷོ་ཌི་ཡ། ཝེ་ཏི་ནམ་བཅས་འཛམ་གླིང་ནང་གི་མི་འབོར་དུང་ཕྱུར་མང་པོའི་འཚོ་གནས་དང་དཔལ་འབྱོར་གནས་བབ་སོགས་ཀྱི་ཆུ་ཡི་དགོས་མཁོ་སྐོང་མཁན་ནི་བོད་ནས་བཞུར་བའི་ཨེ་ཤེ་ཡའི་ཆུ་བོ་ཆེན་པོ་དེ་དག་ཆགས་ཀྱི་ཡོད། ཅེས་འཁོད་ཡོད་འདུག

ཡང་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ལ་བཙན་འཛུལ་དང་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་བརླག་ཏུ་གཏོང་ཆེད་རིག་གནས་གསར་བརྗེ་ཟེར་བ་སོགས་ཀྱི་སྲིད་བྱུས་རབས་དང་རིམ་པ་ལག་བསྟར་བྱས་པ་ཙམ་དུ་མ་ཟད། ལོ་རབས་བདུན་ཅུ་པ་ནས་བཟུང་བོད་ནང་ཤིང་ནགས་གཅོད་འབྲེག་དང་། གཏེར་ཁ་སྔོག་འདོན། གཙང་ཆུ་བཀག་སྐྱིལ་སོགས་ཁྲིམས་མེད་ལུགས་མེད་ངང་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་ཚད་ལས་བརྒལ་བ་བཏང་བ་མ་ཟད། ལམ་ཆེན་དང༌། ལྕགས་ལམ། གནམ་ཐང་གསར་སྐྲུན་སོགས་ལ་ཁག་དཀྲིས་ཏེ་ཁོར་ཡུག་ལ་དོ་ཕོག་འགྲོ་བའི་འཛུགས་སྐྲུན་གྱི་ལས་གཞི་ཚད་ལས་བརྒལ་བ་བྱས་ཡོད་པར་བརྟེན། བོད་ནང་ནད་ཡམས་དང་མུ་གེ། ས་རུད། ཆུ་ལོག ས་ཡོམ་བརྒྱབ་པ་སོགས་རང་བྱུང་གི་གནོད་འཚེའི་གོད་ཆག་སྔར་བྱུང་མྱོང་མེད་པ་ཡང་ཡང་ཐོན་བཞིན་ཡོད་པ་ཙམ་དུ་མ་ཟད། བོད་མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་བྱུང་ནས། རྒྱ་གར་དང་རྒྱ་ནག་གཙོ་བོར་གྱུར་པའི་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་ཆར་དུས་ལའང་ཤུགས་རྐྱེན་ཐེབས་ཏེ་ཆར་ཞོད་མང་ཉུང་དོ་སྙོམ་མེད་པའི་རང་བྱུང་གི་གོད་ཆག་ཡང་ཡང་ཐོན་བཞིན་ཡོད། ཅེས་འཁོད་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་དང་དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

པདྨ་ཚེ་བརྟན། བོད་བརྙན་གྱི་ཤིང་རྟའི་སྲོལ་འབྱེད།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་ཀྱིས་སྣང་མེད་དུ་བཏང་བའི་ཉེན་བརྡ། རྒྱལ་ལོ་དོན་གྲུབ་དང་རྒྱ་ནག་གི་བཙན་འཛུལ།

༢༠༢༦/༡༡/༡༤
The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

༢༠༢༦/༡༡/༡༣
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

༢༠༢༦/༡༡/༡༣
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese