མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་གནམ་གྲུ་ཞིག་ལ་བརྡབ་སྐྱོན་བྱུང་སྟེ་མི་གྲངས་ ༡༣༢ རྐྱེན་འདས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༢/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གི་གནམ་གྲུ་ཞིག་ལ་བརྡབ་སྐྱོན་བྱུང་ནས་མི་གྲངས་ ༡༣༢ རྐྱེན་འདས་སུ་ཕྱིན་པར་ཐུགས་གསོ་གནང་།

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་ཀོང་མིན་ (Kunming) ནས་ཀང་ཀྲུའུ་ (Guangzhou) གྲོང་ཁྱེར་དུ་འཕུར་སྐྱོད་བྱེད་བཞིན་པའི་གནམ་གྲུ་ (China Eastern Flight MU5735) ཞིག་ལ་མཐོ་ཚད་ཧྥི་ཊུ་ཁྲི་ ༣ གྱི་བར་སྣང་ནས་གློ་བུར་ཆགས་སྐྱོན་བྱུང་སྟེ། ཀཱང་ཤི་ས་ཁུལ་གྱི་ནགས་ཚུལ་ཞིག་ཏུ་ལྷུང་རྗེས།  གནམ་གྲུ་དང་གནམ་གྲུའི་ཁ་ལོ་བ་གཙོས་ཞབས་ཞུ་བ་དང་། འགྲུལ་བཞུད་པ་ཁྱོན་མི་གྲངས་ ༡༣༢ བཅས་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། གནམ་གྲུ་བརྡབ་སྐྱོན་བྱུང་ཡུལ་གྱི་ནགས་ཚལ་ལ་མེ་སྐྱོན་ཤོར་ཡོད་སྟབས། གནམ་གྲུའི་ནང་གི་མི་ཚང་མ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་ལྷོ་ཕྱོགས་ཁུལ་དུ་འགྲིམ་འགྲུལ་བ་ ༡༣༢ ཡོད་པའི་གནམ་གྲུ་ཞིག་དེར་བརྡབ་སྐྱོན་བྱུང་བའི་གནས་ཚུལ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྒེར་གྱི་ཊུ་ཝི་ཊར་སྟེང་། རྒྱ་ནག་ནང་གནམ་གྲུ་བརྡབ་སྐྱོན་བྱུང་བའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་བློ་ཕམ་བྱུང་། དེར་བརྟེན་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ། རྐྱེན་འདས་ཕྱིན་པའི་ནང་མི་དང་གྲོགས་པོ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་དང་སྨོན་ལམ་འདེབས་ཀྱི་ཡིན། ཞེས་བརྗོད་འདུག

གནམ་གྲུ་བརྡབ་སྐྱོན་གྱི་དོན་རྐྱེན་བྱུང་མ་ཐག་རྒྱ་ནག་ཤར་ཕྱོགས་ཀྱི་མཁའ་སྐྱོད་འགྲུལ་ལམ་ཡོངས་བཀག་སྡོམ་བྱས་ཡོད་པ་མ་ཟད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། གནམ་གྲུ་བརྡབ་སྐྱོན་གྱི་དོན་རྐྱེན་དེའི་ཐོག་ལ་འཕྲལ་དུ་རྟོག་ཞིབ་དགོས་པའི་བཀའ་བཏང་བ་དང་འབྲེལ། གནམ་གྲུ་བརྡབ་སྐྱོན་བྱུང་ཡུལ་དུ་མྱུར་སྐྱོབ་པ་ ༦༠༠ ལྷག་བཏང་ཡོད་པ་དང་། དོན་རྐྱེན་བྱུང་ཡུལ་དུ་ཐོག་མར་མེ་གསོད་རུ་ཁག་འབྱོར་ནས་ནགས་ཚལ་གྱི་མེ་སྐྱོན་དཀའ་ངལ་སེལ་ཐུབ་ཡོད་ཀྱང་། དེ་རིང་ད་དུང་ཀྱང་མེར་འཚིག་པའི་གནམ་གྲུའི་ཆ་ཤས་ཅུང་ཙམ་རེ་དང་འགྲུལ་བ་ཁག་ཅིག་གི་འཛིན་བྱང་དང་དངོས་པོ་ཆུང་ངུ་ཙམ་ལས་གནམ་གྲུའི་ནང་གི་མི་གཅིག་ཀྱང་རྙེད་སོན་བྱུང་མེད་པ་རེད་ལ། དེ་རིང་ཆེད་དུ་རྒྱ་ནག་སྲིད་བློན་གཞོན་པ་ལོའུ་ཧེ་ཟེར་བ་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱས་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་སྟེང་གསལ་འདུག

ད་ལྟ་གནམ་གྲུ་དེ་བརྡབ་སྐྱོན་བྱུང་བའི་རྒྱུ་རྐྱེན་ཅི་ཡིན་གསལ་རྟོགས་ཐུབ་ཀྱི་མེད་ནའང་། དེ་འབྲེལ་ཐད་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་(Global Times) ཀྱི་རྩོམ་སྒྲིག་པ་ (Wang Yan’an) ཡིས། གནམ་གྲུ་འཕུར་སྐྱོད་བྱེད་བཞིན་པའི་སྐབས་གློག་མེད་པར་ཆགས་པས། གནམ་གྲུའི་ཁ་ལོ་བས་གནམ་གྲུ་སྟངས་འཛིན་བྱེད་མ་ཐུབ་པར་བརྡབ་སྐྱོན་བྱུང་ཡོད་སྲིད་སྐོར་བརྗོད་ཡོད་པ་དང་། ཁ་སང་གནམ་གྲུ་བརྡབ་སྐྱོན་བྱུང་ཡུལ་ཁུལ་དུ་གནམ་གཤིས་ལེགས་པོ་མེད་པ་ཡིན་འདུག

ཕྱི་ལོ་ ༢༠༡༠ ཟླ་ ༨ པའི་ནང་གནམ་གཤིས་གནས་སྟངས་ཡག་པོ་མེད་པའི་དཀའ་ངལ་འོག་རྒྱ་ནག་ (Harbin) ནས་བྱང་ཤར་ཁུལ་གྱི་ (Yichun) ས་ཁུལ་དུ་འཕུར་སྐྱོད་བྱེད་བཞིན་པའི་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་སྟེ་མི་ ༤༢ རྐྱེན་འདས་སུ་ཕྱིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༤ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese