མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྒྱལ་སྤྱིའི་ཀོ་ནི་ཧྥ་བུད་མེད་ཀྱི་རྐང་སྤོལ་འགྲན་ཚོགས་ཐོག་མ་གོ་སྒྲིག་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྒྱ་གར་ནང་ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་ཀོ་ནི་ཧྥ་བུད་མེད་ཀྱི་རྐང་སྤོལ་འགྲན་སྡུར་ཐོག་མ་གོ་སྒྲིག་གནང་གི་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཀོ་ནི་ཧྥ་བུད་མེད་རྐང་སྤོལ་མཐུན་ཚོགས་ཀྱིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པར། ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་ཀོ་ནི་ཧྥ་བུད་མེད་རྐང་སྤོལ་རྩེད་འགྲན་གོ་སྒྲིག་གནང་དགོས་པའི་འཕྲིན་ཡིག་ཅིག་འབྱོར་ཡོད་པ་ལྟར། འཕྲིན་ཡིག་དེའི་ནང་ཀོ་ནི་ཧྥ་བུད་མེད་རྐང་སྤོལ་མཐུན་ཚོགས་ཀྱིས། ང་ཚོས་བོད་མི་ཡོངས་དང་ལྷན་དུ་འཛམ་གླིང་ལ་བོད་ཀྱི་མཛེས་སྡུག་དང་ལོ་རྒྱུས། རིག་གཞུང་དང་ཡུལ་སྲོལ་སོགས་ངོ་སྤྲོད་བྱ་རྒྱུ་ཙམ་དུ་མ་ཟད། བོད་ཀྱི་རིག་གཞུང་དང་ཡུལ་སྲོལ། ལོ་རྒྱུས་སོགས་བརྒྱུད་ནས་མི་ཚང་མར་འཛམ་གླིང་འདི་སྔར་ལྷག་གི་གནས་སྟངས་བཟང་ཕྱོགས་སུ་བསྒྱུར་བར་ཕན་ཐོགས་ཀྱི་ཡོད།  དེ་བཞིན་ང་ཚོས་ཕྱི་ཟླ་ ༧ ཚེས་ ༦ ཉིན་༧གོང་ས་༧ཏཱ་ལའི་བླ་མའི་འཁྲུངས་སྐར་སྲུང་གཙི་ཞུ་རྒྱུར་རེ་སྒུག་བྱེད་བཞིན་ཡོད། ཅེས་བརྗོད་འདུག

དེ་རིང་འདི་གའི་གསར་འགོད་པས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་བསྟན་འཛིན་རིན་ཆེན་ལགས་སུ་ཕྱི་ལོ་ ༢༠༢༢ ལོའི་ཀོ་ནི་ཧྥ་བུད་མེད་རྐང་སྤོལ་རྩེད་འགྲན་ (CONIFA) དེ་ས་གནས་དང་དུས་ཚེས་སོགས་གཏན་ཁེལ་ཡོད་མེད་དྲིས་པར།  ཀོ་ནི་ཧྥ་བུད་མེད་རྐང་སྤོལ་རྩེད་འགྲན་དེ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ ༦ བར་འཚོག་འཆར་ཡོད་པ་དང་རྒྱ་གར་ནང་འཚོག་རྒྱུ་བྱས་པ་རེད། རྒྱ་གར་གྱི་ས་གནས་གང་དུ་འཚོག་རྒྱུ་ཡིན་མིན། ང་ཚོས་གསལ་བསྒྲགས་བྱས་རྗེས་ཤེས་ཡོང་གི་རེད། ཅེས་བརྗོད་བྱུང་།

བསྟན་འཛིན་རིན་ཆེན་ལགས་ཀྱིས་གསུངས་པ་ལྟར་ན། ད་ལན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པར་རྒྱལ་སྤྱིའི་ཀོ་ནི་ཧྥ་བུད་མེད་རྐང་སྤོལ་རྩེད་འགྲན་བསྡུ་སྐོང་བྱེད་པའི་གོ་སྐབས་ཐོབ་པ་ནི། རྒྱལ་སྤྱིའི་ཀོ་ནི་ཧྥའི་ཚོགས་པ་དང་གྲོས་བསྡུར་གྱིས་བྱུང་བ་ཞིག་ཡིན་ཞིང་། དམིགས་བསལ་ད་སྔ་བར་བོད་པའི་ངོས་ནས་རྐང་སྤོལ་རྩེད་འགྲན་དེ་གོ་སྒྲིག་ཞུས་མྱོང་མེད་པ་དང་། འདི་ལོའི་རྒྱལ་སྤྱིའི་རང་བཞིན་གྱི་བུད་མེད་རྐང་སྤོལ་རྩེད་འགྲན་ནང་བོད་པའི་རྐང་སྤོལ་རུ་ཁག་གཅིག་དང་་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་བུད་མེད་རྐང་སྤོལ་རུ་ཁག་ཁྱོན་ ༨ བཅས་ཀྱིས་མཉམ་ཞུགས་གནང་གི་ཡོད་འདུག་ལ། རྐང་སྤོལ་རྩེད་འགྲན་གྱི་འགྲོ་གྲོན་ཡོངས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གཏང་རྒྱུ་ཡོད་འདུག

ཡང་རྐང་སྤོལ་རྩེད་འགྲན་དེ་གོ་སྒྲིག་གནང་བ་བརྒྱུད་བོད་དོན་དྲིལ་བསྒྲགས་ཁྱབ་ཆེན་པོ་འགྲོ་ཡི་ཡོད་པའི་ཐད་དགོངས་འཆར་ག་རེ་ཡོད་སྐོར་ལ་བསྟན་འཛིན་རིན་ཆེན་ལགས་ཀྱིས། ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་ལ་སོགས་པ་མང་པོ་ཞིག་བཏོན་རྒྱུའི་གོ་སྐབས་བཟང་པོ་རག་གི་ཡོད་པ་དང་། ཕྱི་རྒྱལ་ཁག་ལ་རྩེད་མོ་རྩེད་མཁན་གྱི་རུ་ཁག་མ་གཏོགས་དམིགས་བསལ་གྱིས་འགྲོ་རྒྱུའི་གོ་སྐབས་རག་གི་མེད་པ་དང་། ང་ཚོས་སྦྱོང་བརྡར་མང་པོ་བྱེད་དགོས་ཀྱི་ཡོད་རེད། རྒྱ་གར་ནང་དུ་རྩེད་འགྲན་འཚོགས་པ་ཡིན་ན། ང་ཚོའི་གཞས་སྣ་འཁྲབ་སྟོན་དང་དགོན་པ་མཇལ་རྒྱུ་ཡོད་པ།  དེ་བཞིན་ཕྱི་རྒྱལ་མི་དེ་དག་གིས་ང་ཚོའི་བཙན་བྱོལ་གྱི་གནས་སྟངས་དང་བོད་པ་ག་འདྲ་གནས་ཡོད་པ་སོགས་ཤེས་རྟོགས་ཐུབ་པའི་གོ་སྐབས་ཡག་པོ་ཡོད་པ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

འདས་ལོའི་ཕྱི་ཟླ་ ༦ ཚེས་ ༢༣ ནས་ ༣༠ བར་ཡུ་རོབ་ཀྱི་རྒྱལ་ཁབ་རོ་མ་ནི་ཡའི་ (Romania) སི་ཁ་ལེར་ལན་ཌི་ (Szeklerland) ནང་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་ཀོ་ནི་ཧྥ་ (CONIFA) བུད་མེད་རྐང་སྤོལ་འགྲན་བསྡུར་ནང་བོད་ཀྱི་བུད་མེད་རུ་ཁག་མཉམ་ཞུགས་བྱ་གཏན་འཁེལ་ཡོད་ཀྱང་། འདས་ལོའི་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཚོགས་པའི་ངོས་ནས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག རྐང་སྤོལ་རྩེད་འགྲན་དེ་ཚོགས་ཐུབ་ཐབས་མེད་པའི་ཡོངས་བསྒྲགས་བྱས་ཡོད་འདུག

ཀོ་ནི་ཧྥ་རྐང་སྤོལ་མཐུན་ཚོགས་ (Confederation of Independent Football Associations) ཐོག་མར་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༧ ཉིན། ཧྥི་ཧྥ་རྒྱལ་སྤྱིའི་རྐང་སྤོལ་མཐུན་ཚོགས་ཀྱི་ངོས་འཛིན་མེད་པའི་རྒྱལ་ཁབ་དང་ས་ཁུལ་གྱི་རྐང་སྤོལ་རུ་ཁག་རྣམས་ལ་དམིགས་ཏེ་མགོ་བརྩམས་པ་ཞིག་ཡིན་པ་དང་། ཆེས་ཐོག་མའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་བསྡུར་དེ་ཕྱི་ལོ་ ༢༠༡༤ ལོར་སི་ཝེ་ཌན་དུ་ཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་མཐུན་ཚོགས་དེས་གོ་སྒྲིག་བྱས་པའི་རྐང་སྤོལ་རྩེད་འགྲན་ནང་ཞུགས་མྱོང་ཡོད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༥ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༡ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese