མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ཟེར་བ་རྒྱ་གར་ནང་འབྱོར་བར་ངོ་རྒོལ་ལས་འགུལ་སྤེལ།

བོད་ཀྱི་དུས་བབ།
༢༠༢༢/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ཟེར་བ་གཞུང་འབྲེལ་ཐོག་ནས་རྒྱ་གར་ནང་འབྱོར་ཡོད་པར་བརྟེན། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་གཞོན་ནུ་ལྷན་ཚོགས་གཉིས་ནས་ཝང་ཡེ་རྒྱ་གར་ནང་ཡོང་བར་ངོ་རྒོལ་དང་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ཀློད་གྲོལ་གཏོང་དགོས་པ་སོགས་ཀྱི་འབོད་སྐུལ་འོག་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ལོ་གཉིས་རིང་རྒྱ་དཀར་ནག་གཉིས་བར་མོས་མཐུན་ཡོད་པའི་ངེས་གཏན་གྱི་ས་མཚམས་སུ་རྩོད་རྙོག་བྱུང་ཡོད་པར་བརྟེན། ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་ཕྱི་དྲོར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ (Wang Yi) ཟེར་བ་་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འབྱོར་བ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བསྟན་འཛིན་ལེགས་ལྡན་ལགས་དང་བསྟན་འཛིན་བློ་བཟང་ལགས་གཉིས་ནས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཟེར་བ་རྒྱ་གར་ནང་ཡོང་བར་ངོས་ལེན་མེད་པའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འབྲེལ་མཐུད་པ་བསྟན་འཛིན་པ་སངས་ལགས་སུ་ཝང་ཡེ་ལ་ངོ་རྒོལ་ལས་འགུལ་སྤེལ་དགོས་དོན་སྐོར་དྲིས་པར། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༧།༣༠ ཡས་མས་ཤིག་ལ་ལྡི་ལིའི་རྒྱལ་སྤྱིའི་གནམ་ཐང་དུ། ལས་འགུལ་འབྲེལ་མཐུད་པ་ (Campaign Coordinator) བསྟན་འཛིན་ལེགས་ལྡན་ལགས་ཀྱིས་ཝང་ཡེ་རྒྱ་གར་ནང་ཡོང་བར་འདོད་པ་མེད། རྒྱ་དཀར་ནག་གི་ས་མཚམས་མ་རེད། ཧིན་བོད་ཀྱི་ས་མཚམས་རེད། ཝང་ཡེར་རྒྱ་གར་དང་བོད་ཀྱི་ས་མཚམས་ཐོག་སྐད་ཆ་ཤོད་རྒྱུའི་ཐོབ་ཐང་མེད། བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན། ཞེས་སྐད་འབོད་ཀྱི་ལམ་ནས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།  དེ་རིང་ཝང་ཡེ་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གཉིས་ཚོགས་འདུ་འཚོག་བཞིན་ཡོད་པས། ང་ཚོས་སྐད་འབོད་བརྒྱག་རྒྱུའི་འཆར་གཞི་ཡོད། ཅེས་དང་། ད་རེས་ཐུག་འཕྲད་སྐབས་རྒྱ་གར་ངོས་ནས་བོད་རང་བཙན་ཐོབ་པ་ཡིན་ན་རྒྱ་གར་ལ་ཕན་ཐོགས་པ་དང་། རྒྱ་གར་གྱི་ས་མཚམས་བརྟན་སྲུང་ལ་ཕན་ཐོགས་ཆེ་བའི་གནད་དོན་ཁག་གཞིར་བཞག་ནས་གྲོས་མོལ་བྱ་དགོས་པའི་འབོད་སྐུལ་དང་། རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་བྱ་རྒྱུའི་མཚོན་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ཀློད་གྲོལ་དགོས་པའི་བརྡ་ལན་སྤྲོད་ཀྱི་ཡོད་སྐོར་སོགས་བརྗོད་བྱུང་།

ཡང་འདི་གའི་གསར་འགོད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འགན་འཛིན་དང་ལས་འགུལ་བ་སྤེན་པ་ཚེ་རིང་ལགས་སུ་དེ་རིང་གི་ངོ་རྒོལ་ལས་འགུལ་སྤེལ་བའི་སྐོར་དྲིས་པར་ཁོང་གིས། ལས་འགུལ་འདིའི་ནང་ལྡི་ལི་ས་གནས་གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་མི་ ༨ མཉམ་ཞུགས་གནང་ཡོད་པ་རེད། དེ་རིང་ལས་འགུལ་སྤེལ་དགོས་པའི་དགོས་འདུན་དང་པོ་ནི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གཉིས་རྒྱ་གར་གྱི་ (Hyderabad House) ལ་ཚོགས་འདུ་འཚོག་གི་ཡོད་པ་དང་ཚོགས་འདུ་དེའི་ནང་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་གནད་དོན་ཐོག་ལ་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་ལ་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་གནད་དོན་ཐོག་ལ་གྲོས་བསྡུར་བྱ་རྒྱུའི་ཐོབ་ཐང་མེད། གལ་སྲིད་བོད་དང་རྒྱ་གར་གྱི་ས་མཚམས་རྩོད་རྙོག་དེ་སེལ་དགོས་ཀྱི་ཡོད་ན། བོད་རང་བཙན་མ་ཐོབ་བར་དུ་དཀའ་ངལ་སེལ་ཐུབ་ཀྱི་མ་རེད། བོད་རང་བཙན་ཐོབ་ན་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་དཀའ་ངལ་ཡོངས་སུ་རྫོགས་པ་སེལ་ཐུབ་ཀྱི་རེད། དགོས་འདུན་གཉིས་པ་ནི་བོད་དང་ཧོང་ཀོང་། ཐའེ་ཝན་སོགས་ལ་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་མེད་པའི་འགན་ཆ་ཚང་རྒྱ་ནག་གཞུང་གིས་འཁུར་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སྤྲོད་དགོས་ཀྱི་ཡོད། དགོས་འདུན་གསུམ་པ་ནི་བོད་ནང་དུ་ཡོད་པའི་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས་ཀྱི་ཡོད། ཅེས་དང་། ད་ལྟའི་ཆར་གཞོན་ལྷན་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ ༨ རྒྱ་གར་་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
དེ་རིང་རྒྱ་གར་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཉིས་ཐུག་འཕྲད་ཀྱིས་ཆུ་ཚོད་ ༣ རིང་གླེང་མོལ་བྱས་ཡོད་པ་དང་། དེ་ཡང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ (Jaishankar) གྱིས། ང་ཚོས་ཆུ་ཚོད་ ༣ རིང་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྐོར་དང་། དེ་སྔ་ཕྱི་ལོ་ ༢༠༢༠ ཟླ་ ༤ བའི་ནང་རྒྱ་ནག་གི་བྱ་སྤྱོད་ཀྱིས་ཕྱོགས་གཉིས་ཀྱི་ཐུན་མོང་གི་འབྲེལ་ལམ་ལ་ཟིང་འཁྲུག་བསླངས་པའི་སྐོར་གླེང་སློང་བྱས་པ་ཡིན། དེ་ཡང་གཙོ་བོ་ས་མཚམས་ཀྱི་གནས་སྟངས་སྐོར་ལ་གླེང་མོལ་དང་རྩོད་རྙོག་མཚམས་འཇོག་ཇི་ལྟར་མགོ་འཛུགས་བྱ་དགོས་པའི་སྐོར་གླེང་མོལ་བྱས་པ་ཡིན། ཞེས་དང་། ད་ལྟའི་ཆར་རྒྱ་གར་དང་རྒྱ་ནག་གི་འབྲེལ་ལམ་ཡག་པོ་མེད་པ་དང་། ས་མཚམས་ཁུལ་དུ་དམག་དཔུང་མང་པོ་ཡོད་པའི་རྐྱེན་གྱིས་ཕྱོགས་གཉིས་བར་ཕན་ཚུན་རྩོད་རྙོག་བྱུང་གི་ཡོད་པ་དང་། ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀྱི་གྲོས་མོལ་འབྲེལ་ལམ་ཡག་པོ་འགྲོ་བཞིན་པ་དང་བསྟུན། ས་མཚམས་ཀྱི་རྩོད་རྙོག་ཞི་འགྲིག་དང་དམག་མི་འབོར་ཆེན་འགྲེམས་འཇོག་བྱེད་བཞིན་པ་ཕྱིར་འཐེན་ཡོང་བར་རེ་སྒུག་བྱེད་ཀྱི་ཡོད། ཅེས་དང་ས་མཚམས་སུ་དམག་མི་མང་པོ་འགྲེམས་འཇོག་བྱས་པ་དེ་ཕྱི་ལོ་ ༡༩༩༣ ནས་ ༡༩༩༦ བར་གྱི་གྲོས་མཐུན་དང་འགལ་གྱི་ཡོད་པ་དང་།  ཐུག་འཕྲད་སྐབས་ད་དུང་རྒྱ་ནག་ནང་སློབ་སྦྱོང་སྦྱོང་བཞིན་པའི་རྒྱ་གར་གྱི་སློབ་ཕྲུག་སྐོར་ཞིག་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་ཕྱིར་རྒྱ་གར་དུ་ལོག་ཐུབ་ཀྱི་མེད་པའི་གནད་དོན་དང་། ཨབ་གྷ་ནི་སི་ཐན་དང་ཡུ་ཀེ་རེན་གཉིས་ཀྱི་རྩོད་རྙོག་སྐོར།  ཡུ་ཀེ་རེན་གྱི་རྩོད་རྙོག་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་སྐོར་སོགས་བརྗོད་འདུག

ཁ་སང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ཟེར་བ་རྒྱ་གར་ལ་མ་ཡོང་གོང་། ཉིན་གསུམ་རིང་པཱ་ཀི་སི་ཐན་གྱི་རྒྱལ་ས་ཨི་སི་ལམ་བྷ་ཌ་ (Islamabad) ནང་གི་ཁ་ཆེའི་མཉམ་འབྲེལ་ཚོགས་པའི་ (Organisation of Islamic Cooperation) ཚོགས་འདུ་ཞིག་གི་སྟེང་ཞུགས་ཡོད་པ་དང་། ད་རེས་ནི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་རྒྱ་གར་ནང་གཞུང་འབྲེལ་བསྐོར་སྐྱོད་དུ་ཡོང་བ་ཐོག་མ་ཆགས་ཀྱི་ཡོད་པ་དང་། ད་སྔ་བར་རྒྱ་དཀར་ནག་གཉིས་བར་ལ་དྭགས་ཁུལ་གྱི་གཙོས་མོས་མཐུན་ཡོད་པའི་ངེས་གཏན་གྱི་ས་མཚམས་ཀྱི་རྩོད་རྙོག་ཐོག་གྲོས་མོལ་ཐེངས་ ༡༥ བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༢ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༣ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese