མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་དྲུག་ལས་བཞི་གཏན་འབེབས་བྱུང་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་དྲུག་ལས། དམིགས་བསལ་བསྐོ་གཞག་གི་ལས་བྱེད་ཀྱི་གྲངས་འབོར་ ༡༨ ནས་ ༩ ལ་མར་བཅག་པ་སོགས་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཞི་གཏན་འབེབས་བྱུང་།

ཁ་སང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་ར་བའི་ནང་། དམིགས་བསལ་བསྐོ་གཞག་གིས་མཚོན་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་ ༦ ལ་བསྐྱར་བཅོས་ཁྲིམས་འཆར་བཏོན་པར། དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བགྲོ་གླེང་དང་འོས་བསྡུ་བརྒྱུད། སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ ༢ ལ་སྤྱི་མོས་དང་། ཁྲིམས་འཆར་ ༢ ལ་མང་མོས་བཅས་ཀྱི་ཐོག་ནས་གཏན་འབེབས་གནང་སོང་ལ། ཞབས་གཡར་དང་ཆོད་དོན་བསྐོ་གཞག་དང་། དམིགས་བསལ་བསྐོ་གཞག་སྐོར་གྱི་སྒྲིག་གཞི་བསྐྱར་བཅོས་ ༢ ལ་སྤྱི་འཐུས་ངོ་ཡོད་ཀྱི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་པའི་རྐྱེན་གྱིས་གཏན་འབེབས་བྱུང་ཐུབ་མ་སོང་།

དེ་ཡང་ད་ཡོད་ལས་བྱེད་འདེམས་ལྷན་གྱི་སྒྲིག་གཞི་དོན་ཚན་ ༡༩ པ་དམིགས་བསལ་བསྐོ་གཞག་སྐོར་གྱི་ནང་གསེས་དོན་ཚན་ ༤ པ། དམིགས་བསལ་དགོས་གལ་བྱུང་ཚེ་འབྲེལ་ཡོད་བཀའ་བློན་ལས་ཁུངས་སོ་སོའི་འཆར་འབུལ་ལྟར་བཀའ་ཤག་ནས་ལས་བྱེད་ས་མིག་རྩ་འབོར་གྱི་བརྒྱ་ཆ་ ༣ མམ་ལས་བྱེད་མི་གྲངས་ ༡༨ ལས་མ་མང་བ་ལོ་དུས་རྒྱས་བཅད་ཐོག་བཀའ་ཤག་སྐབས་སོ་སོའི་ལས་ཡུན་རིང་ལས་བྱེད་འདེམས་ལྷན་དང་གོ་བསྡུར་གྱིས་ཐད་བསྐོ་ཆོག་རྒྱུ། ལས་བྱེད་དེ་རིགས་བཀའ་ཤག་སྐབས་སོ་སོའི་ལས་ཡུན་འཁྱུར་རྗེས་ཟླ་གསུམ་ནང་ཚུན་ལས་མཚམས་འཇོག་དགོས། དེ་དག་གི་ལས་འགན་དང་། གནས་རིམ། ཕོགས་ཐོབ། ཁེ་ཕན་གཞན་བཅས་བཀའ་ཤག་གིས་གཏན་འབེབས་བྱ་རྒྱུ། ཞེས་པ་དེ་ཉིད། སྐུ་ཚབ་དོན་གཅོད་ཁག་ཏུ་རྒྱ་རིགས་འབྲེལ་མཐུད་པ་དང་། ལྟ་གྲུབ་དགེ་རྒན་གྱི་ས་མིག་ཏུ་ལས་བྱེད་བསྐོ་གཞག་དགོས་གལ་བྱུང་ཚེ། ཟུང་དྲུང་མན་གྱི་གནས་རིམ་དུ་འབྲེལ་ཡོད་བཀའ་བློན་ལས་ཁུངས་སོ་སོའི་འཆར་འབུལ་ལ་བཀའ་ཤག་གིས་རྒྱབ་གཉེར་བརྒྱུད་ལས་བྱེད་འདེམས་ལྷན་ལ་བཀའ་འཁྲོལ་ཞུས་ཏེ་མང་མཐར་ལས་ཡུན་ལོ་ལྔའི་རིང་དམིགས་བསལ་བསྐོ་གཞག་ཆོག་རྒྱུ། ལས་བྱེད་འདི་རིགས་བཀའ་ཤག་སྐབས་རེའི་ཡུན་ཚད་ནང་ས་མིག་རྩ་འབོར་གྱི་བརྒྱ་ཆ་ ༡།༥ ལས་བརྒལ་བ་བསྐོ་གཞག་མི་ཆོག ཅེས་བཀའ་ཤག་གིས་དམིགས་བསལ་ཐད་ཀར་བསྐོ་གཞག་ཆོག་པའི་ལས་བྱེད་ཀྱི་གྲངས་དེ་ ༡༨ ནས་ ༩ ལ་མར་བཅག་ཡོད་ཅིང་། བསྐྱར་བཅོས་ཁྲིམས་འཆར་དེར་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དམིགས་བསལ་བསྐོ་གཞག་གི་གྲངས་ ༩ ལ་གཅོག་དགོས་དོན་ཅི་ཡིན་ཐད་ལ། དེ་སྔ་དམིགས་བསལ་བསྐོ་གཞག་གི་ནང་གསེས་དོན་ཚན་ ༤ པ་དེ་བཟོས་པའི་རྗེས་ལ་གནས་རིམ་དྲུང་འཕར་དང་དྲུང་ཆེའི་ཐོག་ལ་བསྐོས་པ་བྱུང་ཡོད་པར་སོང་། མ་འོངས་དེ་ལམ་ལུགས་ཀྱི་ངོ་བོ་ལ་བལྟས་ནས་དྲུང་འཕར་དང་དྲུང་ཆེའི་གནས་རིམ་ལ་བསྐོ་མི་སྲིད་པ་མིན་སྟབས། དེ་ལ་མཚམས་ཤིག་འཇོག་ཐུབ་ན་ཡག་པོ་མེད་དམ་བསམ་པ་རེད། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་ནང་དྲུང་ཆེ་དང་དྲུང་འཕར་ཟེར་བ་དེ། ལས་བྱེད་ཉམས་མྱོང་ཞེ་པོ་ཡོད་པ་ཞིག་ཕྱི་ལོགས་ནས་ཞབས་གཡར་ལ་གླ་རྒྱུ་དང་། དེ་ཡང་ལས་བྱེད་ཀྱི་བརྒྱ་ཆ་ ༥ མ་གཏོགས་འགེངས་ཆོག་གི་ཡོད་པ་མ་རེད། ལས་བྱེད་ ༩༥ ཐད་ཀར་བསྐོ་ཆོག་གི་ཡོད་པ་མ་རེད། སྒྲིག་གཞི་དེའི་དགོས་པ་དང་དམིགས་ཡུལ་གཙོ་བོ་དེ་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་འཕར་དང་དྲུང་ཆེ་ཞིག་ཡིན་ན། གནས་ཚུལ་ཆ་ཚང་བ་ཤེས་དགོས་པའི་གནས་སྟངས་ཤིག་ཡིན་དགོས་སྟབས། ཕྱི་ལོགས་ནས་མི་འཁྲིད་ཡོང་རྒྱུ་དེ་ཏག་ཏག་ཅིག་སྡོད་ཀྱི་ཡོད་མེད་ཀྱི་གནས་སྟངས་ཆགས་ཀྱི་འདུག ཕྱོགས་གཞན་ནས་འདིར་(བོད་མིའི་སྒྲིག་འཛུགས་)ཡོད་མཁན་ཚོས་འཇོན་མ་འཇོན་གྱི་སྐད་ཆའང་ཡོང་གི་འདུག ཅེས་གསལ་བཤད་གནང་སོང་ལ། ད་ལྟའི་ཆར་དམིགས་བསལ་ ༡༨ ལ་ས་མིག་མེད་པར་གང་དུའང་བསྐོ་ཆོག་གི་ཡོད་སྟབས། ད་ལན་སྒྲིག་གཞི་ལ་བསྐྱར་བཅོས་བྱས་ཏེ་དམིགས་བསལ་བསྐོ་གཞག་རྣམས་ལས་གནས་གང་གི་ཐོག་ལ་བསྐོ་ཆོག་མིན་གྱི་གསལ་པོ་བཟོས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

འཛིན་སྐྱོང་གི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ནང་། དམིགས་བསལ་བསྐོ་གཞག་གྱི་དོན་ཚན་སྔར་མེད་ ༢ གསར་འཇུག་བྱས་པའི་ནང་གི་དོན་ཚན་ ༥ པར། ཉེ་བའི་ཁྲིམས་ལུགས་རབ་འབྱམས་པ་ཐོན་པའི་ཆེས་མཐོའི་ཁྲིམས་ཁང་གི་རིམ་པ་འོག་མའི་ཁྲིམས་ཞིབ་པ་དང་། ཁྲིམས་དྲུང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཡུལ་ཁྲིམས་དཔྱད་ཞིབ་པ་བཅས་ཁྲིམས་དོན་ལས་བྱེད་གསར་བསྐོ་དགོས་རིགས་ཀྱི་འོས་ཆོས་དང་། འདེམས་རྒྱུགས་ཆ་རྐྱེན་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཀའ་ཤག་བརྒྱུད་འཆར་འབུལ་བྱུང་བར། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཞིབ་འཇུག་གིས་ཡོངས་ཁྱབ་གསལ་བསྒྲགས་བརྒྱུད་འདེམས་སྒྲུག་བྱ་རྒྱུ། ཞེས་པ་དེ་ཉིད་ལ་སྤྱི་འཐུས་ངོ་ཡོད་ཀྱི་བརྒྱ་ཆ་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་པའི་རྐྱེན་གྱིས་མར་ཟགས་སོང་། དེ་བཞིན་དོན་ཚན་ ༦ པར། ལས་ཁུངས་གང་ཞིག་ཏུ་ཁྱད་ལས་ཀྱི་ལས་རིགས་གཏན་འཇགས་སུ་དགོས་མཁོ་ཡོད་པའི་ལས་དོན་ངེས་ཅན་ཞིག་གི་སླད་ཁྱད་ལས་པ་བསྐོ་གཞག་དགོས་གལ་བྱུང་ཚེ། ལས་ཁུངས་སོ་སོས་ལས་དོན་གྱི་ངོ་བོ་དང་དགོས་མཁོ་ཇི་ཆགས། ཤེས་ཚད་དང་ཉམས་མྱོང་གི་ཆ་རྐྱེན་ཇི་དགོས་འཆར་འབུལ་བྱུང་བསྟུན། བཀའ་ཤག་ནས་ཞིབ་འཇུག་གིས་རྒྱབ་གཉེར་བྱས་ཚེ། ལས་བྱེད་འདེམས་ལྷན་ནས་ལས་བྱེད་འདེམས་སྒྲུག་གི་རྒྱུགས་ལེན་སྒྲིག་གཞི་གཞིར་བཟུང་བསྐོ་གཞག་བྱ་རྒྱུ། ཁྱད་ལས་པ་འདི་རིགས་བཟློག་མེད་ཀྱི་རྒྱུ་མཚན་ཡོད་ན་མ་གཏོགས་བཀའ་ཤག་གིས་འབྲེལ་མེད་ལས་དོན་གཞན་ཐོག་གནས་སྤོས་སམ། འཛིན་སྐྱོང་གི་འགན་དབང་བསྐུར་མ་དགོས་པ་གཙོ་འདོན་བྱེད་དགོས། ཞེས་པ་འཁོད་ཡོད་འདུག

གཞན་ཡང་ད་ཐེངས་ཀྱི་སྒྲིག་གཞི་བསྐྱར་བཅོས་ནང་ལས་བྱེད་འདེམས་ལྷན་གྱི་སྒྲིག་གཞི་དོན་ཚན་ ༡༦ པ་ལས་བྱེད་གནས་སྤར་དང་། བཀོད་སྒྲིག འཕོ་ལེན་སྐོར་གྱི་ནང་གསེས་དོན་ཚན་ ༨ པ་ཞིག་གསར་སྣོན་བྱས་ཡོད་ཅིང་། དོན་ཚན་དེའི་ནང་། ས་མིག་བསྐང་རྒྱུར་དུས་ཡུན་འགོར་གཞི་ཡོད་པ་དང་། གནས་རིམ་གོང་མའི་ལས་འགན་ལེན་ཐུབ་པའི་འོས་འཕེར་ཅན་གྱི་ལས་བྱེད་ཡོད་ཚེ། སྡེ་ཚན་གཉིས་ཀའི་གནས་རིམ་གོང་མའི་ས་མིག་གང་རུང་དུ་གནས་རིམ་གཅིག་ལས་དམའ་བའི་ལས་བྱེད་ཅིག་མང་མཐའ་མོ་བཞི་ལས་མ་བརྒལ་བར་ལས་ཚབ་ཏུ་བསྐོ་གཞག་བྱེད་ཆོག་ཅིང་། ལས་ཚབ་ཀྱི་ལས་རྒྱུན་རིང་གནས་རིམ་གོང་མའི་ཕོགས་དང་ཐོབ་ཐང་ཇི་ཡོད་ཞུ་སྤྲོད་བྱེད་ཆོག ཅེས་འཁོད་པ་དེ་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༧ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༢༠ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese