མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་ནས་དུས་ཚོད་སྟབས་རན་པོ་ཞིག་ལ་ཞི་ཅིན་ཕིང་གི་མིང་ཐོག་ལ་ཡི་གེ་ཞིག་འབུལ་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་གིས་རྒྱ་ནག་གཞུང་གི་བོད་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་དང་བོད་ནང་གི་ཛ་དྲག་གནས་སྟངས་མཚམས་འཇོག་ཡོང་བར་བོད་མིའི་སྟོབས་ཤུགས་ཆིག་སྒྲིལ་དང་ནུས་པ་མཉམ་སྤུངས་བྱ་དགོས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་དང་། རང་དབང་ལྡན་པའི་སྡེ་ཚན་ཁག་གིས་རང་གི་འགན་དབང་ཆ་བགོས་བཞིན་ལག་བསྟར་ཚགས་ཆུད་དགོས་སྐོར་གསུངས་འདུག

ཁ་སང་ཕྱི་ཚེས་ ༢༩ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ཀྱི་སྔ་དྲོའི་ཚོགས་ཐུན་སྟེང་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་སྙན་སྒྲོན་ཞུས་པའི་ནང་། འཛིན་སྐྱོང་བཀའ་ཤག་ངོས་ནས་སྲིད་འཛིན་ཞི་ཅིན་ཕིང་གི་མིང་ཐོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་དྲན་ཐོ་ཡིག་ཆ་ཞིག་འབུལ་རྒྱུ་བྱས་ཡོད་ཀྱང་། རྒྱུ་མཚན་དུ་མའི་དབང་གིས་ཡིག་ཆ་དེ་གནས་སྐབས་ཕྱིར་འཐེན་བྱས་ཏེ་དུས་ཚོད་སྟབས་འགྲིག་པོ་ཞིག་ལ་འབུལ་རྩིས་ཡོད་སྐོར་གསལ་བཤད་གནང་བར། སྤྱི་འཐུས་མི་ཉུང་བས་དྲན་ཐོ་ཡིག་ཆ་དེ་ཉིད་ཕུལ་མ་ཐུབ་པའི་རྒྱུ་མཚན་གང་ཡིན་དང་། རྒྱ་ནག་གི་སྲིད་འཛིན་ལ་མ་ཕུལ་གོང་གྲོས་ཚོགས་ལ་སྙན་སྒྲོན་ཞུ་དགོས་པའི་བསམ་ཚུལ་དང་དོགས་འདྲི་བྱས་སོང་།

བཀའ་ཤག་གི་ཤོག་གྲངས་ ༡༤ ཅན་གྱི་གཞུང་འབྲེལ་གསལ་བཤད་དེ་ཉིད་བོད་ཀྱི་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་ཞེས་དུམ་བུ་གཉིས་སུ་ཕྱེས་ཏེ། དུམ་བུ་དང་པོའི་ནང་བོད་རྒྱ་གྲོས་མོལ་གཙོས་པའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། རྒྱ་ནག་གི་སྲིད་ཇུས། བཀའ་ཤག་སྐབས་ ༡༦ པའི་ཐབས་ཇུས་དང་ལངས་ཕྱོགས་བཅས་འགྲེལ་བརྗོད་བྱས་ཡོད་འདུག དེ་ཡང་བོད་རྒྱ་གྲོས་མོལ་སྐོར་ནས་བཀའ་ཤག་གི་གསལ་བཤད་ནང་། དབུ་མའི་ལམ་གྱི་དམིགས་ས་གཙོ་བོ་ནི། བོད་མི་རིགས་ཀྱི་ངོ་བོ་སྲུང་འཛིན་དང་། འགྲོ་བ་མིའི་ཐོབ་ཐང་སོར་ཆུད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་ལ་ཡིན་པས། སྐབས་དུས་སོ་སོའི་གནས་སྟངས་དང་། འགྱུར་འགྲོས་ལ་དཔག་པའི་ཐབས་ཇུས་བསྒྱུར་བཅོས་དགོས་ཀྱི་ཡོད་པ་སྨོས་མེད་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་སྔོན་འགྲོའི་སློབ་གྲྭ་ནས་མཐོ་རིམ་སློབ་གྲྭའི་བར་རྒྱ་སྐད་ཁྱབ་སྤེལ་དང་། བོད་པའི་སློབ་མ་རྣམས་གཏན་འཇགས་སློབ་གྲྭའི་ནང་བཅུག་པ། བོད་ཡིག་སློབ་གཉེར་བྱ་སའི་མཐོ་སློབ་ཀྱི་སློབ་ཚན་བསྒྱུར་བཅོས་གཏོང་བ། དེ་བཞིན་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བཞིན་པ་བཅས་འདས་པའི་ལོ་བཅུ་ཕྲག་གཅིག་ལྷག་ནང་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ངོ་བོ་རྩ་གཏོར་གཏོང་བའི་སྲིད་ཇུས་འཆར་གཞི་ལྡན་པ་ལག་བསྟར་བྱས་ཏེ། ད་ལྟའི་བོད་ནང་གི་གནས་སྟངས་དེ་ཛ་དྲག་ཏུ་གྱུར་ཡོད་སྐོར་དང་། རྒྱ་ནག་གཞུང་གི་བོད་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་དེའི་མཇུག་འབྲས་བཟློག་ཐབས་བྱེད་དགོས་པ་དང་། དེ་ལྟར་བྱེད་པར་བོད་མིའི་སྟོབས་ཤུགས་ཆིག་སྒྲིལ་དང་། ནུས་པ་མཉམ་སྤུངས་བྱ་དགོས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་དང་། རང་དབང་ལྡན་པའི་སྡེ་ཚན་ཁག་གིས་རང་གི་འགན་དབང་ཆ་བགོས་བཞིན་ལག་བསྟར་ཚགས་ཆུད་དགོས་སྐོར་གསལ་འདུག

དེ་བཞིན་བཀའ་ཤག་གི་གསལ་བཤད་ནང་ཨུ་རུ་སུས་ཡུ་ཁེ་རེན་ནང་བཙན་འཛུལ་བྱེད་བཞིན་པའི་སྐོར་ནས། ཨུ་ར་སུས་ཡུ་ཁེ་རེན་ལ་བཙན་འཛུལ་བྱས་པ་དེས། མ་འོངས་པར་རྒྱལ་སྤྱིའི་འབྲེལ་ལམ་བསྐྱར་སྒྲིག་ཡོང་ངེས་ཀྱི་བསླབ་བྱ་གཏིང་ཟབ་ཅིག་བསྟན་ཡོད་པ་དང་། རང་དབང་མང་གཙོའི་(དམངས་གཙོའི་)ཡུལ་ལུང་ཁག་གི་ཕྱི་འབྲེལ་དང་། ཚོང་འབྲེལ། དམག་དོན་སོགས་ཀྱི་སྲིད་ཇུས་ལ་ཁྱོན་ཡོངས་ནས་འགྱུར་བ་ངེས་ཅན་ཞིག་འགྲོ་སྲིད་པའི་ཚོད་དཔག་བྱེད་ཆོག་པས། བཀའ་ཤག་གིས་དེ་འགྱུར་འགྲོས་དང་བསྟུན་པའི་གོ་སྐབས་དམ་འཛིན་བྱས་ཏེ། ལས་གཞི་འཆར་འགོད་དང་ལག་བསྟར་བྱེད་ཀྱི་ཡིན། ང་ཚོས་འབུ་ཆེས་ཆུང་ཟོས་ཀྱི་གནས་སྟངས་ཐ་ཞན་འདི་མགྱོགས་ནས་མྱུར་དུ་ཞི་བའི་སྨོན་ལམ་འདེབས་ཀྱི་ཡོད་ལ། དམག་འཁྲུག་གི་ཁྲོད་དུ་འདས་གྲོངས་ཕྱིན་པ་རྣམས་ལ་མྱ་ངན་རྗེས་དྲན་དང་། རྨས་སྐྱོན་ཕོག་པ་དང་། བཙན་བྱོལ་དུ་གྱར་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད། ལོ་ངོ་བཅུ་ཕྲག་དྲུག་ལྷག་གི་གོང་རོལ་དུ་བོད་མི་ཚོས་སྡུག་བསྔལ་འདི་རིགས་མྱངས་ཟིན་པ་དང་། ང་ཚོ་ད་དུང་ཡང་རང་གི་ཕ་ཡུལ་དུ་ལོག་པའི་གོ་སྐབས་མ་ཐོབ་པར་མི་ཡུལ་ལུང་པར་གྱར་ནས་ལྷག་ཡོད། ང་ཚོར་ལུང་པ་འཕྲོག་པའི་སེམས་ངལ་དང་། གཞན་ཡུལ་འགྲིམས་པའི་ལུས་ངལ་གྱི་མྱོང་བ་ངོ་མ་དེ་ཡོད་པས། ཁོང་ཅག་རྣམས་ལ་ང་ཚོའི་སྡུག་བསྔལ་དེ་ལྟ་བུ་མི་ཡོང་བའི་རེ་སྨོན་ཞུ་གི་ཡོད། ང་ཚོས་དུས་ནམ་ཡང་བཙན་འཛུལ་ལ་ངོ་རྒོལ་དང་། གཉའ་གནོན་ཕོག་མཁན་ལ་གདུང་སེམས་མཉམ་བསྐྱེད་ཞུ་གི་ཡོད། ཅེས་འཁོད་འདུག་ལ། བཀའ་ཤག་སྐབས་ ༡༦ པའི་ངོས་ནས་རང་དབང་ལ་དགའ་བའི་རྒྱལ་ཁབ་ཀྱི་གཞུང་མང་ལ་འཆར་གཞི་དང་དམིགས་འབེན་ལྡན་པའི་ཐོག་ནས་འབྲེལ་བ་སྔར་ལྷག་ཞུ་རྒྱུ་ཡིན་སྐོར་དང་། དེ་བས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་རིགས་ཚོགས་པའི་ནུས་ཤུགས་གོང་སྤེལ་དེ་གལ་ཆེན་འཛིན་གྱི་ཡོད་སྐོར་གསལ་བཤད་བྱས་ཡོད་འདུག

གཞན་ཡང་བཀའ་ཤག་སྐབས་བཅུ་དྲུག་པས་སྔར་གྱི་བོད་རྒྱ་གྲོས་མོལ་ཚོགས་ཆུང་ཕྱིར་བསྡུ་བྱས་ཏེ་བོད་རྒྱ་གྲོས་མོལ་གྱི་གཏན་འཇགས་ཐབས་ཇུས་ཚོགས་ཆུང་ཞིག་གསར་འཛུགས་བྱས་ཏེ། ད་ལྟའི་ཆར་ཐབས་ཇུས་ཚོགས་ཆུང་གི་སྔོན་འགྲོའི་གྲ་སྒྲིག་རྣམས་སྒྲུབ་བཞིན་ཡོད་པ་དང་། འདི་ལོ་ནས་བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་གྱི་ལས་དོན་ཁག་དངོས་སུ་འགོ་རྩོམ་རྒྱུ་ཡིན་པ་མ་ཟད། དེའི་ཆེད་དུ་ཕྱི་དྲིལ་ལས་ཁུངས་སུ་འབྲེལ་ཡོད་ལས་བྱེད་ཁག་ཅིག་ལ་ལས་བགོས་བྱས་ཟིན་པ་དང་། ཞུ་གཏུག་ལས་འགུལ་སྤེལ་བའི་སྐབས་སུ་དང་བླངས་ཞུ་གཏུག་ལས་འགུལ་བ་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལངས་ཕྱོགས་འགྲེལ་བརྗོད་བྱས་རྗེས། སོ་སོ་སྒེར་གྱི་ལངས་ཕྱོགས་འགྲེལ་བརྗོད་བྱས་ཚེ། དེར་བཀའ་ཤག་གིས་འགལ་ཟླར་གཟིགས་ཀྱི་མེད་སྐོར་འཁོད་ཡོད་ཅིང་། དེའི་ཐད་སྤྱི་འཐུས་སྐོར་ཞིག་གིས་རྒྱབ་སྐྱོར་དང་དགའ་བསུ་ཞུས་ཡོད་ནའང་། སྤྱི་འཐུས་ཁག་ཅིག་གིས་དང་བླངས་ཞུ་གཏུག་ལས་འགུལ་བ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་བཏང་བའི་ཐོག་ནས་ཞུ་གཏུག་ལས་འགུལ་ནང་ཞུགས་ཀྱི་ཡོད་སྟབས། ཞུ་གཏུག་སྐབས་སྒེར་གྱི་ལངས་ཕྱོགས་བརྗོད་རྒྱུ་དེ་འོས་འབབ་ཡིན་མིན་ཐད་དོགས་སློང་གནང་སོང་།

དེ་བཞིན་བཀའ་ཤག་སྐབས་ ༡༦ པའི་གཞུང་འབྲེལ་གསལ་བཤད་ཁྲོད་དུ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་སྐོར་ལ་འཁོད་དོན། བོད་དོན་འཐབ་རྩོད་དང་། སྤྱི་ཚོགས་བདེ་དོན་གྱི་ལས་དོན་ནུས་ལྡན་ཚགས་ཚུད་ཡོང་བའི་རྨང་གཞི་གལ་ཆེ་ཤོས་དེ་ནི་བོད་མིའི་སྒྲིག་འཛུགས་ཚགས་ཚུད་ཡོང་དགོས་པ་དེ་རེད། མང་གཙོའི་ལམ་སྲོལ་ནང་སྒྲིག་འཛུགས་ཚགས་ཚུད་ཡོང་བ་ལ་ཁྲིམས་ཀྱིས་(ཀྱི་)དབང་བསྒྱུར་དགོས་ཀྱི་ཡོད། ཁྲིམས་ཀྱིས་(ཀྱི་)དབང་བསྒྱུར་ཟེར་དུས། ཁྲིམས་སྒྲིག་ཚང་མ་མང་ཚོགས་ཀྱི་མངོན་འདོད་དང་ཁེ་ཕན་ལ་མཐུན་པ་ཞིག་དགོས་ཀྱི་ཡོད། དེ་བཞིན་དུ་ཁྲིམས་སྒྲིག་གི་ནང་མང་གཙོའི་ཀ་བ་གསུམ་གྱིས་མཚོན་པའི་སྡེ་ཚན་ཁག་འགན་དབང་ཆ་བགོས་དང་ཚོད་འཛིན་གསལ་པོ་ཡོད་དགོས་ཀྱི་རེད། དེ་ལས་གལ་ཆེ་བ་ནི་ཚང་མས་ཁྲིམས་སྒྲིག་ལ་བརྩི་བཀུར་དང་། སོ་སོའི་འགན་དབང་གི་ས་མཚམས་ཏག་ཏག་ཟིན་ཐུབ་པ་དགོས་ཀྱི་རེད། འགན་དབང་གི་ས་མཚམས་ཏག་ཏག་ཅིག་ཟིན་ཐུབ་པ་ཡིན་ན། ཁྲིམས་བཟོ་དང་། ཁྲིམས་འཛིན། འཛིན་སྐྱོང་བཅས་མང་གཙོའི་ཀ་བ་གསུམ་ཕན་ཚུན་འགན་དབང་ལྗིད་མཉམ་སྟངས་འཛིན་ཡོང་ཐུབ་ཀྱི་རེད། དེ་ལ་བརྟེན་ནས་སྒྲིག་འཛུགས་ཚགས་ཚུད་པོ་དང་ནུས་ལྡན་ཡོང་ཐུབ་ཀྱི་རེད། ཅེས་འཁོད་འདུག

བཀའ་ཤག་གི་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་སྲིད་ཇུས་ལངས་ཕྱོགས་ཁྲོད་དུ། རིང་མིན་བཀའ་ཤག་ངོས་ནས་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ཞིག་བྱ་གཏན་འཁེལ་བྱུང་ཡོད་སྐོར་དང་། གཞན་ཡང་བོད་མིའི་གཞིས་སྒར་དང་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་ཕྱོགས། རང་ཁྱིམ་མེད་པའི་བཙན་བྱོལ་བོད་མི་རྣམས་ཀྱི་ཆེད་དུ་སྡོད་ཁང་བགོ་འགྲེམ་གྱི་ལས་གཞི། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་དང་འབྲེལ་བའི་ལས་ཁུངས་ཁག་གི་ལས་དོན་རྣམས་དྲ་ཐོག་ནས་བྱེད་ཐུབ་པའི་ཨི་འཛིན་སྐྱོང་ (E-governance) བཅས་ཀྱི་ལས་གཞི་ཁག་གསལ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༤ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese