མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསོད་ནམས་སྲི་གཅོད་ལགས་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་གཞག་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་སྟེང་བོད་ཁྱིམ་དུ་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་གསར་རྙིང་འཕོ་ལེན་གྱི་མཛད་སྒོ་ཞིག་ཚོགས་པ་དང་བསྟུན། བསོད་ནམས་སྲི་གཅོད་ལགས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་གསར་བར་བསྐོས་པ་ཡོངས་བསྒྲགས་གནང་སོང་།

དེ་རིང་རྡ་སྟེང་བོད་ཁྱིམ་སློབ་གྲྭར་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་གསར་རྙིང་འཕོ་ལེན་གྱི་མཛད་སྒོ་འཚོགས་སོང་བ་དང་། མཛད་སྒོའི་ཐོག་དྷ་སྟེང་བོད་ཁྱིམ་གྱི་དགེ་ལས་ཡོངས་ཚང་འཛོམས་སྐབས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་འཕོ་འགྱུར་བ་རྒན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས། ལོ་ངོ་ ༤༨ རིང་ལ་རྗེ་བཙུན་པདྨ་ལགས་ཀྱི་འོག་ལ་ཞབས་ཕྱི་ཞུ་རྒྱུ་བྱུང་བ་དེ་སྐལ་བ་བཟང་པོ་ཡིན་པ་དང་། ངའི་མི་ཚེའི་ནང་བརྗེད་ཐབས་མེད་པ་ཞིག་རེད་བསམ་གྱི་འདུག དེར་བརྟེན་དེ་རིང་ང་རང་བགྲེས་ཡོལ་ལ་ཐོན་པའི་སྐབས། རྣམ་པ་ཚོས་ཕྱག་རྟགས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། འདས་པའི་ལོ་ངོ་ ༦༠ ནང་བོད་ཕྲུག་ཁྱིམ་སྡེ་འདི་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་སྐུ་ཚེ་ཧྲིལ་པོར་སྐུ་ལས་བསྐྱོན་ཡོད་པ་རེད། ང་ཚོའི་བོད་ཕྲུག་ཁྱིམ་སྡེ་འདི་རང་ཁ་རང་གསོ་ཐུབ་རྒྱུའི་འབད་བརྩོན་གནང་དགོས་རེད། འོན་ཀྱང་འདས་པའི་ལོ་ ༥ ལས་ལྷག་ཙམ་ཞིག་མུ་མཐུད་ནས་ཕྱིའི་རོགས་དངུལ་ལ་བསྟུན་དགོས་པ་ཞིག་ཆགས་ཀྱི་རེད། དེར་བརྟེན་དེའི་ཐོག་ལ་ཤུགས་བརྒྱག་དགོས་ཀྱི་འདུག ད་དུང་ང་ཚོ་བོད་མི་རིགས་ཤིག་ཡིན་པ་དང་ཤེས་ཡོན་གྱི་བསྟི་གནས་ཤིག་ཡིན་པར་བརྟེན། སོ་སོའི་སྐད་ཡིག་དེ་གལ་ཆེན་པོ་རེད། ང་ཚོ་བོད་པའི་སྤྱི་ཚོགས་ནང་ཁེ་ལས་པའི་ཐོག་ལ་ཤུགས་རྒྱག་དགོས་ཀྱི་འདུག ང་ཚོ་བོད་མི་རིགས་དེ་དག་གསོན་དང་འཆི་བའི་དུས་ལ་བསླེབས་ཀྱི་ཡོད་པས། སྐད་ཡིག་བརླག་ན་ངོ་བོ་བརླག་གི་ཡོད་པར་བརྟེན། བོད་ཕྲུག་ཁྱིམ་སྡེ་འདི་ཤེས་ཡོན་གྱི་བསྟི་གནས་གཞི་རྒྱ་ཆེ་ཤོས་ཡིན་པའི་ཆ་ནས་སྐད་ཡིག་གི་ཐོག་ལ་ཤུགས་རྒྱག་དགོས་རྒྱུ་གལ་ཆེན་པོར་མཐོང་གི་ཡོད་སྐོར་སོགས་བརྗོད་སོང་།

དེ་ནས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་གསར་པ་བསོད་ནམས་སྲི་གཅོད་ལགས་ཀྱིས། ང་ཚོ་ཚོགས་པ་གཅིག་དང་བོད་མི་ཡིན་པ། དེ་བཞིན་བོད་ཕྲུག་ཁྱིམ་སྡེའི་ནང་མཉམ་ཟ་མཉམ་འཐུང་བྱེད་མཁན་གྱི་ལས་བྱེད་དང་སློབ་ཕྲུག་གཅིག་གྱུར་ཡིན་པའི་ཆ་ནས། ང་ཚོའི་འཆར་སྣང་གང་ཡིན་པ་དང་བོད་ཕྲུག་ཁྱིམ་སྡེའི་སྒྲུབ་བྱེད་ཀྱི་དགོས་དམིགས་ཡོད་པ་དེ་ང་ཚོས་དུས་ནས་དུས་སུ་སློབ་སྦྱོང་བྱ་དགོས་པ་དང་དྲན་དགོས་པ་ཞིག་དང་། དུས་ནས་དུས་སུ་འདི་གཞི་ལ་བཞག་པའི་ཐོག་ནས་ལས་ཀ་ཚགས་ཚུད་འགྲོ་ཡི་ཡོད་མེད་ཐོག་ལ་ཐུགས་སྣང་གནང་དགོས་པ་རེད། ང་ཚོའི་སྒྲུབ་བྱེད་དམིགས་ཡུལ་མང་པོ་ཡོད་པའི་ནང་ནས། དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་སྤྲོད་དགོས་པ་དང་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། གོམས་སྲོལ་རྒྱུད་འཛིན་བྱ་རྒྱུ་དང་དེ་ལ་སློབ་སྦྱོང་བྱ་དགོས་ཀྱི་ཡོད་པ་དེ་གཙོ་བོ་ཆགས་ཀྱི་ཡོད་པ་རེད། དེ་བཞིན་བོད་ཕྲུག་ཁྱིམ་སྡེ་ནས་འཚར་ལོངས་བྱུང་མཁན་སུ་འདྲ་ཞིག་ཡིན་རུང་ཡིག་ཚད་འབྲི་ཀློག་ཙམ་མིན་པར་རང་རྐྱ་འཕེར་བ་བྱ་དགོས་ཀྱི་ཡོད་པ་རེད། ད་དུང་རང་ཙམ་མིན་པར་སྤྱི་ཚོགས་དང་འཛམ་གླིང་སྤྱི་ལ་ཕན་པའི་ཞབས་འདེགས་ཞུ་ཐུབ་རྒྱུའི་མི་བཟང་པོ་དང་ལྷག་བསམ་ལྡན་པ་ཞིག་ཆགས་དགོས་ཀྱི་ཡོད། ཅེས་དང་ང་ཚོ་མི་ཡིན་པའི་ཆ་ནས་མི་ཕན་ཚུན་ཡིད་ཆེས་དང་དམ་བཅའ་དགོས་ལ། དམིགས་ཡུལ་དང་བློ་སྟོབས་ཡོད་པ་གཞིར་བཟུང་གིས་འགན་འཁྲི་དགོས་པ་དང་ཚང་མས་འགན་འཁུར་བའི་ཐོག་ནས་སྐད་ཡིག་དང་དེང་དུས་ཀྱི་ཤེས་ཡོན་ཐོག་ལ་ཤུགས་བརྒྱག་དགོས་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

གསར་དུ་བསྐོ་གཞག་བྱུང་བའི་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་ལགས་ནི་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཟུར་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༨༤ ནས་ ༡༩༩༤ བར་ཁོང་གིས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩིས་རིག་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༦ ནས་ ༢༠༡༢ བར་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱིའི་ལས་གནས་གཉེར། ཕྱི་ལོ་ ༢༠༡༣ ནས་ ༢༠༡༤ བར་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པའི་ཕྱག་ལས་གནང་། དེ་བཞིན་ཕྱི་ལོ་ ༢༠༡༥ ནས་ཤེས་ཡོན་འགན་འཛིན་གྱི་ཕྱག་ལས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese