མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་མང་པོ་ཞིག་གི་སློབ་གཉེར་གྱི་མདུན་ལམ་རྩ་བ་ནས་མེད་པར་བཟོས་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

ན་ནིང་ལོ་མཇུག་རྒྱ་ནག་ས་གནས་སྲིད་གཞུང་གིས་ཁམས་ཏྲེ་ཧོར་བྲག་མགོ་དགོན་གྱི་སློབ་གྲྭ་གཏོར་རྗེས། རྒྱ་ཡིག་རྒྱ་སྐད་མི་ཤེས་མཁན་དགེ་འདུན་པ་མང་པོ་ཞིག་རྒྱ་ནག་གཞུང་གཉེར་སློབ་གྲྭར་འཛུལ་ཞུགས་མ་ཐུབ་པར་སློབ་གཉེར་གྱི་གོ་སྐབས་རྩ་བ་ནས་མེད་པར་བཟོས་འདུག

བཙན་བྱོལ་གྱི་དགེ་འདུན་པ་ཞིག་གིས་བོད་ཀྱི་དུས་བབ་གསར་ཁང་ལ་བརྗོད་དོན། “ཉེ་ལམ་ཆོ་འཕྲུལ་སྨོན་ལམ་སྐབས་སུ། ཁམས་བྲག་མགོ་དགོན་གྲོང་གཉིས་ནང་རྒྱ་ནད་(Omicron)འགོས་ཁྱབ་སྔོན་འགོག་ལ་ཁ་གཡར་ནས་མི་མང་འདུ་འཛོམ་མི་ཆོག་པའི་མིང་ཐོག་ནས། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཡང་ཚོགས་བཅུག་མེད་པ་དང་། ཐ་ན་དགོན་གྲོང་གི་དགེ་སློབ་ཕན་ཚུན་འདུ་འཛོམ་དང་སློབ་ཁྲིད་བྱས་མི་ཆོག་པ་བཟོས་འདུག ན་ནིང་ལོ་མཇུག་བྲག་མགོ་དགོན་པའི་སློབ་གྲྭ་གཏོར་རྗེས། དགེ་འདུན་པ་མང་ཞིག་དགོན་པར་འདུག་ས་མེད་པར་ཕྱིར་ཁྱིམ་ལ་ལོག་དགོས་བྱུང་བ་དང་། དེའི་རྗེས་སུ་ཁ་ཤས་ཤིག་རྒྱ་ནག་གཞུང་གཉེར་སློབ་གྲྭར་ཞུགས་ཡོད་ནའང་། རྒྱ་ཡིག་རྒྱ་སྐད་མི་ཤེས་མཁན་མང་པོ་ཞིག་སྲིད་གཞུང་གི་སློབ་གྲྭར་མ་ཚུད་པར་སློབ་གཉེར་གྱི་གོ་སྐབས་རྩ་བ་ནས་མེད་པར་མུ་མཐུད་ཁྱིམ་དུ་འདུག་དགོས་བྱུང་བ་དང་། ཕ་མ་དང་ནང་མི་ཚོས་དགེ་འདུན་པ་དེ་ཚོར་མ་འོངས་མདུན་ལམ་ཅི་གང་མེད་པའི་གནས་སྟངས་ལ་སེམས་འཁྲུལ་བྱེད་ཀྱི་འདུག” ཅེས་དང་། “ཉེ་ལམ་བྲག་མགོ་དགོན་གྲོང་གཉིས་ནས་ཡུལ་མི་མང་པོ་ཞིག་༼མིང་དང་གྲངས་ཀ་ཏག་ཏག་ཅིག་ཤེས་མ་སོང་།༽འཛིན་བཟུང་བཙན་ཁྲིད་བྱས་པའི་གྲས་ནས། ཡུལ་མི་ཁ་ཤས་ཀྱི་གནས་སྟངས་ད་དུང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག དཔེར་ན། ལི་ཁོག་མ་ནས་ཡུལ་མི་མང་པོ་ཞིག་འཛིན་བཟུང་གིས་ཐང་ནག་མའི་སློབ་གསོ་ཁང་དུ་ཁྲིད་ཡོད་ནའང་། ཡུལ་མི་དེ་དག་སུ་སུ་ཡིན་མིན་དང་སློབ་གསོ་ཁང་དུ་ཅི་བྱས་མིན། གློད་གྲོལ་བཏང་མིན་ཡང་གོ་ཐོས་མི་འདུག གཞན་ཁ་ཤས་ཤིག་རིམ་པས་སློབ་གསོ་ཁང་ནས་གློད་གྲོལ་བཏང་ཡོད་ནའང་། ཧ་ལམ་བདུན་ཕྲག་རེ་རེར་ཉེན་རྟོག་པས་བསྐྱར་དུ་འགོག་འགུག་གིས་འདྲི་གཅོད་བྱེད་ཀྱིན་པའི་གནས་ཚུལ་འདུག་ཀྱང་། ཁོང་ཚོར་འདྲི་གཅོད་ག་རེ་བྱེད་ཀྱི་ཡོད་མེད་དང་གཅར་རྡུང་གཏོང་གི་ཡོད་མེད་གསལ་བོ་ཞིག་ཤེས་ཀྱི་མི་འདུག ཅེས་བརྗོད་སོང་།

འདས་ལོའི་ཕྱི་ཟླ་ ༡༡ པའི་ཟླ་མཇུག་ཙམ་ལ་ཁམས་བྲག་མགོ་རྫོང་དམར་ཤོག་དྲུང་ཆེ་ཝང་ཏུང་ཧྲིན་(王东升) ཟེར་བ་དེའི་བཀོད་ཁྱབ་འོག་ཏུ་ཁམས་ཏྲེ་ཧོར་བྲག་དགོན་གྱི་དགེ་ལྡན་ནང་བསྟན་སློབ་གྲྭ་གཏོར་རྗེས། དགེ་འདུན་པ་༡༠༠ ལྷག་ཕྱིར་རང་ཁྱིམ་དུ་ལོག་དགོས་བྱུང་བའི་གནས་ཚུལ་ཐོན་ཡོད།
དགེ་ལྡན་ནང་བསྟན་སློབ་གྲྭ་ནི་ཕྱི་ལོ་༡༩༩༠ ནང་བཙུགས་པ་ཞིག་ཡིན་པ་དང་། སློབ་གྲྭ་དེའི་སློབ་གཉེར་བ་ཚང་མ་གྲྭ་པ་ཡིན་ནའང་། དབྱར་དགུན་གནང་གི་སྐབས་སུ། ཁམས་བྲག་མགོ་རྫོང་དང་རྟའུ་རྫོང་ཁོངས་ཀྱི་སློབ་འགྲིམ་སློབ་ཕྲུག་ཚོར་བོད་སྐད་ཡིག་དང་ནང་ཆོས་ངོ་སྤྲོད། དབྱིན་ཡིག་སོགས་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད།

ཕྱི་ལོ་༢༠༠༨ དང་ལྷག་པར་དུ་༢༠༡༢ ལོར་ཁམས་བྲག་མགོ་རྫོང་སེར་སྐྱ་མང་ཚོགས་ཀྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དྲག་གནོན་ལ་མ་བཟོད་པར་ཞི་རྒོལ་གནང་བ་བཟུང་ནས། རྒྱ་གཞུང་གིས་སྔ་རྗེས་སུ་བྲག་མགོ་དགོན་གྱི་དགེ་འདུན་པ་དང་། སློབ་གྲྭའི་སློབ་སྤྱི་དགེ་འདུན་པ་རྒན་ཚེ་དབང་འཛིན་བཟུང་བཙོན་འཇུག་བྱས་པར་མ་ཟད། རང་ལོ་༡༨ མ་ཟིན་པར་ཁ་གཡར་ནས་དགོན་པ་དེའི་གྲྭ་ཕྲུག་མང་པོ་ཞིག་བཙན་གྱིས་ཕྱིར་བཏང་བའི་གནས་ཚུལ་ཐོན་ཡོད།

ས་གནས་གསར་འགོད་པ།

འབྲེལ་ཡོད་གསར་འགྱུར།

འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

ཆུ་ཚོད་ ༨ སྔོན་ལ།
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

ཆུ་ཚོད་ ༨ སྔོན་ལ།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

ཆུ་ཚོད་ ༩ སྔོན་ལ།
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

༢༠༢༦/༠༦/༡༥
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

༢༠༢༦/༠༦/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese