མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་གིས་རང་ལུས་མེ་བསྲེགས་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་ཞིག་གིས་རང་ལུས་མེ་བསྲེགས་གནང་རྗེས་ཤི་གསོན་དང་རྒྱབ་ལྗོངས་ལོ་རྒྱུས་སོགས་ཀྱི་གནས་ཚུལ་གང་ཡང་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མི་འདུག

ཁ་སང་ཉིན་གུང་ཙམ་ལ་འདི་གའི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གིས་བརྗོད་པ་ལྟར་ན། ཁ་སང་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠ ཡས་མས་ཙམ་ལ་ཁམས་སྐྱེ་རྒུ་མདོ་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འཁྲིས་ཚོང་ཁང་ཞིག་གི་སྒོ་འགྲམ་དུ། ལོ་ཚོད་ཆེ་བའི་བོད་མི་སྐྱེས་པ་ཞིག་གིས་རང་ལུས་མེ་བསྲེགས་བཏང་ཡོད་འདུག

དེ་རིང་ཕྱི་ཚེས་ ༣༡ ཉིན་འདི་གའི་གསར་འགོད་པས་ཐད་ཀར་བོད་ནང་གི་བོད་མི་ཞིག་ལ་སྐད་ཆ་དྲིས་པར་ཁོང་གིས། རང་ལུས་མེ་བསྲེགས་བཏང་བའི་གནས་ཚུལ་བདེན་པ་ཡིན་པ་དང་། མི་དེ་སྐྱེས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་བ་མ་ཟད། བོད་ནང་གི་གནས་ཚུལ་ཡོངས་ཁུངས་གཞན་ཞིག་གིས། མི་དེས་རང་ལུས་མེ་བསྲེགས་གཏོང་དོན་ནི། ཁོང་ལ་ཁྲིམས་ཀྱི་གྱོད་གཞི་ཞིག་ཡོད་པ་དང་། ཁོང་གིས་ཡུན་རིང་ཁྲིམས་གཏུགས་བྱས་པའི་མཐར། ཁྲིམས་གཏུགས་ཤོར་བའམ་ཡང་ན་མཇུག་འབྲས་ཡག་པོ་ཞིག་མ་བྱུང་བར་བརྟེན། རང་ལུས་མེ་བསྲེགས་བཏང་བ་ཡིན་སྐོར་བརྗོད་བྱུང་ལ། ད་ལྟ་རྒྱ་ནག་གཞུང་གི་དམ་དྲག་འོག་བོད་མི་ཁོང་ལ་ཁྲིམས་ཀྱི་གྱོད་གཞི་ག་རེ་ཡོད་པ་དང་རང་ལུས་མེ་བསྲེགས་གཏོང་དགོས་པའི་རྒྱབ་ལྗོངས་ཀྱི་ཞིབ་ཕྲའི་གནས་ཚུལ་སོགས་གང་ཡང་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མི་འདུག

ཡང་དེ་རིང་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་མཐའ་མའི་སྟེང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རང་ལུས་མེ་བསྲེགས་བཏང་བའི་གནས་ཚུལ་དེ་བོད་མི་མང་སྤྱི་འཐུས་རྣམ་པའི་མཁྱེན་རྟོགས་སླད་གྲོས་ཚོགས་ལ་སྙན་སེང་ཞུས་སོང་བ་དང་ཞིབ་ཕྲའི་གནས་ཚུལ་ཐོག་རྩད་གཅོད་གནང་རྒྱུ་ཡིན་སྐོར་གསུངས་སོང་།

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམས་གསུང་བཤད་སྐབས། ཁ་སང་ཕྱི་ཚེས་ ༣༠ རེས་གཟའ་ལྷག་པའི་ཉིན་བོད་ཁམས་སྐྱེ་རྒྱུ་མདོ་ཡི་དམག་སྒར་གྱི་ཉེ་འགྲམ་དུ་བོད་མི་ཞིག་གིས་རང་ལུས་མེ་བསྲེགས་བཏང་བར་དངོས་བདེན་བྱུང་འདུག ང་ཚོས་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་སུ་ཕྱི་ཟླ ༢ ཚེས་༢༥ ཉིན་གཞས་པ་ཚེ་དབང་ནོར་བུས་རང་ལུས་མེ་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་བར་མྱ་ནང་གུས་འདུད་ཀྱི་གྲོས་ཆར་ཞིག་ཁུར་ཡོད་པ་རེད། ད་ལྟ་སྐྱེ་རྒུ་མདོ་རུ་རང་ལུས་མེར་སྲེག་མཁན་གྱི་མཚན་དང་ལོ་རྒྱུས་སོགས་གསལ་ཁ་གང་ཡང་རག་གི་མི་འདུག ཡིན་ན་ཡང་། ཁོང་རྣམ་པ་ཡིས་བོད་བསྟན་སྲིད་ཀྱི་དོན་དུ་བློས་བཏང་ཆེན་པོ་ཞིག་གནང་བ་ཡིན་དུས། ང་ཚོས་ཁོང་རྣམ་པས་བློས་བཏང་དེ་དག་དོན་དང་ལྡན་པར་ཡོང་བར་ཤོག་དང་། ལྷག་པར་སོ་སོས་བོད་བསྟན་སྲིད་ཀྱི་ཆེད་དུ་ལྷག་བསམ་འཇུག་པ་ཆེར་སྐྱེད་ཀྱི་ཐོག་ནས་ཞབས་འདེགས་ཞུ་ཐུབ་དགོས་རྒྱུའི་ཆོས་སེམས་དམ་བཅའ་ཞིག་བླང་ཐུབ་པ་ཡིན་ན། ངས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཡིན་ན་འདྲ། གདུང་སེམས་མཉམ་སྐྱེད་དོན་དང་ལྡན་པ་ཞིག་ཆགས་ཀྱི་ཡོད་རེད་ཅེས་སྙན་གསེང་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese