མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་རང་ཚོས་རྣམ་ཐར་བཏང་བ་དང་ངོས་རང་ཆུང་དུས་ཀྱི་ཞོ་སྟོན་གྱི་ཚོར་བ་དེ་བསླེབས་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་དུ་ཞོ་སྟོན་ཐེངས་ཉེར་ལྔ་པར་བཅར་བའི་ལྷ་མོ་ཚོགས་པ་ཁག་གི་ཚོགས་མི་རྣམས་ལ་དམིགས་བསལ་མཇལ་ཁ་གནང་སྐབས་ཁྱེད་རང་ཚོས་རྣམ་ཐར་བཏང་བ་དང་ངོས་རང་ཆུང་དུས་སྐབས་ཀྱི་ཞོ་སྟོན་གྱི་ཚོར་བ་དེ་བསླེབས་སོང་ཞེས་སོགས་བཀའ་སྩལ།

དེ་ཡང་ལྷ་སའི་ཞོ་སྟོན་དང་འབྲེལ་ཏེ་༧གོང་ས་མཆོག་གིས། ལྷ་སར་ཞོ་སྟོན་ཉིན་བཞི་ཙམ་ཡོད་རེད། གཟིགས་ཕུད་ཉིན་གཅིག་བྱས་ནས་ཉིན་ལྔ་ཡོད་པ་རེད། དེའི་རིང་དེར་ང་རང་སྐྱིད་པོ་ཞེ་དྲགས་ཡོད་རེད། ཡོངས་འཛིན་རིན་པོ་ཆེ་ཕེབས་ནས་གསུང་ཆོས་དང་དཔེ་ཆ་སྐྱོར་རྒྱུ་གང་ཡང་ཡོད་པ་མ་རེད། དེ་ནས་ཨ་མ་ལགས་ཞོ་སྟོན་གྱི་ལྟད་མོ་གཟིགས་ཀར་ཕེབས་ཏེ། ནོར་བུ་གླིང་ཁར་ཡབ་གཞིས་ཤིག་ཡོད་པ་དེར་བཞུགས་ཀྱི་རེད། དེར་བརྟེན་ཨ་མ་ལགས་དུས་དུས་སུ་ཐུག་རྒྱུ་ཡོད་རེད། གང་ལྟར་ཞོ་སྟོན་ཕལ་ཆེར་དབྱར་ཁའི་གུང་གསེང་ཆེ་ཤོས་ཤིག་རེད། དེ་རིང་འདིར་ང་རང་ཚོའི་བོད་ཀྱི་གོམས་གཤིས་ཟེར་དགོས་ཀྱི་མ་རེད་དམ། སྲོལ་རྒྱུན་ལྟ་བུའི་ཐོག་ནས་ཞོ་སྟོན་ཚུགས་ཀྱི་ཡོད་རེད། ཞོ་སྟོན་ཟེར་དུས་ཞོ་འཐུང་རྒྱུ་དང་ཞོ་འབྲས་བཟའ་རྒྱུ་འདྲ་བོ་མིན་འགྲོ། གང་ལྟར་ང་རང་ཞོ་སྟོན་གྱི་ཉིན་མོ་དེ་དག་རིང་ལ་སྐྱིད་པོ་ཞེ་དྲགས་ཡོང་གི་ཡོད། དེ་རིང་གི་འདི་ང་ཚོའི་རིག་གཞུང་གི་ཆ་ཤས་ལྟ་བུ་ཞིག་རེད། ཞོ་སྟོན་ལ་རྒྱལ་མཁར་དང་གཅུང་པ། ཤངས་པ། སྐྱོར་མོ་ལུང་པ་ཞེས་ཁག་བཞི་ཡོད་པ་རེད། དེ་དག་གིས་གཞུང་མི་འདྲ་བ་འཁྲབ་ཀྱི་འདུག རྒྱལ་མཁར་བས་རྒྱལ་བཟའ་བལ་བཟའ་དང་ནོར་བཟང་འཁྲབ་རྒྱུ་ཡོད་རེད། གཅུང་པས་གཅུང་དོན་ཡོད་དོན་གྲུབ་ཟེར་བ་དེ་འཁྲབ་ཀྱི་རེད། གཅུང་པོ་དོན་ཡོད་དོན་གྲུབ་དེ་སེམས་སྐྱོ་བོ་འདྲ་ཞིག་ཡོད། དེ་ནས་ཤངས་པ་ཟེར་བ་དེས་བྲམ་ཟེ་ལྟ་བུ་བྱས་ཏེ་འཁྲབ་རྒྱུ་ཞིག་འདུག དེ་ནས་སྐྱོར་མོ་ལུང་པས་གཞུང་འདྲ་མིན་འཁྲབ་ནས་གང་ལྟར་ཞོ་སྟོན་ཉིན་བདུན་དེ་ངའི་དུས་ཚོད་སྐྱིད་ཤོས་ཤིག་ལ་རྩི་ཡི་ཡོད། ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས། ང་ཚོ་བཙན་བྱོལ་བ་རེད་དེ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དེ་དག་དམ་འཛིན་བྱེད་ཀྱི་ཡོད་རེད། དེར་བརྟེན་ང་ཚོའི་ཟློས་གར་ནི་བོད་པའི་རིག་གཞུང་གི་ཆ་ཤས་ཆགས་ཀྱི་ཡོད་རེད། ང་ཚོས་རྒྱ་མི་ལ་འཁྲུག་པ་བརྒྱབ་ནས་ཡོང་ཐུབ་རྒྱུ་ཡོད་མ་རེད། ང་ཚོ་ལ་དགོས་པ་དེ་རང་སྐྱོང་མིང་དོན་མཚུངས་པ་ཞིག་དང་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་བོད་པའི་རིག་གཞུང་དེ་དག་བོད་པས་བདག་པོ་ཆ་ཚང་བརྒྱག་ཐུབ་དགོས་ཀྱི་ཡོད་རེད། དེང་སང་རྒྱ་མིར་འགྱུར་བ་འགྲོ་ཡི་ཡོད་པ་རེད། དངོས་ཡོད་གནས་ཚུལ་ལ་རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་ཡི་འདུག དཔལ་ནལནྜའི་ཆོས་བརྒྱུད་དེ་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་དཔལ་ན་ལེནྜའི་ཆོས་བརྒྱུད་ཀྱི་ནང་པའི་ཆོས་ང་ཚོ་བོད་པས་བདག་པོ་བརྒྱབ་པ་ནང་བཞིན་གཞན་སུས་ཀྱང་བརྒྱབ་ཐུབ་ཀྱི་ཡོད་མ་རེད། དེར་བརྟེན་རྒྱ་ནག་གི་ནང་གི་ནང་པ་ཚོས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་ན་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་དང་དེ་ལ་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱི་ཡོད་པ་རེད། ན་ལེནྜའི་ཆོས་བརྒྱུད་འདི་ཚན་རིག་དང་མཐུན་པའི་ཆོས་ཤིག་རེད་འདུག དད་པ་གཅིག་པུ་མིན་པར་རྒྱུ་མཚན་ལ་བསམ་བློ་བཏང་ནས་དཔྱད་པ་བྱས་ཏེ་ཡིན་པ་དང་མིན་པ་ཤེས་པར་བྱས། ང་ཚོ་ཚང་མ་ཆགས་སྡང་གཉིས་ཀྱིས་ཕོངས་ཡོང་གི་ཡོད་རེད། ཆགས་སྡང་གི་རྩ་བ་བདེན་འཛིན་ལ་ཐུག་ཡོང་གི་ཡོད་རེད། བདེན་འཛིན་ཟེར་བ་དེ་ཇི་ལྟར་སྨྲ་བ་ནང་བཞིན་དོན་གྱི་ངོས་ནས་ཡོད་པ་ཞིག་ལ་ཡིད་ཆེས་བྱས་ཏེ་ཆགས་སྡང་གི་བློ་སྐྱེས་ཀྱི་ཡོད་རེད། དཔེར་ན་ (Quantum Physics) ཟེར་བ་དེ་དོན་གྱི་ངོས་ནས་ཡོད་མ་རེད་ལབ་ཀྱི་འདུག དེ་སྔ་ང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་དེ་ཆོལ་ཁ་གསུམ་གྱི་ས་ཁུལ་གཅིག་པུ་རེད། འཛམ་བུ་གླིང་སྤྱི་ལ་བོད་ཀྱི་ནང་ཆོས་ལ་དོ་སྣང་གསར་པ་ཞིག་བསླེབས་རྒྱུ་དང་། སེམས་ཁམས་རིག་པ་བ་གཙོ་བོར་གྱུར་བའི་ཚན་རིག་པ་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་འདུག ང་ཚོ་བཙན་བྱོལ་བ་ཆགས་ནས་མི་མང་པོ་ལ་འབྲེལ་བ་བྱེད་ཀྱི་ཡོད་པར་བརྟེན། ང་ཚོའི་ཆོས་དང་རིག་གཞུང་དེ་དག་འཛམ་གླིང་སྤྱི་ལ་ཁྱབ་ཐུབ་པ་ཆགས་ཡོད་པ་རེད། བཙན་བྱོལ་དུ་ཡོད་པའི་བོད་པ་ཉུང་ཤས་ཀྱིས་བོད་ཀྱི་རིག་གཞུང་མུ་མཐུད་དུ་གཅེས་སྐྱོང་དང་། འཛམ་གླིང་ནང་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་ཡི་ཡོད་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོས་ང་ཚོའི་ཡི་གེ་ཟུར་དུ་དགོས་ཀྱི་འདུག་གསུངས་པ་དེ་རླབས་ཆེན་པོ་རེད་འདུག དུས་རབས་བརྒྱད་པའི་ནང་ཁྲི་སྲོང་ལྡེའུ་བཙན་སྐབས་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་། ཁོང་གིས་ང་ཚོ་བོད་ཡིག་འདུག དེར་བརྟེན་ལེགས་སྦྱར་སྐད་དང་པཱ་ལིའི་སྐད་བསླབ་དགོས་ཀྱི་མི་འདུག ལེགས་སྦྱར་དང་པཱ་ལིའི་ནང་ཡོད་པ་དེ་དག་བོད་ཡིག་ནང་བསྒྱུར་དགོས་སྐོར་གསུངས་ཡོད་པ་རེད། དེ་ལྟར་བཀའ་འགྱུར་དང་བསྟན་འགྱུར་བོད་ཡིག་ནང་བསྒྱུར་བ་རེད། ང་ཚོ་རྒྱ་གར་དུ་འབྱོར་སྐབས་ངོས་རང་གིས་ནེ་རུ་ལ་ང་ཚོ་བོད་པ་ལ་བོད་ཡིག་དང་བོད་སྐད་ཟུར་དུ་ཡོད་པས། བོད་པའི་སློབ་གྲྭ་དགོས་ཀྱི་འདུག་ཞུས་ཡིན། ཁོང་གིས་འགྲིག་གི་རེད་ཟེར་ནས་བོད་པའི་སློབ་གྲྭ་བཙུགས་པ་རེད། ནེ་རུ་དྲིན་ཆེན་པོ་ཞེ་དྲགས་ཡིན། བོད་ཀྱི་ནང་ཆོས་ནི་ཚན་རིག་དང་མཐུན་པའི་ཆོས་ལུགས་ཤིག་རེད། དེང་སང་ནང་པའི་ལྟ་གྲུབ་དང་སེམས་ཁམས་རིག་པའི་སྐོར་ལ་ཚན་རིག་པའི་ནང་ནས་ཤེས་འདོད་ཤུགས་ཆེན་པོ་བྱེད་ཀྱི་འདུག ང་ཚོ་ལ་ཆོས་དང་རིག་གཞུང་སྤུས་དག་ཡོད་པ་དེ་རྒྱ་མིས་བཙན་དབང་བྱས་ནས་བྱེད་ཆོག་གི་མ་རེད་ཟེར་ནས་བསླབ་ཐུབ་ཀྱི་ཡོད་མ་རེད། ང་ཚོ་བཙན་བྱོལ་དུ་བསླེབས་ནས་རྟེན་གཞི་བཙུགས་ཏེ་འཛམ་གླིང་སྤྱི་ཡོངས་ལ་དོ་སྣང་གསར་པ་བསླེབས་རྒྱུ་བྱུང་བ་རེད། དེར་བརྟེན་ང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་བོད་པའི་ཆོས་དང་རིག་གཞུང་། དེ་བཞིན་སྔར་གྱི་ལོ་རྒྱུས་ལ་བལྟས་ཡོང་དུས། ང་ཚོ་འཛམ་གླིང་ནང་རིག་གཞུང་ཐུན་མོང་མ་ཡིན་པ་འཛིན་མཁན་ཡིན་ཟེར་ནས་སྤོབས་པ་བྱ་རྒྱུ་ཞིག་རེད་འདུག ཅེས་གསུངས་སོང་།

ཡང་བོད་མི་ཚོ་སྤོབས་པ་ལྡན་པ་དང་སེམས་བདེ་བོའི་ཐོག་ནས་སོ་སོའི་ཆོས་དང་རིག་གཞུང་གཅེས་འཛིན་སྐོར་ལ་༧གོང་ས་མཆོག་གིས། ང་ཚོ་བཙན་བྱོལ་བ་ཆགས་ནས་རྒྱ་གར་དུ་བསླེབས། རྒྱ་གར་གཞུང་གིས་སྐུ་མགྲོན་བྱས་ཏེ་རྒྱ་གར་རང་དབང་ལུང་པའི་ནང་ལ་ངོས་ཀྱི་རྣམ་དཔྱོད་ཡོད་པ་དེ་བེད་སྤྱོད་བྱས་ཏེ། དེང་སང་འཛམ་གླིང་ཡོངས་རྫོགས་ལ་ཏཱ་ལའི་བླ་མ་ལབ་དུས་དོ་སྣང་ཡོད་པ་ཞིག་དང་དགའ་མོས་བྱེད་མཁན་ཡོང་གི་ཡོད་རེད། ངོས་ཀྱིས་བོད་རྒྱ་ཆེ་མི་མང་གི་ཚབ་བྱེད་ཀྱི་ཡོད་རེད། བོད་རྒྱ་ཆེ་མི་མང་གི་ཚབ་བྱས་ནས་བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་དེ་དག་འཛམ་གླིང་འདིའི་སྒང་ལ་རྒྱ་ཆེ་རུ་ཆེ་རུ་ཁྱབ་སྤེལ་ཕྱིན་བཞིན་ཡོད་པ་རེད། དེ་རིང་ཞོ་སྟོན་ཡག་པོ་ཞེ་དྲགས་བྱུང་། ཁྱེད་རང་ཚོས་རྣམ་ཐར་བཏང་། ངོས་རང་ཆུང་དུས་སྐབས་ཀྱི་ཞོ་སྟོན་གྱི་ཚོར་བ་བསླེབས། བོད་མི་རིགས་ཟེར་བ་འདི་དངོས་གནས་དྲང་གནས་ཀྱིས་ལས་སླ་པོ་འགྱུར་བ་གཏོང་རྒྱུ་མེད་པ་དང་། ང་རང་ཚོའི་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་རེད། བོད་གངས་ཅན་ལྗོངས་སུ་ཡོད་པའི་བོད་རིགས་དེ་དག་སོ་སོའི་མི་རིགས་ཀྱི་ལྟ་བ་དང་། ཆོས་དང་རིག་གཞུང་དེ་དག་སྲུང་སྐྱོབ་བྱེད་ཀྱི་ཡོད་རེད། རིམ་པས་རྒྱ་མིར་འགྱུར་བ་འགྲོ་བ་མ་གཏོགས་ང་ཚོར་འགྱུར་བ་འགྲོ་རྒྱུ་ཡོད་མ་རེད། ང་རང་ཚོར་རང་ལུགས་རྒྱུ་མཚན་ལྡན་པ་དང་དངོས་ཡོད་གནས་ཚུལ་ཕན་ཐོགས་ཡོད་པའི་རིག་གཞུང་ཡོད་པས། མུ་མཐུད་དུ་འཛིན་དགོས་ཀྱི་ཡོད་པ་རེད། ཁྱེད་རང་ཚོ་ཚང་མ་བློ་བདེ་བྱོས། སེམས་བག་ཕེབས་པོ་བྱས་ནས་སྡོད། ཅེས་གསུངས་སོང་།

༧གོང་ས་མཆོག་གིས། ང་ཚོའི་དབུ་མའི་ལམ་ཟེར་བ་འདི་མཐའ་གཅིག་ཏུ་རྒྱ་མི་དང་དགྲ་ཟླར་དགྲ་ཤེས་ལྟ་བུའི་རང་བཙན་ཟེར་བའི་སྐད་ཆ་དེ་མེད་པར། ཆེ་ས་ནས་བསམ་བློ་གཏོང་ཡོང་དུས། བོད་གཅིག་པུ་མ་ཡིན་པར་རྒྱ་ནག་རང་ནང་ལོགས་ལ་འགྱུར་བ་འགྲོ་རྒྱུ་ཞིག་རེད། གང་ལྟར་རྒྱ་ནག་ནང་བསྡད་ནས་བོད་རང་སྐྱོང་ཟེར་བ་དེ་ཆོལ་ཁ་གསུམ་ཆ་ཚང་ལ་རང་སྐྱོང་མིང་དོན་མཚུངས་པ་ཞིག་དགོས་པ་དེ་རེད། རང་སྐྱོང་ཟེར་བ་དེ་ཆབ་སྲིད་ཀྱི་འཛིན་སྐྱོང་སྐད་ཆ་མ་རེད། སོ་སོའི་ཆོས་དང་རིག་གཞུང་འཛམ་གླིང་འདིའི་སྒང་ལ་ངོམ་ཆོག་པ་ཞིག་ཡོད་པ་དེ། ང་ཚོས་བདག་པོ་ཡག་པོ་བརྒྱག་ཐུབ་རྒྱུའི་ཐོབ་ཐང་དང་རང་དབང་ཆ་ཚང་ཡོད་པ་ཞིག་བྱུང་ན། ངས་དེ་སྔོན་ལབ་དེ་རེད། རིམ་པས་རྒྱ་ནག་ནང་ལ་མར་ང་ཚོའི་ཆོས་དང་རིག་གཞུང་གིས་དབང་བསྒྱུར་ཐུབ་པ་ཞིག་ཡོང་རྒྱུའི་བཟོ་ལྟ་སླེབས་ཀྱི་འདུག དེར་བརྟེན། རྒྱ་ནག་གི་གདུག་རྩུབ་ཆེན་པོའི་སྲིད་ཇུས་དེ་ཁུངས་འཁྱོལ་རྒྱུ་ཡོད་མ་རེད། སྲིད་ཇུས་དེར་འགྱུར་བ་འགྲོ་ཡི་རེད། ང་ཚོས་རྒྱུ་མཚན་ལྡན་པ་དངོས་གནས་དྲང་གནས་ཀྱིས་དོན་དམ་པའི་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུའི་རིག་གཞུང་གཏིང་ཟབ་ཡོད་པ་དེ། མུ་མཐུད་དུ་ཡར་རྒྱས་འགྲོ་རྒྱུ་མ་གཏོགས་ཉམས་ཀྱི་མ་རེད། དེར་བརྟེན་ང་ཚོ་ཚང་མ་སེམས་ལ་སྤོབས་པ་དང་སྐྱིད་པོ་བྱས་ནས་སྡོད། ཅེས་བཀའ་སློབ་སྨིན་སྩལ་མཛད་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༥ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༨ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༢༢ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese