མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསམ་བློ་དང་སེམས་ཁམས་བདེ་ཐང་གི་སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་བོད་མི་ཚོ་སྤྱི་ཚོགས་འཁྲུག་ཆ་དོད་པོའི་ནང་དུ་སྡོད་ཀྱི་ཡོད་པར་བརྟེན་མི་ཡིན་པའི་ཆ་ནས་སེམས་ཀྱི་ནང་དུ་དཀའ་ངལ་ཡོང་གི་ཡོད་པར་བརྟེན་དེ་དག་ལ་གདོང་ལེན་བྱ་རྒྱུའི་ཆེད་དུ་ཐབས་ལམ་འཚོལ་དགོས་ཀྱི་ཡོད་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༨ ནས་ ༡༠ བར་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་ཀྱི་སེམས་ཁམས་རིག་པའི་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་བསམ་བློ་དང་སེམས་ཁམས་བདེ་ཐང་གི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་འཚོག་བཞིན་འདུག་ལ། བོད་ཀྱི་སེམས་ཁམས་རིག་པའི་ཚོགས་པ་ཡི་ཚོགས་མི་བསྟན་འཛིན་གྲགས་པ་ལགས་ཀྱིས། དེ་རིང་ང་ཚོས་བསམ་བློ་དང་སེམས་ཁམས་བདེ་ཐང་གི་ཚོགས་འདུ་འཚོག་དགོས་པའི་རྒྱུ་མཚན་ནི། ང་ཚོའི་སྤྱི་ཚོགས་ནང་ལ་སེམས་ཀྱི་དཀའ་ངལ་དང་སེམས་ཀྱི་སྡུག་བསྔལ་ཅན་ཡོད་རེད། འོན་ཀྱང་ང་ཚོ་བོད་པའི་སྤྱི་ཚོགས་ནང་སེམས་ཁམས་རིག་པ་ཐོན་ནས་དེ་ལ་ཉམས་ཞིབ་དང་དཔྱད་ཞིབ་བྱེད་མཁན་དམིགས་བསལ་གྱིས་བྱུང་མེད་པ་ལྟ་བུ་རེད། ང་ཚོའི་སྤྱི་ཚོགས་ནང་སེམས་ཀྱི་དཀའ་ངལ་བཤད་ཐུབ་ཀྱི་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དེར་བརྟེན་དཀའ་ངལ་དེ་དག་མེད་པ་བཟོ་སླད། ཚོགས་འདུ་དང་བགྲོ་གླེང་སོགས་བརྒྱུད་སོ་སོའི་སེམས་ཀྱི་དཀའ་ངལ་དེ་དག་བཤད་ཆོག་གི་ཡོད་པའི་གནས་སྟངས་འགྲེལ་བརྗོད་དང་། ད་ལྟའི་ཆར་བོད་ཕྲུག་མང་པོ་ཞིག་གིས་མཐོ་སློབ་ཁག་ཏུ་སེམས་ཁམས་རིག་པའི་སྐོར་སྦྱོང་གི་ཡོད་པ་དང་། ཉམས་ཞིབ་བྱེད་མཁན་ཡང་ཡོད་སྟབས། ཁོ་ཚོས་ཉམས་ཞིབ་དང་དཔྱད་ཞིབ་གང་བྱས་པའི་བརྗོད་གཞིའི་ཐོག་གླེང་སློང་བྱེད་སའི་ཁོར་ཡུག་བསྐྲུན་ཏེ། བོད་པའི་སྤྱི་ཚོགས་ནང་དུ་ཕྱིན་ནས་ཕ་མས་ཕྲུ་གུར་གསོ་སྐྱོང་བྱེད་སྟངས་དང་། སེམས་ཀྱི་དཀའ་ངལ་གྱི་ཐོག་ལ་སྐད་ཆ་བཤད་པ་གཅིག་པུ་མིན་པར་ཁ་ཡོད་ལག་ཡོད་ཀྱིས་འགྱུར་བ་གང་ནས་གཏོང་དགོས་པ་དང་ཕན་ཐོགས་ག་རེ་ཡོང་གི་ཡོད་མེད་སོགས་བོད་པའི་སྤྱི་ཚོགས་ལ་ཕན་ཐོགས་པའི་ཆེད་དུ་ཁོར་ཡུག་བསྐྲུན་པ་ཡིན་སྐོར་བརྗོད་སོང་།

དེ་ནས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། དབྱངས་སྒྲོན་ལགས་དང་ལས་རོགས་ཚོས་རྒྱ་གར་རྒྱལ་ཡོངས་སུ་ཡོད་པའི་བོད་པ་རྣམས་ལ་སེམས་ཁམས་རིག་པའི་དཔྱད་ཞིབ་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་ནང་ལོགས་ལ་སེམས་ཁམས་ཀྱི་དཀའ་ངལ་ག་ཚོད་ཡོད་སྐོར་ཐད་ཞིབ་འཇུག་ཅིག་བྱས་ཟིན་པ་རེད་ལ། མུ་མཐུད་དུ་བྱེད་ཀྱི་ཡོད་པ་རེད། ལྷོ་ཕྱོགས་ལ་སེམས་ཁམས་ཀྱི་འབྲེལ་མཐུད་པ་གཅིག་བསྐོ་བཞག་བྱས་ཏེ། ལྷོ་ཕྱོགས་གཞིས་ཆགས་ལྔའི་ནང་སེམས་ཁམས་དཀའ་ངལ་ཡོད་མཁན་དེ་དག་སྨན་ཁང་ལ་བསྟེན་གཏུག་བྱ་རྒྱུ་དང་བསླབ་བྱ་བརྒྱག་རྒྱུའི་ཆེད་དུ་སེམས་ཁམས་རིག་པ་ཐོན་པ་ཞིག་བསྐོ་བཞག་བྱས་ཡོད་པ་རེད། དེ་སྔ་ང་ཚོས་སེམས་ཁམས་ཀྱི་དཀའ་ངལ་དེ་ཆུང་ཆུང་ཞིག་ལ་བརྩི་བའི་ལུགས་སྲོལ་འདུག ང་ཚོའི་སེམས་ཀྱི་དཀའ་ངལ་དེ་དག་རྒྱུ་དང་རྐྱེན་མང་པོ་ཞིག་གིས་ཡོང་གི་ཡོད་པར་བརྟེན། རྒྱུ་དང་རྐྱེན་དེ་དག་དོ་བདག་སོ་སོས་ཁ་ནས་ལབ་ཏེ་ངོས་འཛིན་ཐུབ་པ་དང་དེ་དག་བཅོས་ཐབས་བྱ་དགོས་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ལོ་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ལུས་ཀྱི་འཕྲོད་བསྟེན་གལ་ཆེན་པོ་ཡིན་པ་ནང་བཞིན་སེམས་ཀྱི་འཕྲོད་བསྟེན་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་བོད་པའི་སྤྱི་ཚོགས་ནང་སེམས་ཁམས་ཀྱི་དཀའ་ངལ་འཕྲད་པ་མང་པོ་བྱུང་ཡོད་པ་རེད། ད་ལྟའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་འཁྲུག་ཆ་དོད་པོ་དང་འཕྲུལ་ཆས་ཀྱི་འཁྲུག་ཆ་དོད་པོ། དེ་བཞིན་ཤེས་བྱ་ཡོན་ཏན་གྱི་འགྲན་སྡུར་དང་དཔལ་འབྱོར་གྱི་འཁྲུག་ཆ་དོད་པོའི་ནང་སེམས་མི་སྐྱིད་པ་ཆགས་པ་མང་པོ་ཡོད་པ་རེད། སྤྱི་ཚོགས་འཁྲུག་ཆ་དོད་པོའི་ནང་དུ་སྡོད་ཀྱི་ཡོད་པར་བརྟེན། མི་ཡིན་པའི་ཆ་ནས་སེམས་ཀྱི་ནང་དུ་དཀའ་ངལ་ཡོང་གི་ཡོད་པ་རེད། དེར་བརྟེན་དེ་དག་ལ་གདོང་ལེན་བྱ་རྒྱུའི་ཆེད་དུ་ཐབས་ལམ་འཚོལ་དགོས་ཀྱི་ཡོད་པ་རེད། ཅེེས་གསུངས་སོང་།

དེ་རིང་ཉིན་རྒྱབ་ཏུ་སེམས་ཁམས་རིག་པའི་འབུམ་རམས་པ་བོད་རིགས་བུད་མེད་ཀུན་དགའ་ནོར་འཛོམས་ལགས་དང་། རྒྱ་གར་གྱི་སེམས་ཁམས་རིག་པའི་སྨན་པ་ (Prathima Murthy)ལགས་གཉིས་ཀྱིས་སེམས་ཁམས་ཀྱི་དཀའ་ངལ་རྟོགས་ཐབས་ཀྱི་ཐོག་གཏམ་བཤད་གནང་རྒྱུ་དང་། སེམས་ཁམས་རིག་པར་སློབ་ཆེད་བྱེད་མཁན་སློབ་ཕྲུག་གསུམ་གྱིས་དེ་འབྲེལ་གཏམ་བཤད་གནང་གི་ཡོད་འདུག སང་ཉིན་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་དང་རྒྱ་གར་གྱི་སེམས་ཁམས་རིག་པའི་སྨན་པ་ (Abhijit Nadkarni) ལགས་རྣམ་གཉིས་ཀྱིས། སེམས་ཁམས་ཀྱི་དཀའ་ངལ་འཕྲད་པའི་སྐབས་གདོང་ལེན་ཇི་ལྟར་བྱ་དགོས་མིན་ཐད་གསུང་བཤད་གནང་རྒྱུ་དང་། དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་སེམས་ཁམས་རིག་པའི་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག ཉིན་རྒྱབ་ཏུ་སློབ་ཕྲུག་ཁག་ཅིག་ནས་དེ་འབྲེལ་གཏམ་བཤད་གནང་འཆར་ཡོད་འདུག ཉིན་གསུམ་པར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་རིག་པའི་ཚན་པ་དང་སྨན་རྩིས་ཁང་གི་སེམས་ཁམས་རིག་པའི་ཚན་པ་གཉིས་ཀྱི་ལས་བྱེད་ནས་ཚན་པ་ངོ་སྤྲོད་སོགས་གནང་རྒྱུ་དང་། ཉིན་རྒྱབ་ཏུ་བོད་པའི་སྤྱི་ཚོགས་ནང་སེམས་ཁམས་རིག་པའི་སྐོར་གོ་རྟོགས་སྤེལ་ཐབས་སྐོར་བགྲོ་གླེང་གནང་རྒྱུ་བཅས་ཡིན་འདུག 

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༣ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༦ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese