མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་ལས་ཐོག་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་འཐོབ་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག  

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་གྲུབ་དོན་གྱིས་ཡུ་རོབ་མཐུན་ཚོགས་ཀྱི་འབྱུང་འགྱུར་རྒྱལ་སྲུང་བདེ་འཇགས་དང་རྒྱལ་ཁབ་ཉེར་བདུན་གྱི་ནུས་པ་མཉམ་སྤུངས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཧྥ་རན་སིའི་འདི་ལོའི་སྲིད་འཛིན་གྱི་སྔོན་འགྲོའི་འོས་བསྡུ་བྱས་ཡོད་པ་དང་། སྲིད་འཛིན་འོས་མི་གྲངས ༡༢ ཡོད་པའི་ཁྲོད་ནས་སྲིད་འཛིན་ལས་ཐོག་སྐུ་ཞབས་མེཀ་རོན་ (Emmanuel Macron) ལ་འོས་ཤོག་བརྒྱ་ཆ་ ༢༧། ༨ དང་། ཧྥ་རན་སིའི་གཡས་ཕྱོགས་རིང་ལུགས་སམ་རྒྱལ་ཞེན་རིང་ལུགས་སྲིད་དོན་ཚོགས་པ་ (FN) ཡི་སྲིད་འཛིན་འོས་མི་མ་ལི་ཕིན་ (Marine Le Pen) ལ་འོས་ཤོག་བརྒྱ་ཆ་ ༢༣།༢ ཐོབ་སྟེ། ཁོང་གཉིས་དངོས་གཞིའི་འོས་མིར་འདེམས་ཐོན་བྱུང་ཡོད་འདུག་ལ། ཁོང་གཉིས་ཀྱིས་སྲིད་འཛིན་གྱི་དངོས་གཞིའི་རྒྱལ་ཕམ་རྩོད་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

སྤྱིར་བཏང་ཧྥ་རན་སིའི་འོས་བསྡུའི་སྒྲིག་གཞིའི་ནང་འོས་མི་གང་རུང་ཞིག་ལ་འོས་ཤོག་བརྒྱ་ཆ་ ༥༠ ལོན་ཚེ་ཐད་ཀར་སྲིད་འཛིན་དུ་འོས་འདེམས་བྱུང་གི་ཡོད་ཀྱང་། ད་ལན་གྱི་འོས་གྲངས་མཐོ་ཤོས་གཉིས་ཀྱིས་བརྒྱ་ཆ ༥༠ ལོན་པར་ཧེ་བག་ཆེན་པོ་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་སྲིད་འཛིན་གྱི་དངོས་གཞིའི་འོས་བསྡུ་གནང་རྒྱུ་ཡིན་འདུག ད་བར་འོས་ཤོག་བླུགས་ཐེངས་དང་པོ་ནས་ཐད་ཀར་འོས་འདེམས་བྱུང་བའི་སྲིད་འཛིན་གཅིག་ཀྱང་བྱུང་མྱོང་མེད་འདུག ད་ལན་གྱི་འོས་བསྡུའི་ཁྲོད་དུ་འོས་གྲངས་མང་ཤོས་གཉིས་པ་ཐོབ་མཁན་གྱི་ལྕམ་མ་ལི་ཕིན་ལགས་ནི་ ༢༠༡༧ ལོའི་སྲིད་འཛིན་གྱི་འོས་ཤོག་མང་ཤོས་ཐོབ་མཁན་གཉིས་པ་དེ་ཆགས་ཡོད་ཀྱང་། དངོས་གཞིའི་འོས་བསྡུའི་སྐབས་སུ་ཕམ་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོར་ལྕམ་ལི་ཕིན་ (Le Pen) ལགས་ལ་འོས་ཤོག་བརྒྱ་ཆ་ ༣༤།༥ དང་། སྐུ་ཞབས་མཱག་རོན་ (Macron) ལགས་ལ་དངོས་གཞིའི་ཁྲོད་འོས་ཤོག་བརྒྱ་ཆ་ ༦༥།༥ བཅས་ཐོབ་སྟེ། ཧྥ་རན་སིའི་ལོ་རྒྱུས་ནང་གི་སྲིད་འཛིན་ལོ་ན་གཞོན་ཤོས་དེ་ཆགས་ཡོད་ཅིང་།  སྐབས་དེར་ཧྥ་རན་སིའི་དཀའ་རྙོག་གཙོ་བོ་ནི་ལས་མེད་ཀྱི་གྲངས་འབོར་ཤུགས་ཆེན་པོ་ཡིན་སྟབས། སྐུ་ཞབས་མཱག་རོན་ལགས་ཀྱིས་འཆར་གཞི་ལྡན་པའི་ཐོག་ནས་ངལ་རྩོལ་དང་ཁྲལ་བསྡུ་ཡི་ཁྲིམས་སྒྲིག་བསྐྱར་བཟོས་བྱས་ནས་རྡོ་སྣུམ་དང་ས་སྣུམ་གོང་འཕར་པ་དང་། ཚད་སྙོམས་མིན་པའི་གཞུང་ཁྲལ་དེ་དག་གིས་མི་མང་གི་འཚོ་གནས་ལ་དོ་ཕོག་ཤུགས་ཆེན་བཟོས་ཡོད་སྟབས། སྟོད་གོས་སེར་པོའི་ངོ་རྒོལ་( yellow jackets protests) ལངས་ཡོད་ཀྱང་།  ཁོང་གིས་ཡུ་རོབ་རང་སྐྱོང་གནས་བབ་མཐོར་འདེགས་གཏོང་ཐབས་ལ་འབད་བརྩོན་ཆེན་པོ་བྱས་པ་སོགས་ལ་གྲུབ་འབྲས་གང་ལེགས་བྱུང་བར་བརྟེན་ཁོང་ལ་བསྔགས་བརྗོད་དང་ཡིད་ཆེས་བྱེད་མཁན་གང་ཙམ་བྱུང་ཡོད་འདུག ཁོང་གིས་སྔོན་འགྲོ་འོས་བསྡུར་སླེབས་པར་ཉིན་བརྒྱད་ཀྱི་སྔོན་དུ་འོས་བསྡུའི་དྲིལ་བསྒྲགས་བྱེད་མགོ་བརྩམས་ཡོད་ཅིང་། མུ་མཐུད་དུ་སྔར་ལས་ལྷག་པའི་འབད་འབུངས་བྱ་རྒྱུའི་དྲིལ་བསྒྲགས་བྱེད་སྐབས། གཞུང་ཁྲལ་སོགས་ཆག་ཡང་གཏང་འཆར་ཡོད་པ་མ་ཟད། སྤྱི་ཚོགས་བདེ་དོན་གྱི་སྒྲོམ་གཞི་བསྐྱར་སྒྲིག་བྱ་རྒྱུའི་ཁས་ལེན་བྱས་ཡོད་འདུག དེ་བཞིན་ཉེ་ལམ་ཡུ་རོབ་མཐུན་ཚོགས་ཀྱི་ཤར་ཕྱོགས་སུ་ཆགས་པའི་ཡུ་ཀེ་རན་དུ་དམག་འཁྲུག་ལང་མུས་ཡིན་སྟབས། གལ་ཏེ་མེག་རོན་ལ་འོས་ཤོག་ཐོབ་པ་ཡིན་ན་ཨུ་རུ་སུས་ཡུ་ཀེ་རན་ལ་བཙན་འཛུལ་བྱེད་མུས་ཡིན་པ་དེར་ཡུ་རོབ་མཐུན་ཚོགས་ཀྱིས་ནུས་པ་མཉམ་སྤུངས་བྱེད་ཐབས་བྱས་པ་དང་།  ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་སྲུང་གི་སླད་དུ་མཉམ་ལས་བྱེད་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད་འདུག

སྲིད་འཛིན་མེཀ་རོན་ལགས་ལ་བསྐྱར་དུ་རྒྱལ་ཁ་འཐོབ་རྒྱུའི་རེ་བ་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས་མེཀ་རོན་དང་ལི་ཕིན་གཉིས་བར་གྱི་ཐེངས་འདིའི་རྒྱལ་ཕམ་གྱི་འགྲན་རྩོད་དེ་ནི་ཕྱི་ལོ ༢༠༡༧ ལོའི་འགྲན་རྩོད་དང་བསྡུར་ན་རྣོ་ངར་ཆེ་བ་ཡོད་པ་མ་ཟད། སྔོན་འགྲོའི་རྒྱལ་ཁ་དེ་དངོས་གཞིའི་སྐབས་སུ་གོ་ལྡོག་ཏུ་འགྱུར་ཉེན་ཡོད་པ་སོགས་རྗོད་ཀྱིན་འདུག

ལྕམ་མ་ལི་ཕིན་ (Le Pen)ལགས་ནི་ཧྥ་རན་སིའི་གཡས་ཕྱོགས་རིང་ལུགས་སམ་རྒྱལ་ཞེན་རིང་ལུགས་སྲིད་དོན་ཚོགས་པ་ (FN) ཡི་འགན་འཛིན་དང་། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཞིག་ཡིན་འདུག་ལ།  ༢༠༡༧ ལོར་ཧྥ་རན་སིའི་སྲིད་འཛིན་གྱི་འོས་མིར་ལངས་ནས་དངོས་གཞིའི་འོས་མིར་འདེམས་ཐོན་བྱུང་ཡོད་ཀྱང་།  ལོ་དེར་ཁོང་མོ་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་ཕྱིན་ནས་སྲིད་འཛིན་པུ་ཊིན་ལ་ཐུག་འཕྲད་བྱས་པ་མ་ཟད། ཁོང་མོའི་འོས་བསྡུའི་ཁྱབ་བསྒྲགས་སྐབས་སུ་ཨུ་རུ་སུའི་ལྐོག་ནས་དཔལ་འབྱོར་རོགས་རམ་བྱས་པའི་དོགས་གཞི་ཡོད་པ་དང་། པུ་ཊིན་གྱིས་ལི་ཕིན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་མངོན་གསལ་དུ་བསྟན་པ་སོགས་བྱུང་ཡོད་འདུག་ལ། ཁོང་མོས་ཧྥ་རན་སིར་གནས་སྤོར་བྱས་ཏེ་སྐྱབས་བཅོལ་དུ་ཡོང་མཁན་ཚོ་བཀག་སྡོམ་བྱ་འཆར་ཡོད་པ་མ་ཟད། ཕྱི་རོལ་དུ་ཁ་ཆེའི་བུད་མེད་རྣམས་ཀྱིས་མགོ་དཀྲིས་བཀག་སྡོམ་བྱ་རྒྱུ་ཡིན་སྟབས། དེས་ཁོང་མོའི་འོས་ཤོག་ལ་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད་པའི་ཚོད་དཔག་བྱེད་མུས་ཀྱི་ཡོད་པ་རེད་འདུག

ད་ལོར་ཧྥ་རན་སིའི་སྲིད་འཛིན་འོས་འགྲན་ཁྲོད་འོས་མི་ ༡༢  ཁྲོད་བུད་མེད་གསུམ་གྱིས་ཆ་ཤས་བླངས་ཡོད་པ་དང་། འོས་བསྡུ་ཆེན་མོའི་བརྗོད་དོན་གཙོ་བོ་ཁག་ནི། འདི་ལོའི་ཟླ་གཉིས་པའི་ནང་ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་པའི་སྐོར་དང་། ཁོར་ཡུག་གི་གནད་དོན། སྐྱབས་བཅོལ་གནས་སྤོར། རྒྱལ་སྲུང་བཅས་ཀྱི་ཐོག་ལ་གླེང་སློང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༦ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༨ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese