མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་རྒྱ་ཆེ་ས་ནས་ཉེས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ཎ་ཌའི་རྒྱལ་སྤྱིའི་བདེ་འཇགས་དང་ཐོབ་ཐང་ཉམས་ཞིབ་ཁང་གིས་རྒྱ་ནག་གཞུང་གིས་ཕྱི་ཚུལ་ནས་བོད་ནང་ཡར་རྒྱས་གཏོང་གི་ཡོད་པའི་ཁས་ལེན་ཙམ་ནས་དོན་དངོས་ཐོག་བོད་ནང་མུ་མཐུད་དམ་དྲག་བྱེད་བཞིན་ཡོད་པའི་སྙན་ཐོ་བཏོན།

Chinese military-marching infront of the Potala Palace, Lhasa, Tibetan Capital City.

ཁེ་ཎ་ཌའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བདེ་འཇགས་དང་ཐོབ་ཐང་ (IFFRAS) ཉམས་ཞིབ་ལྟེ་གནས་ཁང་གིས། རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་གཏོང་གི་ཡོད་པའི་དྲིལ་བསྒྲགས་དང་ཁས་ལེན་ཙམ་ལས། དོན་དངོས་ཐོག་མུ་མཐུད་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་པ་མངོན་གསལ་ཡིན་སྐོར་གྱི་སྙན་ཐོ་ཞིག་བཏོན་གནང་འདུག

སྙན་ཐོ་དེའི་ནང་ཉེ་ལམ་རྒྱ་ནག་གཞུང་གིས་ཁམས་བྲག་མགོ་རུ་ཐུབ་དབང་དང་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་གཏོར་བཤིག་གི་མཚོན་པའི་དོན་དག་མེད་པར་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་གླེང་བ་སོགས་ཆོས་དད་རང་དབང་བཀག་སྡོམ་གྱི་དྲག་གནོན་སྲིད་ཇུས་སྤེལ་བཞིན་ཡོད་པ་མ་ཟད། ཉེ་ལམ་ཁམས་བྲག་མགོའི་སྐུ་བརྙན་གཏོར་བཤིག་གི་བརྙན་པར་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་གང་བྱུང་མི་མང་འཛིན་བཟུང་བྱས་པ་དང་། རྒྱ་ནག་གཞུང་གིས་བོད་ཁམས་ཡོངས་སུ་རྒྱ་སྒྱུར་སློབ་གསོའི་སྲིད་ཇུས་ལག་བསྟར་གྱིས། བོད་ཀྱི་སྐད་ཡིག་གི་རང་དབང་བཀག་སྡོམ་དང་། བོད་ཡིག་སློབ་འཁྲིད་བྱེད་མཁན་འཛིན་བཟུང་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་གི་ཡོད་པ། དེ་བཞིན་ལས་ཀ་འཚོལ་སྒྲུབ་ཀྱི་ཡིག་རྒྱུགས་ཁག་རྒྱ་ཡིག་ནང་བཏང་སྟེ་མངོན་གསལ་དོད་པོའི་ཐོག་ནས་བོད་མི་རྣམས་ལ་ལས་ཀའི་དབྱེ་འབྱེད་བྱེད་ཀྱི་ཡོད་པ་དང་། བོད་ནང་འདྲ་མཉམ་མིན་པའི་སྲིད་ཇུས་འདྲ་མིན་ལག་བསྟར་གྱིས་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་དུ་འགྲོ་མུས་ཡིན་སྐོར་སོགས་བརྗོད་འདུག

འདི་ལོའི་ཨ་རིའི་རང་དབང་ཁང་པས་བོད་ནི་འཛམ་གླིང་གི་ཆེས་རང་དབང་མེད་པའི་རྒྱལ་ཁབ་དེ་ཡིན་སྐོར་བསྒྲགས་པ་ལྟར། སྙན་ཐོའི་ནང་འཛམ་གླིང་གི་རྒྱལ་ཁབ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཅིག་གིས། བོད་མི་རྣམས་ལ་སེམས་ཚོར་དང་རོགས་དངུལ་སྤྲོད་པ། དེ་བཞིན་རྒྱ་ནག་གཞུང་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་པ་སོགས་ཀྱི་ལམ་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད་ཀྱང་། གལ་སྲིད་དངོས་གནས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་ནག་གཞུང་ལ་ནག་ཉེས་ཀྱི་འགན་འཁུར་དུ་འཇུག་འདོད་ཚེ། འཛམ་གླིང་རྒྱལ་ཁབ་དེ་དག་གིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས། རྒྱ་ནག་གཞུང་ལ་རྒྱ་ཆེ་ས་ནས་ཉེས་ཆད་བཅད་དེ་ཤུགས་རྐྱེན་སྤྲོད་དགོས་པ་དང་། དེ་ལྟར་བྱས་ཚེ་བོད་མི་ཙམ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་སུ་བོད་མི་ནང་བཞིན་ད་ལྟ་རྒྱ་ནག་གི་དབང་སྒྱུར་འོག་མྱངས་བཞིན་པ་དང་མ་འོངས་པར་མྱང་སྲིད་པ་རྣམས་ལ་ཕན་ཐོགས་ཀྱི་ཡོད་སྐོར་སོགས་བརྗོད་འདུག

དམིགས་བསལ་སྙན་ཐོའི་ནང་རྒྱ་ནག་གཞུང་གིས། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་ཐད་དམ་དྲག་ནན་མོ་བྱས་ཏེ། བོད་ནས་རྒྱ་གར་དུ་ཡོད་པའི་སྐྱབས་བཅོལ་བོད་མི་རྣམས་ལ་འབྲེལ་འདྲིས་བྱེད་མཁན་ཚོར་ཉེས་ཆད་དྲག་པོ་གཏོང་གི་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་ནག་གཞུང་གིས་བོད་ཀྱི་ལྷོ་ཕྱོགས་ཀྱི་མཐའ་མཚམས་ཁུལ་དུ། མི་གྲངས་ ༢༠༠༠ ཙམ་ཆེད་མངགས་ཀྱིས། གྲོང་གསེབ་ཀྱི་ཡུལ་མི་དང་ཕྱིའི་འབྲེལ་འདྲིས། འགྲིམས་འགྲུལ་སོགས་ལ་ཞིབ་བཤེར་དང་སྔར་ལྷག་དམ་དྲག་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཏོག་དབྱིབས་གཉན་རིམས་ཁྱབ་པ་དང་དེ་ལ་ཁ་གཡར་ནས་བོད་མི་རྣམས་དགོན་པར་མཆོད་མཇལ་དུ་བསྐྱོད་མི་ཆོག་པ་དང་ཆོ་ག་ཆོས་ལུགས་ལ་དམ་དྲག་བྱས་པ་མ་ཟད། དགོན་པ་ཁག་ཏུ་ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་དམར་པོའི་ལྟ་གྲུབ་ཀྱི་ཟབ་སྦྱོང་སོགས་བཙན་གྱིས་སྤྲད་ཡོད་པ་གསལ་འདུག

ཉེ་ལམ་རྒྱ་ནག་གཞུང་གིས་སྐད་ཡིག་སློབ་གཉེར་གྱི་མཉེན་ཆས་ (Talkmate) དང་བརྙན་ལམ་ཐད་གཏོང་གི་མཉེན་ཆས་ (Bilibili) གཉིས་ཀྱི་ནང་བོད་ཡིག་བཀོལ་སྤྱོད་མེད་པར་བཟོས་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༣ ཟླ་མཇུག་ཙམ་ལ་ཁམས་རིན་ཆེན་ཟེར་བའི་བོད་པའི་ཕོ་གསར་ཞིག་གིས་བརྙན་ལམ་ནས། དེང་སྐབས་རྒྱ་ནག་སྤྱི་དང་བོད་ནང་དར་ཁྱབ་ཆེ་ཞིང་རྒྱ་ནག་གཞུང་འབྲེལ་གྱི་ཐད་གཏོང་མཉེན་ཆས་མགྱོགས་འཕྲིན་(快手) ནང་བོད་སྐད་བོད་ཡིག་བཀོལ་སྤྱོད་བྱ་མི་ཆོག་པ་དང་གལ་སྲིད་བོད་སྐད་བོད་ཡིག་བཀོལ་སྤྱོད་བྱས་ཚེ། དྲ་ཐག་ཁ་བྱང་སྒོ་རྒྱག་པའམ་ལྟ་ཉན་བྱེད་མཁན་མེད་པར་བཟོ་བ་སོགས་དབྱེ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་དང་འབྲེལ། མགྱོགས་འཕྲིན་ (快手) ཚོང་གཉེར་ཁང་གིས་མི་རིགས་འདྲ་མཉམ་དང་། གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་འགན་སྲུང་བཅས་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་ཞུས་རྗེས། ཁམས་རིན་ཆེན་ལགས་སུ་རྒྱ་ནག་གཞུང་གིས་འདྲི་གཅོད་བྱས་ཡོད་སྐོར་བོད་མི་ཞིག་གིས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese