མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱིས་སྒྲུང་ཚོང་འགྲེམས་སྐབས་མཐོང་ཐོས་དྲན་རེག་ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༤ ཚེས་ ༠༩ རེས་གཟའ་སྤེན་པ་ཉིན་མེག་གྷན་ཉིན་སློབ་ཏུ་དཔེ་དེབ་དང་འགུལ་བརྙན་ཁག་ཅིག་དབུ་འབྱེད་དང་འབྲེལ་དཔེ་དེབ་ཁྲོམ་འདུས་ཤིག་གོ་སྒྲིག་གནང་སོང་ཞིང་།  དེའི་ནང་དུ་མཉམ་ཞུགས་བྱ་རྒྱུ་གོ་སྐབས་རག ཤེས་རིག་པར་ཁང་ལ་མཚོན་ན་ད་རེས་དུས་རྒྱུན་ཚོང་ཁང་དུ་ཚོང་བཞིན་པ་དེབ་ཁག་ལས་དམིགས་བསལ་དེབ་གསར་གང་ཡང་མེད་བསམ་ནས། དེ་ཉིན་བྱིས་སྒྲུང་རྐྱང་མ་གཏོགས་གཞན་རྣམས་ཚོང་རྒྱུར་མ་འཁྱེར། ཡིན་ནའང་ང་ཚོའི་ཚོད་དཔག་ལས་ལྡོག་སྟེ་དཔེ་དེབ་ཉོ་མཁན་འཚང་ཁ་ཤིག་ཤིག་ངང་ནས་བྱིས་སྒྲུང་ཉོ་བཞིན་མཆིས་པས། དེ་དག་ནི་ཡག་རྟགས་ཤིག་ལ་ངོས་འཛིན་ན་མི་ཆོག་པ་ཅི་ཞིག་ཡོད། མི་མང་གིས་ལག་དེ་གསེར་དང་། ཞེས་པའི་གཏམ་དཔེ་དེ་འདྲའི་བདེན་པ་ལ་ཨང་སྙམ་པ་བྱུང་།

ཉིན་དེར་ཉི་མ་ཧ་ཅང་ཚ་ནའང་ཕ་མ་དང་བུ་ཕྲུག་རྣམ་པས་ཨུ་ཚུགས་ཀྱིས་བྱིས་སྒྲུང་ཉོ་བཞིན་མཆིས་པས། སེམས་ནང་དུ་ཧ་ཅང་གི་དགའ་སྣང་སྐྱེས་བྱུང་། དེ་ཡང་ང་ཚོའི་གཅེས་པའི་ཕ་ཡུལ་གཞན་འོག་ཏུ་ཚུད་ནས་མིའི་ཡུལ་ལུང་དུ་གནས་དགོས་བྱུང་ནའང་རང་གཞུང་གི་མི་ལོ་དྲུག་ཅུ་ལྷག་ཙམ་རིང་ལ་ཤེས་ཡོན་ཐོག་ཏུ་འབད་བརྩོན་རླབས་ཆེན་གནང་བའི་འགྲུབ་འབྲས་ལས། ད་སྐབས་དངོས་གནས་ཕྱི་ནང་མཐུན་འགྱུར་དགའ་བ་སྒོམ་འོས་པ་ཞིག་ཏུ་གྱུར་བ་རེད།

དེ་དག་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་རིན་པོ་ཆེས་གཙོས་མི་རབས་རྒན་པས་སྐུ་ལས་སྐྱོན་པའི་འགྲུབ་འབྲས་ཤིག་ཀྱང་རེད་སྙམ་ལ། རྒྱལ་བ་རིན་པོ་ཆེས་གྲ་སྒྲིག་སྡུག་ས་དང་། རེ་བ་བཟང་སར་སྐྱོན་དགོས་པའི་རིན་ཐང་བྲལ་བའི་བཀའ་སློབ་ལམ་སྟོན་དེ་དག་གི་སྐུ་དྲིན་རེད། བོད་ས་ཤོར་ནས་སྐུ་འཁོར་ཧྲག་བསྡུས་ཤིག་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། མ་སུ་རིར་ཕེབས་འབྱོར་འགྲུབ་པ་དང་བསྟུན་ནས་དང་ཐོག་གལ་གནད་ཆེ་ཤོས་ནི་ཤེས་ཡོན་ཡིན་པ་དགོངས་བཞེས་ཀྱི་ཐོག་ནས་སློབ་གྲྭའི་ལས་གཞི་མགོ་འཛུགས་མཛད་པ་དང་། དེའི་དྲིན་ལས་ད་སྐབས་བོད་རིགས་གཞོན་སྐྱེས་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་རྒྱལ་ཁབ་ཡོད་པ་ལས་ལྷག་ཅིག་ཐོབ་ཡོད་པ་རེད།

དེ་ཡང་ཤེས་རིག་ཚོགས་ཆེན་དང་པོའི་ཐོག་ཏུ་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལས། “དུས་ཚོད་ཆུད་ཟོས་སུ་གཏོང་རྒྱུ་ཟེར་བ་དེ་བསྐལ་བཟང་ལུགས་བཟང་གི་སྐབས་ཀྱི་སྐད་ཆ་རེད། ང་ཚོས་དེང་སང་ཛ་དྲག་དང་། དཀའ་ངལ་གྱི་དུས་སྐབས་འདིར་དུས་ཚོད་ཆུད་ཟོས་བཏང་ན་ཧ་ཅང་ཕངས་པོ་རེད།” ཅེས་ལམ་སྟོན་གནང་དོན་ལྟར།  ཤེས་ཡོན་ཐོག་ཏུ་ཕྱག་ལས་གནང་མཁན་འབྲེལ་ཡོད་ཚོས་བཀའ་སློབ་ཟབ་མོ་དེ་དག་སེམས་དབུས་སུ་བཅངས་ནས་ལས་དོན་ཐོག་ཏུ་འབད་བརྩོན་གནང་བའི་འབྲས་བུར་དེང་སྐབས་སྟོན་རྒྱུ་ཡོད་པ་འདི་དག་བྱུང་ཡོད། འོན་ཀྱང་ཡར་རྒྱས་ལ་མཐའ་མེད་དུས་འབྲེལ་ཡོད་ཚོས་འབད་བརྩོན་ལྷོད་མེད་གནང་དགོས་པ་ནི་གལ་ཆེའི་གནད་དོན་ཞིག་ཡིན་པ་རེད།

ཤེས་ཡོན་ནི་མི་རིགས་ཤིག་གི་སྲོག་སྙིང་ལྟ་བུ་ཡིན་ན་དེ་ཡར་རྒྱས་དང་ཚགས་ཚུད་ཡོང་བར་སྤྱི་སྒེར་ཚང་མས་མཉམ་རུབ་ཀྱིས་ལས་དོན་གནང་དགོས་པ་ཞིག་རེད་སྙམ། ང་ཚོ་ལ་གཞན་ལས་ལྷག་འགན་འཁུར་ཆེན་པོ་ཞིག་ཡོད། རང་དབང་ལུང་པ་ལ་ཡོད་པ་བོད་པར་གཞིས་ལུས་བོད་མིའི་རེ་བ་ཆེན་པོ་བཞག་སྟེ་རིན་ཆེན་ཚེ་སྲོག་བློས་བཏང་ནས་ལས་དོན་གནང་བ་བཞིན། རང་དབང་ལུང་པ་ཡོད་པའི་བོད་མི་ཚོས་ང་དང་ཁྱོད་ཅེས་རྩོད་གླེང་ལ་མགོ་བོ་འཁོར་ནས་མ་བཞུགས་པར་འཐབ་རྩོད་ཐོག་ཏུ་ལས་དོན་མང་ཙམ་སྤེལ་དགོས་པར་མཐོང་། དེ་འདྲའི་གནང་གི་མི་འདུག་བརྗོད་ཀྱི་མེད་རུང་། སྐབས་རེར་དེ་འདྲའི་ཚོར་སྣང་ཡོང་གི་འདུག ང་ཚོའི་རྒྱལ་ཁབ་གཞན་འོག་ཏུ་ཤོར་ནས་མི་ཡུལ་དུ་གནས་པའི་མགྲོན་པོ་ཞིག་ཡིན་པ་ཤེས་དགོས། གནས་འདི་དང་ཁང་པ་ནི་ང་ཚོའི་ཁྱིམ་ཚང་ངོ་མ་དེ་མ་རེད། གནས་སྐབས་ཀྱི་མགྲོན་ཁང་ལྟ་བུ་ཞིག་རེད། རྒྱུ་མཚན་དེའི་དབང་གིས་ང་ཚོ་ཚང་མས་ནུས་ཤུགས་གཅིག་ཏུ་སྤུངས་ནས་མདུན་སྐྱོད་གནང་དགོས་པ་དེ་རེད། དེ་དག་ནི་ཞོར་འཕྲོས་ཙམ་ཡིན།

ལྷག་པར་དུ་ང་ཚོའི་སྤྱི་ཚོགས་ནང་དུ་ཕྲུ་གུའི་སེམས་ཁམས་དང་མཐུན་པའི་བྱིས་སྒྲུང་ཧ་ཅང་ཉུང་ཉུང་རེད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་སྐུ་ངལ་འཛེམས་མེད་ཀྱིས་རང་རེའི་བོད་རིགས་ན་གཞོན་རྣམས་ཀྱི་སེམས་ཁམས་དང་མཐུན་པ་བྱིས་སྒྲུང་དུ་མ་ཞིག་པར་སྐྲུན་གནང་སྟེ་ང་ཚོའི་སྤྱི་ཚོགས་ཀྱི་སྟོང་ཆ་སྐོང་བཞིན་ཡོད། དེ་དག་ནི་དགའ་འོས་པའི་ལས་དོན་ཞིག་རེད་སྙམ། དེ་བཞིན་ཆར་པ་ཆུ་རོགས་དང་། ཉི་མ་མེ་གྲོགས་ཞེས་པ་ལྟར་ཚོགས་སྡེ་གཞན་གྱིས་ཀྱང་ཕྲུ་གུའི་སེམས་ཁམས་དང་མཐུན་པའི་ཕྱི་གླིང་བྱིས་སྒྲུང་དུ་མ་ཕབ་སྒྱུར་གྱིས་འགྲེམས་སྤེལ་གནང་བཞིན་མཆིས་པས། དེང་སྐབས་སྔོན་ལྟར་མ་ཡིན་པའི་ཕྲུ་གུ་ཀློག་རོགས་བྱས་ན་བྱིས་སྒྲུང་མི་རག་པའི་སེམས་ཁྲལ་མེད་པ་ལྟ་བུ་གྱུར་འདུག དེ་དག་ནི་དགའ་བ་སྒོམ་འོས་པའི་གནས་ཚུལ་ཞིག་རེད་སྙམ།

སྔོན་མ་བྱིས་སྒྲུང་འགའ་ཤས་ལས་ཚོང་རྒྱུ་མེད་ཅིང་། ཕྱི་ལོ་ ༢༠༠༣ ནང་ལ་ཕ་ཡུལ་མུ་འབྲེལ་སྒྲུང་གཏམ་དང་། ཕ་ཡུལ་དུས་དེབ་དང་པོ་ནས་བཅུ་གཅིག  གངས་ལྗོངས་དང་པོ་ནས་དགུ་པ་ཙམ་ལས་གཞན་བྱིས་སྒྲུང་མང་པོ་ཞིག་མེད་པ་རེད། དེ་ནས་རིམ་པས་ཤེས་ལྡན་པ་མང་པོས་ང་ཚོའི་སྤྱི་ཚོགས་ནང་ཕྲུ་གུའི་སེམས་ཁམས་དང་མཐུན་པའི་བྱིས་སྒྲུང་དགོས་ཚུལ་ཡང་ཡང་དགོངས་ཚུལ་གསུང་དོན་ལྟར། ཤེས་ལྷན་འབྲེལ་ཡོད་ཚོས་ཐུགས་དགོངས་བླ་ཆེན་བཞེས་ནས་སྐུ་ངལ་འཛེམས་མེད་ཀྱིས་བྱིས་སྒྲུང་ཁག་རྩོམ་སྒྲིག་གནང་བ་དང་། ཤེས་པར་གྱིས་མུ་མཐུད་པར་སྐྲུན་གནང་བཞིན་བྱིས་སྒྲུང་བརྒྱ་དང་ལྔ་བཅུ་ལྷག་ཙམ་དེང་སྐབས་ཚོང་འགྲེམས་བྱ་རྒྱུ་ཡོད་པ་རེད། དེ་འདྲའི་བྱིས་སྒྲུང་རྩོམ་སྒྲིག་དང་པར་སྐྲུན་གནང་བ་ལས་དེང་སྐབས་བོད་པའི་སྤྱི་ཚོགས་ནང་དུ་ཕན་ཐོགས་རླབས་ཆེན་ཡོང་བཞིན་ཡོད།

དེ་བཞིན་ཕྲུ་གུའི་ཕ་མའི་སེམས་ཁམས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཕྱིན་པའི་ཚོར་སྣང་བྱུང་ཞིང་། ཕ་མས་ཕྲུ་གུ་མཉམ་དུ་འཁྲིད་ནས་ཕྲུ་གུའི་འདོད་མོས་ལྟར་བྱིས་སྒྲུང་ཉོ་བ་སོགས་བྱེད་ཀྱི་འདུག་ལ། ཕྲུ་གུའི་སྒྲུང་དེབ་ག་ཚད་ཉོ་དགོས་ལབ་པ་ཡིན་ན་ཉོ་དགོས་མ་རེད་ལབ་མཁན་ཕ་མ་གཅིག་ཀྱང་མཐོང་མ་སོང་། སྔོན་མ་ཡིན་ན་ཕྲུ་གུས་སྒྲུང་དེབ་ཉོ་དགོས་ལབ་པ་ཡིན་ན་ཕ་མས་ཀློག་གི་མ་རེད། སྒོར་མོ་འཕྲོག་ལྷག་རེད་ཅེས་བརྗོད་པ་ངས་ཐེངས་མང་མཐོང་མྱོང་ཡོད། ཕྲུ་གུ་ངུ་ནས་སྒྲུང་དེབ་ཉོ་དགོས་ལབ་ནའང་ཕ་མ་འགའ་ཤས་ཀྱིས་ཉོ་རོགས་བྱེད་ཀྱི་མ་རེད། སྐབས་དེ་དུས་ངའི་སེམས་ནང་བློ་ཕམ་སྐྱེ་མྱོང་ཡོད། དེང་སྐབས་སྔོན་ལྟར་མ་ཡིན་པར་དེང་སྐབས་ཕ་མས་ཕྲུ་གུའི་འདོད་མོས་ལྟར་སྒོར་མོ་ལ་ཕངས་སེམས་མེད་པར་བྱིས་སྒྲུང་ཉོ་བཞིན་མཆིས།

བྱིས་སྒྲུང་ཚོང་འགྲེམས་བྱེད་མཁན། ཤེས་རིག་དཔར་ཁང་། སཾ་བྷོ་ཊ་བོད་སློབ་འཛིན་ཚོགས། དྷ་སྟེང་བོད་ཁྱིམ། འཇམ་དབྱངས་ཤེས་ཡོན་སོགས་ཚོགས་སྡེ་བཞི་ཙམ་མཆིས། ཤེས་རིག་ལས་ཁུངས་ནས་པར་སྐྲུན་གནང་པའི་དཔེ་དེབ་དང་། བྱིས་པའི་འགུལ་བརྙན། བརྩམས་སྒྲུང་བཅོ་བརྒྱད་ཕབ་སྒྱུར་ཟིན་ནས་མང་ཚོགས་ལ་འགྲེམས་གནང་བ་དང་། བོད་ནང་ནས་གྲགས་ཅན་བརྩམས་སྒྲུང་འགའ་ཤས་པར་སྐྲུན་གནང་ནས་འགྲེམས་སྤེལ་གནང་སོང་།

དེ་ཡང་ཤེས་རིག་དྲ་ཚིག་ལས། “སྤྱིར་བརྩམས་སྒྲུང་བོད་སྒྱུར་གྱི་ལས་དོན་དེ་བཞིན་ཕྱི་རྒྱལ་རོགས་ཚོགས་ཤིག་གི་མཐུན་འགྱུར་འོག་ཤེས་རིག་ལས་ཁུངས་ཀྱིས་ལག་བསྟར་གནང་བཞིན་པའི་ལས་གཞི་གལ་ཆེན་ཞིག་ཡིན་པ་དང་། ལས་གཞི་དེ་བརྒྱུད་ཕྱི་སྐད་དུ་ཡོད་པའི་བརྩམས་སྒྲུང་བཞི་བཅུ་ཙམ་ཞིག་བོད་སྐད་དུ་བསྒྱུར་འཆར་ཡོད་པ་ལྟར། དཔེ་དེབ་ ༡༨ ཕབ་སྒྱུར་ལེགས་པར་ཟིན་ཏེ་དེ་རིང་དབུ་འབྱེད་དང་རིན་མེད་འགྲེམས་སྤེལ་གནང་ཡོད་པ་དང་། དེ་འཕྲོས་དཔེ་དེབ་ཉི་ཤུ་སྐོར་རིང་མིན་ཕབ་སྒྱུར་ཟིན་འཕྲལ་དབུ་འབྱེད་འགྲེམས་སྤེལ་གནང་འཆར་ཡོད་པ་རེད། ཕྱོགས་མཚུངས་བོད་ནང་དུ་པར་སྐྲུན་ཟིན་པའི་དཔེ་དེབ་གལ་ཆེ་བཅུ་དྲག་འདེམས་ཀྱིས་པར་སྐྲུན་དང་འགྲེམས་སྤེལ་ཡང་གནང་ཡོད།” ཅེས་བཀོད་དོན་ལྟར་དེ་དོན་དེ་དག་ནི་ཧ་ཅང་རྩ་ཆེན་པོ་ཞིག་རེད། ཕྲུ་གུ་ནི་ང་ཚོའི་མ་འོངས་པའི་བོད་ས་འཛུགས་སྐྲུན་གནང་མཁན་གཙོ་བོ་ཡིན་ཞེས་གསུང་དོན་ལྟར། ང་ཚོའི་བུ་ཕྲུག་རྣམས་ལ་ཤེས་ཡོན་ཚད་ལྡན་ཐོབ་ཐབས་ལ་སྔར་ལྷག་འབད་བརྩོན་གནང་དགོས་པ་དེ་རེད།

མཛད་སྒོ་གྲོལ་རྗེས་དེབ་ཁག་མི་མང་ལ་རིན་མེད་འགྲེམས་སྤེལ་གནང་སོང་། བརྩམས་སྒྲུང་གྲགས་ཅན་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་རེད། གཙུག་གཡུ་བཅས་འདུག་པ་དང་། དེ་དག་རག་ཁག་པོ་ཡོད་པ་རེད། ད་རེས་ཤེས་ལྷན་ནས་པར་སྐྲུན་གནང་འདུག་པ་དེས་དོན་གཉེར་ཅན་རྣམས་ལ་ཕན་ཐོགས་རྒྱ་མི་ཆུང་བ་ཡོང་ངེས་སྙམ། དེ་བཞིན་ད་རེས་ཤེས་རིག་ལས་ཁུངས་ཀྱིས་གྲ་སྒྲིག་ཚགས་ཚུད་པོ་གནང་འདུག་པས་འབྲེལ་ཡོད་འགོ་ལས་ཡོངས་ལ་བཀའ་དྲིན་ཆེའོ་ཞེས་ཞུ་འདོད་བྱུང་བ་བཅས། མཐའ་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་ཆེ་བའི་རྒྱལ་བ་རིན་པོ་ཆེས་གཙོས་རིས་མེད་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཡུན་རིང་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་བཅས།  ༢༠༢༢ ཟླ་ ༤ ཚེས་ ༡༥ ཉིན་མོར་ཕུལ།

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༤ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༦ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༩ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

མཆན། 1

  1. དབང་འདུས། says:
    ལོ་ 4 སྔོན།

    ཆབ་མདོ་ངག་ཕུན་ལགས་ནས་རང་རེའི་སྤྱི་ཚོགས་ལ་དངོས་ཡོད་ལ་ཕན་པའི་བཀའ་མོལ་ཧ་ཅང་གནད་འགག་ཅན་དེ་འདྲ་གསུངས་འདུག་པས་བཀྲིན་ཆེ། མ་འོངས་པར་ཡང་མུ་མཐུད་ནས་བཀའ་མོལ་དེ་བཞིན་གང་མང་འགོད་གནང་ཡོད་པ་ཞུ། ཞུ།། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese