མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་ཤིས་ལགས་ཀྱི་བཙོན་འཇུག་དུས་ཡུན་འཕར་འགྱང་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆབ་བཙོན་པ་བཀྲ་ཤིས་ལགས་ཀྱི་བཙོན་འཇུག་དུས་ཡུན་ལོ་ ༡༢ དེ་འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྫོགས་ཀྱི་ཡོད་ཀྱང་ལོ་གསུམ་འཕར་འགྱང་བཏང་བར་བརྟེན་ཁོང་གི་བཟའ་ཟླ་སོགས་ཀྱིས་སེམས་སྡུག་ཆེན་པོ་བྱེད་བཞིན་འདུག

ཕྱི་ལོ ༢༠༡༠ ཟླ་ ༣ ནང་རྒྱ་ནག་གཞུང་གིས་མགོ་ལོག་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོའི་བོད་མི་བཀྲ་ཤིས་ལགས་ཀྱིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་དང་། ཁ་བྲལ་རིང་ལུགས་ལ་ངན་བསྐུལ་བྱས་པའི་ཉེས་མིང་འོག  མགོ་ལོག་རྨ་ཆེན་རྫོང་མི་མང་ཁྲིམས་ཁང་གིས་གསང་བའི་ཐོག་ནས་ལོ་ ༡༢ ཁྲིམས་ཐག་བཅད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཁོང་གི་བཙོན་འཇུག་དུས་ཡུན་རྫོགས་ཀྱི་ཡོད་ཀྱང་། ཁོང་གི་ཁྱིམ་མི་ཚོར་སྔོན་བརྡ་སོགས་གང་ཡང་མ་བཏང་བར་ཁོང་གི་བཙོན་འཇུག་དུས་ཡུན་ལོ་གསུམ་ཕར་འགྱངས་བཏང་ཟིན་ཡོད་འདུག་ལ། བོད་མི་བཀྲ་ཤིས་ལགས་སུ་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལོ་ ༡༢ ཕྱིན་རྗེས་གཞི་ནས་གནས་ཚུལ་དེ་ཕྱི་ཕྱོགས་སུ་བསླེབས་ཡོད་པ་རེད།

འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། འདི་ལོར་བཀྲ་ཤིས་ལགས་ཀྱི་ཁྱིམ་མི་ཚོས་ཁོང་ཀློད་གྲོལ་བྱུང་ནས་ནང་མི་ལྷན་འཛོམས་ཡོང་རྒྱུར་སྒུག་ནས་བསྡད་ཡོད་ཀྱང་། བཀྲ་ཤིས་ལགས་ཀྱིས་བཙོན་རོགས་ལ་རྩོད་པ་བརྒྱབ་པའི་ཉེས་མིང་འོག་གསང་བའི་ཐོག་ནས་ལོ་གསུམ་འཕར་འགྱང་བྱས་ཡོད་པ་དང་། ད་ལྟའི་ཆར་རྒྱུ་མཚན་ངོ་མ་གང་ཡིན་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ཁྱིམ་མི་ཚོས་ཁོང་གི་འཕྲོད་བསྟེན་ཐོག་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད་འདུག ལྷག་པར་དུ་ཁོང་གི་བཟའ་ཟླ་དབྱངས་སྐྱིད་ལགས་ཀྱིས་སེམས་སྡུག་ཆེན་པོ་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང་།

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། བཀྲ་ཤིས་ལགས་བཙོན་འཇུག་བྱས་རྗེས།  ཁོང་གི་བཟའ་ཟླ་དང་བུ་མོར་སྐར་མ་ཁ་ཤས་རིང་ཐུག་ཕྲད་བྱས་བཅུག་ཡོད་ཀྱང་། སྐབས་དེར་ཁོང་གི་རྐང་ལག་གཉིས་ཀར་ལྕགས་སྒྲོག་བརྒྱབ་ཡོད་ཅིང་། ཕྱིས་སུ་ཁོང་ཟི་ལིང་གི་བཙོན་ཁང་ཞིག་ཏུ་འཁྲིད་ཡོད་འདུག ཟི་ལིང་དུ་འཁྲིད་རྗེས་ནང་མི་ཚོར་ཐུག་འཕྲད་ཐེངས་འགའ་བྱས་བཅུག་ཡོད་ཀྱང་། ལྟ་སྲུང་བ་འགྲམ་དུ་ལངས་ཏེ་ཤེལ་སྒོའི་ཕྱི་ནང་ནས་ཁ་པར་བརྒྱུད་སྐར་མ་ ༡༥ ནས་༣༠ བར་སྐད་ཆ་བཤད་བཅུག་ཡོད་འདུག

ད་ལྟ་རང་ལོ་སུམ་ཅུ་སོ་སྟོད་ཡིན་པའི་བོད་མི་བཀྲ་ཤིས་ལགས་ནི་དཀར་མཛེས་ཁུལ་དགེ་སྡེ་ནས་ཡིན་ཞིང་། ཁོང་གི་ནང་མི་དང་བཟའ་ཟླ་རྣམས་མགོ་ལོག་རྨ་སྟོད་རྫོང་གི་མཚོ་སྐྱ་རེངས་ཡུལ་ཚོའི་ཆུ་མགོ་སྡེ་གསར་དུ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ན་གཞོན་གླུ་བ་ཨ་སངས་ལགས་འཛིན་བཟུང་བྱས་འདུག

༢༠༢༥/༠༧/༡༨
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེག་ཁི་རོ་སན་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༧།༡༧
Mobile App

བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན།

༢༠༢༥/༠༧/༡༧
པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཝུའུ་ཡེན་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ། Lianhe Zaobao གསར་ཁང་གིས་པར།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཅེ་ལ་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད།  

༢༠༢༥/༠༧/༡༧
༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༧།༡༦
Mobile App

༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ།

༢༠༢༥/༠༧/༡༦
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་གོང་མས་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུ་སྤྱི་མོས་གཏན་འབེབས་གནང་།

༢༠༢༥/༠༧/༡༦
Sikkim BJP MP Dorjee Tshering Lepcha Reiterates Demand to Rename India-China Border as Indo-Tibetan Border
Mobile App

རྒྱ་གར་དབུས་གཞུང་གིས་འཕགས་བོད་ས་མཚམས་ཞེས་པའི་མིང་བེད་སྤྱོད་གནང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༧/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese