མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཁུལ་དུ་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཟེར་བ་ཞིག་སྲུང་གཙི་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ནི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་ཟེར་བ་ཞིག་ཡིན་ལུགས་བཤད་དེ་རྒྱ་ནག་དམར་ཤོག་གི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཀྱི་བདེ་འཇགས་འགྲོ་ལམ་མཐའ་འཁྱོངས་བྱེད་དགོས་ཟེར་བ་སོགས་ཀྱི་ཆབ་སྲིད་དྲིལ་བསྒྲགས་བྱས་འདུག

ཁ་སང་རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་གྱི་ས་གནས་ཁག་ཅིག་ཏུ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཟེར་བའི་བྱ་འགུལ་ཞིག་སྤེལ་ཏེ། གནད་ཆེན་ལྔ་དང་། འབྲེལ་བ་ལྔ། མཐའ་འཁྱོངས་བྱེད་དགོས་པ་བཅུ་ཟེར་བ་སོགས་ཀྱི་དྲིལ་བསྒྲགས་ཚོགས་འདུ་བསྡུས་པ་དང་། ས་གནས་ཀྱི་དགོན་པ་དང་སློབ་གྲྭ། དེ་བཞིན་ལས་ཡུལ་གང་སར་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱིའི་ལྟ་བ་བརྟན་པོ་བཙུགས་ནས་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་འབྲས་གསར་པ་ཚོར་པར་བྱེད་ཅེས་པའི་ཡིག་ཆ་ཞིག་འགྲེམས་སྤེལ་བྱེད་བཞིན་འདུག

ནགས་ཚལ་དང་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ཏེ་ས་གནས་བོད་མི་ཚོ་དྲིལ་བསྒྲགས་ཀྱི་ལག་ཆར་བེད་སྤྱོད་གཏོང་གི་ཡོད་པའི་ཐད་ནས་འདི་གའི་གསར་འགོད་པར་བོད་མི་གཉིས་ཀྱིས། ཉེ་ལམ་རྒྱ་ནག་གཞུང་གིས་མགོ་ལོག་ཕྱོགས་ཀྱི་ས་གནས་མང་པོ་ཞིག་ཏུ་ནགས་ཚལ་དང་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་ཟེར་ནས་ཡིག་ཆ་ཨང་དང་པོ་ཟེར་བ་ཞིག་ལག་བསྟར་བྱ་དགོས་སྐོར་བརྗོད་དེ། ས་གནས་ཀྱི་མགོ་འཁྲིད་ཚོས་མི་མང་རྣམས་ལ་རི་ཁ་སོགས་སུ་དྲིལ་བསྒྲགས་ཀྱི་རུ་དར་དང་འཕྲེད་དར་སོགས་འཕྱར་བཅུག་ཏེ་པར་བཏབ་ནས་སློབ་གསོ་ཤུགས་ཆེན་སྤེལ་ཡོད་ལུགས་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱི་འདུག་ཀྱང་། སྐད་ཆ་བཤད་པ་དང་ཡིག་ཆ་བཀྲམ་པའི་ནང་དུ་ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་རྒྱལ་ཁབ་ལ་དགའ་ཞེན་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་དགོས་སྐོར་གྱི་སློབ་གསོ་རྐྱང་རྐྱང་སྤེལ་བཞིན་ཡོད་སྐོར་བརྗོད་བྱུང་།

གཞུང་འབྲེལ་དྲ་ལམ་དུ་ཡུལ་ཚོ་གཅིག་རེའི་ནང་དྲིལ་བསྒྲགས་ཡིག་ཆ་ ༡༠༠༠ ལྷག་བཀྲམ་ཡོད་སྐོར་བཀོད་འདུག་ལ། ཡིག་ཆ་དེའི་ནང་དུ་གནད་ཆེན་བཅུ་དང་འབྲེལ་བ་ལྔ། མཐའ་འཁྱོངས་སུ་བྱེད་དགོས་བཅུ་སོགས་བོད་རྒྱ་གཉིས་ཀྱི་ནང་དུ་སྤེལ་འདུག་ལ། གནད་ཆེན་ལྔ་ནི་ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་དགོས། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་འཛིན་དགོས། དཔལ་འབྱོར་གྱི་བདེ་འཇགས་རྨང་གཞིར་བྱེད་དགོས། རྒྱལ་སྤྱིའི་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་གཞི་རྟེན་དུ་བྱེད་དགོས། དམག་དོན་དང་ཚན་རྩལ། རིག་གནས། སྤྱི་ཚོགས་བཅས་ཀྱི་བདེ་འཇགས་འགན་སྲུང་བྱེད་དགོས་བཅས་རེད་འདུག

དེ་བཞིན་མཐའ་འཁྱོངས་བྱེད་དགོས་པ་བཅུ་ཟེར་བ་ནི། རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ལ་ཏང་གིས་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཀྱི་བདེ་འཇགས་འགྲོ་ལམ་མཐའ་འཁྱོངས་བྱེད་དགོས། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་མཐའ་འཁྱོངས་བྱེད་དགོས། ཆབ་སྲིད་ཀྱི་བདེ་འཇགས་དེ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས། ཁྱབ་ཁོངས་ཁག་གི་བདེ་འཇཊ་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁ་འགོག་སེལ་བྱེད་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱལ་སྤྱིའི་ཐུན་མོང་གི་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་བཅས་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese