མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ཚེ་གཅིག་ལ་སྐྱེ་བ་གསུམ་ཞེས་པའི་༧ཀིརྟི་རིན་པོ་ཆེའི་མཛད་རྣམ་ཕྱག་དེབ་ཅིག་དབུ་འབྱེད་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༢ ནས་ད་བར་འདས་པའི་ལོ་ངོ་བཅུའི་རིང་རྒྱ་རིགས་རྩོམ་པ་པོ་ལི་ཅང་ལིན་ལགས་ཀྱིས་བརྩམས་གནང་བའི་༧ཀིརྟི་རིན་པོ་ཆེའི་མཛད་རྣམ་གྱི་དཔེ་དེབ་ཅིག་འགྲེམས་སྤེལ་དབུ་འབྱེད་གནང་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། ཀིརྟིའི་དགེ་རྩ་ཚོགས་པའི་གོ་སྒྲིག་དང་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ལི་ཅང་ལིན་ལགས་ཀྱིས་བརྩམས་པའི་༧སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་མི་ཚེ་གཅིག་ལ་སྐྱེ་བ་གསུམ་ཞེས་དབྱིན་བོད་གཉིས་ཀྱི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚུགས་སོང་བ་དང་། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་བཅས་དང་། སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གི་དབུས་པའི་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། བཞུགས་སྒེར་ཁུལ་གྱི་མཁས་དབང་དང་ཉམས་ཞིབ་པ། རྩོམ་པ་པོ་སོགས་ཁྱོན་མི་གྲངས་བརྒྱ་ལ་ཉེ་བ་འཛོམས་འདུག

མཛད་རིམ་སྟེང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་བཅས་ནས་༧སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་མི་ཚེ་གཅིག་ལ་སྐྱེ་བ་གསུམ་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་མཚམས་སུ། ཀིརྟི་དགོན་པའི་ཤེས་ཡོན་འགན་འཛིན་དང་རྩོམ་པ་པོ་རེ་མདོ་སེང་གེ་ལགས་ནས་དཔེ་དེབ་ཀྱི་བྱུང་རིམ་སྐོར་ལ་ངོ་སྤྲོད་གནང་སྐབས། མི་ཚེ་གཅིག་ལ་སྐྱེ་བ་གསུམ་ཞེས་པའི་ཕྱག་དེབ་དེ་ནི། ཀིརྟི་རིན་པོ་ཆེའི་སྐུ་ཚེའི་བྱུང་བ་རྣམས་རིམ་པ་གསུམ་ལ་དབྱེ་ཡོད་པ་ལས། དང་པོ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་མདོ་སྨད་ཀྱི་ཐེ་བོ་སྟག་མོ་སྒང་གི་ཞིང་པའི་གྲོང་གསེབ་ཆུང་ཆུང་ཞིག་ཏུ་སྐུ་འཁྲུངས་རྗེས། ཀིརྟི་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་བ་ནས། ཡུལ་ལུང་ཞིག་གི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དང་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཆགས་པ་དང་། རིམ་པ་གཉིས་པ་གོང་ས་མཆོག་གི་གསང་བའི་བཀའ་ཡིག་སྔ་ཕྱི་ཕེབས་པ་ལ་བརྟེན། ཕྱི་ལོ་ ༡༩༥༧ ལོར་ཀིརྟི་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་རྗེས། གྲྭ་བ་དཀྱུས་མ་ཞིག་གི་རྣམ་པའི་སྟེང་ནས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་གསན་བསམ་སློབ་གཉེར་གནང་བ་དང་བསྟུན། སྐབས་དེར་བོད་གཞུང་གིས་སྤྲུལ་སྐུ་རྣམ་གསུམ་གྱི་གདན་ཐོབ་ཕུལ་ནས་བོད་ཀྱི་བླ་མ་ཆེན་པོ་ཞིག་ངོས་འཛིན་གནང་། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་གི་ཞབས་རྗེས་སུ་འབྲངས་ནས་བཙན་བྱོལ་དུ་ཕེབས་པ་ནས། ཀ་ལིམ་པོང་དང་ཌོ་ཧོར། ཝར་ཎ་དང་ཤེས་རིག་ལས་ཁུངས་ཀྱི་དགེ་རྒན་འོས་སྦྱོང་ཐེངས་གཉིས་པ་སོགས་སུ་ཞུགས་ཏེ། ལོ་ངོ་ ༡༩ དང་༢༠ ནང་གསན་བསམ་སློབ་སྦྱོང་མཐར་ཕྱིན་པ་གནང་ཞིང་། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་བར་ཞབས་འདེགས་ཞུས་ཡོད་པ་བཅས་ཡིན་སྐོར་དང་། ཕྱི་ལོ་ ༢༠༡༡ ལོར་རྒྱ་རིགས་རྩོམ་པ་པོ་དང་བོད་དོན་རྒྱབ་སྐྱོར་བ་ལི་ཅང་ལིན་ལགས་ཀྱིས་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེར་བོད་ནང་གི་གནས་སྟངས་སྐོར་ལ་བཅར་འདྲི་ཞུས་པ་དང་བསྟུན། ༧ཀིརྟི་རིན་པོ་ཆེའི་སྐུ་ཚེ་མཛད་རྣམ་ཞིག་འདྲི་རྒྱུ་ཡིན་པའི་སྙན་གསེང་ཞུས་རྗེས། ཕྱི་ལོ་ ༢༠༡༢ ལོར་ཀིརྟི་རིན་པོ་ཆེས་བཀའ་བཞེས་གནང་བ་ལྟར། མི་ཚེ་གཅིག་ལ་སྐྱེ་བ་གསུམ་ཞེས་པའི་ཕྱག་དེབ་འདས་པའི་ལོ་ངོ་ ༡༠ རིང་དཀའ་སྤྱད་བྱས་པའི་གྲུབ་འབྲས་ཤིག་ཡིན་སྐོར་སོགས་གསུངས་སོང་།

དམིགས་བསལ་སྐུ་མགྲོན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ཀིརྟི་རིན་པོ་ཆེ་དང་ཁོང་གི་འོག་གི་དགེ་འདུན་པ་རྣམས་རྒྱག་ཅིག་མཆོངས་གཅིག་བྱས་ནས་༧གོང་ས་མཆོག་གི་སྐུ་འོག་དཔུང་འདེགས་ཞུ་བཞིན་པ་ནི་ཧ་ཅང་གི་གལ་ཆེན་ཡིན་པ་དང་ཀིརྟི་རིན་པོ་ཆེའི་ལམ་སྟོན་འོག་གཞུང་ཆེན་བཀའ་པོད་ལྔའམ་རིག་གནས་བཅུའི་སྟེང་དཔར་བསྐྲུན་བྱས་ཏེ། དེང་རབས་དང་མཐུན་ཞིང་དགེ་འདུན་པ་རྣམས་ལ་སློབ་གཉེར་གྱི་སྒོ་མོ་ཕྱེས་ཡོད་པ་དང་འཆད་རྩོད་རྩོམ་གྱི་ཐོག་ནས་མ་འོངས་པར་ཕན་ཐོགས་ཆེན་པོ་ལྡན་པའི་བྱས་རྗེས་བཞག་ཡོད་སྐོར་གསུངས་སོང་བ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀིརྟི་རིན་པོ་ཆེའི་མཛད་རྣམ་རྩོམ་སྒྲིག་དང་དཔར་སྐྲུན་གནང་མཁན་གྱི་འབྲེལ་ཡོད་ཡོངས་ལ་ལེགས་གསོལ་བསྔགས་བརྗོད་གནང་བ་དང་སྦྲགས། ཕྱག་དེབ་དེ་བརྒྱུད་བོད་ཀྱི་གནས་བབ་རྟོགས་ཐུབ་པ་དང་། ཀིརྟི་རིན་པོ་ཆེའི་གསན་བསམ་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་གནང་ཕྱོགས་སོགས་ཚང་མ་རྟོགས་ཐུབ་ཀྱི་ཡོད་སྐོར་དང་། རིན་པོ་ཆེའི་མཛད་རྗེས་ལ་ཞབས་འདེགས་ཐུབ་པ་གང་ཡང་ཞུ་མི་ཐུབ་ནའང་རིན་པོ་ཆེའི་དགོངས་པ་བཞེས་ཕྱོགས་དང་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་འགན་ཁུར་བཞེས་ཕྱོགས་ཐོག་ཚང་མས་དྲན་གསོ་ཞུ་དགོས་སྐོར་སོགས་གསུངས་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དཔེ་དེབ་རྩོམ་པ་པོ་ལི་ཅང་ལིན་ནི་ཡུན་རིང་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་པ་ངོ་སྤྲོད་གནང་བ་དང་བསྟུན། རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་པའི་བརྒྱུད་རིམ་དང་འབྲེལ། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཙན་བྱོལ་དུ་ཕེབས་རྗེས། ཝཱ་རཱ་ཎ་སཱིར་དགེ་རྒན་འོས་སྦྱོངས་ཐེངས་གཉིས་པའི་སྐབས་མཉམ་ཞུགས་གནང་བ་དང་བོད་ཀྱི་དཔེ་མཛོད་ཁང་། དགའ་ལྡན་ཕོ་བྲང་། ཕྱི་ལོ་ ༡༩༩༠ རྗེས་ནས་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་དུ་ཞུགས་པ། ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས་པ་སོགས་ཀིརྟི་རིན་པོ་ཆེའི་མཛད་རྣམ་སྐོར་གསུངས་གྲུབ་མཚམས། དགུ་བཅུ་གོ་གྲངས་ནས་ཀིརྟི་བྱེས་པ་གྲྭ་ཚང་བཙུགས་གནང་བ་དང་གྲྭ་ཚང་བརྒྱུད་ཆོས་ཕྱོགས་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱིས་འཇིག་རྟེན་གྱི་བྱ་བ་མང་པོའི་ཐོག་མི་མང་གི་བདེ་སྡུག་ལ་གཟིགས་རྟོགས་གནང་ཡོད།

རིན་པོ་ཆེའི་མཛད་པའི་ནང་ནས་ང་ཚོའི་སྤྱི་ཚོགས་སུ་ཕན་ཐོགས་ཆེ་ཤོས་གཞན་ཞིག་ནི་སློབ་གྲྭའི་སློབ་ཕྲུག་ཚོའི་ཆེད་དུ་ཀློག་དེབ་བརྩམས་གནང་བ་དེ་རེད། རིན་པོ་ཆེས་ལྗགས་རྩོམ་གནང་བའི་ཀློག་དེབ་དེ་དག་སློབ་གྲྭ་ཁག་ཁོ་ན་མ་ཡིན་པར་དགོན་སྡེ་ཁག་ལ་ཕུལ་བ་ལ་བརྟེན་མ་འོངས་མི་རབས་གསར་པར་བོད་ཡིག་སྦྱོང་རྒྱུར་ཐུགས་ཕན་གསོས་ཡོད་པའི་ངོས་འཛིན་ཞུ་གི་ཡོད། ལོ་རྒྱུས་བལྟ་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་ཤག་སྐབས་བཅུ་དྲུག་པ་མ་སླེབས་པའི་སྔོན་ནས་ཞུ་གི་ཡོད་ལ་ད་ལྟའང་ཞུ་གི་ཡོད། ཕྱག་དེབ་འདི་ལ་མཚོན་ལ་ལོ་རྒྱུས་ཀྱི་དེབ་རེད། རིན་པོ་ཆེའི་ཞལ་ནས་གསུངས་ཏེ་རྩོམ་སྒྲིག་པས་རྩོམ་སྒྲིག་གནང་བ་ཞིག་ཆགས་ཡོད་ཅེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 1

  1. ལ་རྒྱའི་གནམ་ལྕགས་མདུང་། says:
    ལོ་ 4 སྔོན།

    དཔེ་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese