མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་ཤོག་ལ་བློ་མི་དཀར་བ་དང་རྨོངས་དད་ཡོད་ཚུལ་བརྗོད་དེ་བོད་ཁུལ་གྱི་དཔོན་པོ་ཞིག་གནས་དབྱུང་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་དབུ་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་སྔོན་ཆད་རྒྱ་ནག་གཞུང་གིས་ཆོས་ལུགས་བེད་སྤྱད་ནས་བོད་མི་ཚོ་གུང་ཁྲན་ཏང་གི་ཁ་ལ་ཉན་ཐབས་བྱས་ཡོད་ཀྱང་ད་ལྟ་བོད་ཀྱི་སྐད་ཡིག་དང་ཆོས་ལུགས་བཅས་རྩ་མེད་གཏོང་བའི་སྲིད་ཇུས་ཐད་ཀར་འཛིན་གྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

Tibet Policy institute Director Mr. Dawa Tsering. Photo:Tibet Times

ཉེ་བའི་ལོ་ཤས་ནང་བོད་ཁུལ་གྱི་བོད་རིགས་སོགས་ཀྱི་དཔོན་པོ་མང་པོ་ཞིག་དབུས་གཞུང་གི་གཏན་འབེབས་དོན་ཚན་བརྒྱད་ཟེར་བ་དང་འགལ་བའི་ཉེས་མིང་འོག ལས་གནས་ནས་གནས་དབྱུང་དང་དམར་ཤོག་ཚོགས་པའི་ནང་ནས་ཕྱིར་འབུད་གཏོང་གི་ཡོད་པ་ལྟར།   བོད་དཀར་མཛེས་ཁུལ་གྱི་ཁུལ་དཔོན་གཞོན་པ་ཟུར་པ་ཁང་ཀོང་ཡིའུ་ཞེས་པ་ཞིག་ལ་རྒྱ་ནག་གི་གཏན་འབེབས་དོན་ཚན་བརྒྱད་ཟེར་བ་དང་འགལ་ཏེ་དམར་ཤོག་ཏང་ལ་བློ་མི་དཀར་བ་དང་། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པ། ཞིབ་བཤེར་ལ་ཁ་གཏད་བཅགས་པ། རྨོངས་དད་ཀྱི་བྱེད་སྒོར་ཞུགས་པ་སོགས་ཀྱི་ཉེས་མིང་འོག་ལས་གནས་ནས་གནས་དབྱུང་དང་། དམར་ཤོག་ཚོགས་པ་ནས་ཕྱིར་འབུད་བཏང་ཡོད་འདུག

འདི་གའི་གསར་འགོད་པས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་སུ་ཉེས་མིང་སྣ་ཚོགས་འོག་བོད་ཁུལ་གྱི་མགོ་འཁྲིད་མང་པོར་ཉེས་ཆད་ཕོག་གི་ཡོད་པ་དེའི་ཐད་དགོངས་ཚུལ་ཅི་ཡོད་སྐོར་དྲིས་པར་ཁོང་གིས།  སྤྱིར་བོད་དང་། ཡུ་གུར་གཉིས་གཙོ་བོ་འགྱུར་བའི་ལྷོ་སོག་ཏུ་ད་ལྟའི་གནས་ཚུལ་དེ་ཡོང་གི་ཡོད་པ་རེད། སྔོན་མ་རིག་གནས་གསར་བརྗེ་ཆེན་མོའི་རྗེས་སུ་ཆོས་ལུགས་བྱེད་སྒོ་ཁག་སླར་ཡང་མགོ་བཙུགས་ཡོང་བའི་སྐབས་སུ། རྒྱ་ནག་གཞུང་གིས་བོད་ནང་དུ་དབང་ཆ་སྲ་བརྟན་ཡོང་སླད་དུ་ཆོས་ལུགས་བེད་སྤྱོད་གཏོང་གི་ཡོད་པ་རེད། སྐབས་དེ་དུས་གུང་ཁྲན་ཏང་གི་མི་ཡིན་ཡང་ཆོས་ལུགས་གྱི་མི་སྣར་འབྲེལ་བ་བྱེད་ཆོག་པ་དང་། ཆོས་ལུགས་བེད་སྤྱོད་ནས་མི་མང་ཁར་ཉན་བཅུག་གི་ཡོད། དེ་ནི་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་ཀ་ཞིག་ཡིན་པ་དང་། བོད་མི་ཚོས་རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་ཁར་མ་ཉན་པར་བོད་ཀྱི་བླ་མ་རྣམས་བེད་སྤྱད་ནས་མི་མང་ཚོ་རྒྱ་ནག་གཞུང་གི་ཁར་ཉན་བཅུག་སྟེ། རྒྱ་ནག་གཞུང་གི་གྲུབ་འབྲས་ཤིག་ཏུ་བརྩི་ཡི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་པ་དང་བླ་མ་རྣམས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་གི་ཡོད་པ་རེད། རྗེས་སུ་རྒྱ་ནག་གཞུང་གིས་སྟོབས་ཤུགས་ཇེ་ཆེར་འགྲོ་དུས། བོད་ཀྱི་བླ་མ་དང་གྲྭ་བ་རྣམས་དགྲ་རུ་ངོས་འཛིན་བྱས་ཏེ་བཀག་འགོག་བྱེད་མགོ་བཙུགས་ནས་བོད་ཀྱི་བླ་མ་སོགས་ཀྱི་འགྲོ་འདུག་ལ་ཚོད་འཛིན་ནན་མོ་བྱས། རྒྱ་ནག་གཞུང་གི་མགོ་ཁྲིད་དང་ལས་བྱེད་ཚོས་ཆོས་བྱ་མི་ཆོག་པ་དེ་ནི་གུན་ཁྲན་ཏང་གི་དམིགས་ཡུལ་གཙོ་བོ་དེ་མིན་པར། དེ་ནི་བོད་པ་དང་ཡུ་གུར་ལ་དམིགས་བསྡད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ནང་དུ་ལས་འགུལ་ག་རེ་སྤེལ་བ་ཡིན་ཡང་། དེ་དག་ནི་རྒྱལ་ཁབ་གཅིག་འགྱུར་དང་། བོད་ཀྱི་སྐད་ཡིག་དང་ཆོས་ལུགས་རྩ་མེད་གཏོང་བའི་སྲིད་ཇུས་ཐད་ཀར་འཛིན་གྱི་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་རིགས་དཔོན་པོ་ཚོས་བོད་ཀྱི་སྐད་ཡིག་སྦྱང་བརྩོན་བྱ་མི་ཆོག་པའི་ཁར། ཐ་ན་ནང་མི་རྣམས་ཀྱི་བོད་སྐད་བོད་ཡིག་སྦྱང་བརྩོན་བྱ་མི་བཅུག་པ་དེ། རྒྱ་ནག་གཞུང་གིས་བོད་མི་རིགས་འདི་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་དང་། བོད་ཀྱི་ཆོས་ལུགས་དེ་རྒྱ་ནག་ཅན་དུ་བསྒྱུར་ཐབས་སོགས་ཆབ་སྲིད་ཀྱི་ཐ་སྙད་མང་པོ་ཞིག་བཏགས་ནས་སྲིད་ཇུས་མང་པོ་ཞིག་བཏིང་གི་ཡོད་པ་རེད། སྲིད་ཇུས་དེའི་རྩ་བ་ནི་བོད་མི་རིགས་འདི་རྩ་མེད་དུ་གཏང་སྟེ། བོད་སྐད་བོད་ཡིག་མེད་པར་བཟོས་ནས། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ཐབས་དང་། བོད་མི་རྒྱ་མིར་བསྒྱུར་རྒྱུ། བོད་མི་ཚོས་རྒྱ་སྐད་མ་གཏོགས་བོད་སྐད་མི་ཤེས་པ་བཟོ་བའི་སྲིད་ཇུས་ལ་ཐུག་བསྡད་ཡོད་པ་རེད་ལ། ཞི་ཅིང་ཕིན་གྱི་དབང་ཆ་སྲ་བརྟན་ཡོང་ཐབས་དེའང་སྲིད་ཇུས་དེའི་ཆ་ཤས་སུ་གྱུར་ཡོད་པ་རེད། འོན་ཀྱང་། རྒྱ་ནག་གཞུང་གིས་དགོས་པའི་དབང་གིས་བོད་ཀྱི་ཤེས་ཡོན་པ་དང་མི་ཆེན་ཁག་བེད་སྤྱད་ནས་རིམ་པས་ཆབ་སྲིད་ཀྱི་ནག་ཉེས་སྣ་ཚོགས་གཡོགས་ནས་རྩ་མེད་གཏོང་གི་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་ ༢༠༡༤ ཟླ ༡ ཚེས་ ༢༤ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་འཁྲིད་འོག དབུས་ཆབ་སྲིད་ལྷན་ཁང་གིས་རྒྱལ་ཁབ་བདེ་འཇཊ་ཨུ་ཡོན་ལྷན་ཁང་ཟེར་བ་ཞིག་གསར་འཛུགས་ཀྱིས།  མུ་མཐུད་རྒྱ་ནག་ནང་ལོགས་དང་བོད་སོགས་གྲངས་ཉུང་མི་རིགས་ས་ཁུལ་དུ་ལྐོག་ས་རུལ་སུངས་དང་གཞུང་དངུལ་ལོག་སྤྱོད་སོགས་ཀྱི་ཉེས་མིང་འོག་དཔོན་རིགས་དང་ལས་བྱེད་མང་པོར་ཞིབ་བཤེར་ཁྲིམས་ཆད་གཅོད་བཞིན་ཡོད་པ་རེད། སྤྱི་ཡོངས་ནས་མང་ཚོགས་ཁྲོད་འཐབ་རྩོད་དེ་ལ་དགའ་མོས་བྱེད་མཁན་མང་པོ་ཡོང་གི་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས་དེ་ནི་ཞི་ཅིན་ཕིང་གི་ཕུལ་དུ་བྱུང་བའི་དབང་ཆ་བརྟན་སྲུང་གི་ཐབས་ཇུས་རྩེ་གཉིས་མ་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ས་ཁུལ་དུ་འཐབ་རྩོད་དེ་ནི་རྒྱལ་ཁབ་ལ་བློ་མི་དཀར་བ་དང་ཏང་ལ་དྲིན་ལན་ལོག་འཇལ་ཟེར་བ་དང་། སྤྱི་ཚོགས་ལྷིང་འཇགས་ལ་གནོད་སྐྱོན་བཟོས་པ་དང་རྨོངས་དད་ཀྱི་ལས་ལ་ཞུགས་པ་སོགས་ཀྱི་ཉེས་མིང་འོག་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་གནད་དོན་ཁག་ཐག་གཅོད་བྱེད་པའི་ཐབས་ལམ་ལྟ་བུ་ཞིག་ཏུ་གྱུར་ཡོད་པའི་ངོས་འཛིན་ཡོང་གི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese