མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ཚོགས་སྡེ་དྲུག་གིས་རྒྱ་ནག་གཞུང་ལ་འདྲི་རྩད་ནན་པོ་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཉེས་མིང་འདྲ་མིན་འོག་བོད་ཀྱི་ཆབ་སྲིད་བཙོན་པ་གསུམ་གར་ཡོད་ཆ་མེད་དུ་བཏང་བའི་གནད་དོན་ཐད་རྒྱལ་སྤྱིའི་ཚོགས་སྡེ་དྲུག་ནས་འདྲི་རྩད་ནན་པོ་བྱས་ཡོད་ཀྱང་རྒྱ་ནག་གཞུང་གིས་ལན་འདེབས་གསལ་བཤད་གང་ཡང་བྱས་མེད་འདུག

ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དྲ་རྒྱའི་ཐོག་ཕྱིར་བསྒྲགས་བྱས་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་ཆེད་མཁས་རྟོག་ཞིབ་དང་ལས་དོན་ཚན་པ་དྲུག་གིས་མཉམ་འབྲེལ་སྒོས་རྒྱ་ནག་གཞུང་ལ་ཡིག་ཐོག་ནས་བོད་ཀྱི་རྩོམ་པ་པོ་དྷཱི་ལྷ་ལྡན་དང་། བོད་ཀྱི་གླུ་བ་ལྷུན་གྲུབ་གྲགས་པ། སློབ་དགེ་རིན་ཆེན་སྐྱིད་བཅས་ཀྱི་བཙོན་འཇུག་བཀག་ཉར་དང་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་སོགས་ཀྱི་ཐད་ལ་འདྲི་རྩད་ནན་པོ་བྱས་ཡོད་ཀྱང་། ད་ལྟའི་ཆར་རྒྱ་ནག་གཞུང་ནས་ལན་འདེབས་གསལ་བཤད་བྱས་མེད་འདུག

རྒྱལ་ཚོགས་ཀྱི་འདྲི་རྩད་དེའི་ནང་། རྩོམ་པ་པོ་བློ་བཟང་ལྷུན་གྲུབ་བམ་དྷཱི་ལྷ་ལྡན་དང་གླུ་བ་ལྷུན་གྲུབ་གྲགས་པ། དགེ་རྒན་རིན་ཆེན་སྐྱིད་གསུམ་གྱི་གནས་སྟངས་དེ་ནི། རྒྱ་ཆེ་ས་ནས་རང་གི་སྐད་ཡིག་དང་རིག་གཞུང་གོམས་སྲོལ་བཅས་པར་སྲུང་སྐྱོབ་དང་། བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་གྱི་བོད་མི་མང་པོའི་ལས་དབང་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་གོང་འཕེལ་གཏོང་མཁན་དང་རྒྱ་ནག་གི་དབང་འཛིན་ལ་སྐྱོན་བརྗོད་བྱེད་མཁན་བོད་མི་རྣམས་བཙོན་འཇུག་བཀག་ཉར་དང་། མཚམས་རེར་གར་སོང་ཆ་མེད་དུ་གཏོང་བཞིན་པར་བློ་འཚབ་ཧ་ཅང་ཆེན་པོ་ཡོད་སྐོར་འཁོད་འདུག དེ་བཞིན་རྒྱ་ནག་གཞུང་ངོས་ནས་འགྲོ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་ ༩ དང་། ༡༠། ༡༡ བཅས་ཀྱི་དགོངས་དོན་གཞིར་བཟུང་། བོད་མི་ཁོང་གསུམ་ལ་རང་དབང་ཅན་གྱི་ཁྲིམས་ཁང་མདུན་ནས་ཁྲིམས་བཤེར་དྲང་པོ་ཡོང་རྒྱུར་ཁག་ཐེག་བྱ་དགོས་པའི་རེ་སྐུལ་ཡང་ཞུས་ཡོད་འདུག

ད་ལན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་རྟོག་ཞིབ་སྡེ་ཚན་དྲུག་གིས་རྒྱ་ནག་གཞུང་ལ་འདྲི་རྩད་ཁག་གཅིག་བྱས་པའི་ཁྲོད་དུ། རྩོམ་པ་པོ་དྷི་ལྷ་ལྡན་ལགས་གར་ཡོད་དང་འཕྲོད་བསྟེན་གྱི་གནས་སྟངས་ཇི་ཆགས།  མགོ་འཁྲིད་ཚོས་ད་བར་ཁོང་གི་ནང་མིའམ་ཁྲིམས་མཐུན་སྐུ་ཚབ་ལ་ཁོང་གི་གནས་སྟངས་ཁ་གསལ་བཤད་མེད་པའི་རྒྱུ་མཚན་ཇི་ཡིན་དྲིས་འདུག་ལ། གླུ་བ་ལྷུན་གྲུབ་གྲགས་པ་དང་དགེ་རྒན་རིན་ཆེན་སྐྱིད་ཁྲིམས་སྒྲིག་གི་གཞི་རྩ་གང་གི་ཐོག་ནས་འཛིན་བཟུང་ཁྲིམས་ཆད་བཅད་ཡོད་མེད་དང་། རྒྱ་ནག་གཞུང་གི་ཐག་གཅོད་དེ་དག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་སྲོལ་དང་མཐུན་གྱི་ཡོད་མེད། ཁོང་རྣམ་གཉིས་ད་ལྟ་གང་དུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་རྣམས་དོ་བདག་གི་ནང་མི་ལ་གསལ་བཤད་མ་བྱས་པའི་རྒྱུ་མཚན་གང་ཡིན་སོགས་ཀྱི་འདྲི་རྩད་ནན་མོ་བྱས་ཡོད་འདུག

ད་ལྟ་རང་ལོ་ ༥༠ ཡིན་པའི་རྩོམ་པ་པོ་བློ་བཟང་ལྷུན་གྲུབ་ལགས་ཀྱིས་ཕྱི་ལོ་ ༢༠༡༡ དང་ ༢༠༡༥ སོ་སོར་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་དང་། བསྟུན་རྒོལ་ཁྲིམས་གཏུག་ཅེས་པའི་དཔེ་དེབ་བརྩམས་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༡༩ ཟླ་ ༦ པའི་ནང་རྒྱ་ནག་གཞུང་གི་ཉེན་རྟོག་པས་སྤྱི་ཚོགས་ནང་ཟིང་འཁྲུག་སློང་བའི་ཉེས་མིང་འོག་ཁྲིན་ཏུའུ་ནས་འཛིན་བཟུང་བྱས་ཏེ་ཐོག་མའི་ཟླ་བ་ ༡༨ རིང་ཁྲིམས་བཤེར་གྱི་བརྒྱུད་རིམ་གང་ཡང་མེད་ཅིང་ནང་མིར་ཐུག་འཕྲད་བྱེད་དུ་མ་བཅུག་པར་བཀར་ཉར་བྱས་ཡོད་ཅིང་། མཐར་ཕྱི་ལོ་ ༢༠༢༡ ཟླ་ ༦ པའི་ནང་ཁོང་ལ་སྤྱི་ཚོགས་ནང་ཟིང་འཁྲུག་བསླངས་པའི་ནག་ཉེས་བཙན་འགེལ་གྱིས་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། འོན་ཀྱང་ད་ལྟའང་ཁོང་བཙོན་ཁང་གང་དུ་ཡོད་མེད་དང་འཕྲོད་བསྟེན་གྱི་གནས་སྟངས་ཇི་ཡིན་ཁ་གསལ་མེད་པ་རེད། ཁམས་འབྲི་རུ་ནས་ཡིན་ཞིང་ད་ལྟ་རང་ལོ་ ༣༨ ཡིན་པའི་བོད་ཀྱི་གླུ་བ་ལྷན་གྲུབ་གྲགས་པ་ལགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་ཞྭ་མོ་ནག་པོ་ཞེས་པའི་གླུ་བླངས་པ་ལ་བརྟེན་ནས་ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ཕྱི་ལོ་ ༢༠༢༠ ལོར་ཁོང་ལ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

དགེ་རྒན་རིན་ཆེན་སྐྱིད་ལགས་ལྟ་བུར་མཚོན་ན། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༨ ཉིན་རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དར་ལག་རྫོང་དུ་རྟེན་གཞི་བྱས་པའི་སེང་འབྲུག་སྟག་རྩེས་མཚོན་པའི་བོད་མིའི་སྒེར་གཉེར་སློབ་གྲྭ་སྐོར་ཞིག་སྒོ་བརྒྱབ་པའི་རྐྱེན་གྱིས། སློབ་གྲྭ་དེ་གའི་དགེ་རྒན་རིན་ཆེན་སྐྱིད་ལགས་ཀྱིས་སྔ་དགོང་གི་ཟས་མ་ཟོས་པར་ཉིན་བཅུ་གྲངས་ཤིག་ཕྱིན་ཏེ་གཟུགས་པོའི་གནས་སྟངས་ཧ་ཅང་ཞན་པོ་ཆགས་རྐྱེན། ཁོང་མོའི་ཕ་མ་དང་སྤུན་མཆེད་སོགས་ཀྱིས་སེམས་ཁུར་བྱས་ནས་སྨན་ཁང་དུ་འཁྲིད་ཐབས་བྱས་ཡོད་ཀྱང་འགྲོ་རོགས་བྱས་མེད་པ་དང་། ཕྱིས་སུ་ས་གནས་ཉེན་རྟོག་པ་ཡོང་ནས་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་གཡོགས་ཏེ། ས་གནས་སྨན་ཁང་ཞིག་ཏུ་བཙན་འཁྲིད་བྱས་ནས་ཉིན་གྲངས་ ༢ རིང་བཀག་ཉར་བྱས་རྗེས། ཟི་ལིང་གི་ཞིང་ཆེན་སྨན་ཁང་དུ་འཇོག་རྒྱུ་ཡིན་ཚུལ་ཟེར་ནས་ད་བར་གར་ཡོད་ཆ་མེད་དུ་གྱུར་ཡོད་པ་རེད།

ད་ལན་རྒྱ་ནག་གཞུང་ལ་མཉམ་འབྲེལ་གྱི་ཐོག་ནས་བོད་མི་ཆབ་སྲིད་བཙོན་པ་གསུམ་གྱི་གནས་སྟངས་ཐད་འདྲི་རྩད་བྱེད་མཁན་གྱི་ཁྲོད་དུ། རྒྱལ་ཚོགས་ཀྱི་རིག་གཞུང་ཐོབ་ཐང་ཚན་པའི་དམིགས་བསལ་ཆེད་མཁས་རྟོག་ཞིབ་ཚན་པ་དང་ (Special Rapporteur in the field of cultural rights)། གང་བྱུང་བཀག་ཉར་བྱས་པའི་གནས་ཚུལ་སྐོར་གྱི་ལས་དོན་ཚན་པ་ (Working Group on Arbitrary Detention)། བཙན་གྱིས་སམ་རང་འགུལ་མིན་པའི་ཐོག་ནས་གར་སོད་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐད་ཀྱི་ལས་དོན་ཚན་པ་ (Working Group on Enforced or Involuntary Disappearances)། ཤེས་ཡོན་ཐབ་ཐང་གི་དམིགས་བསལ་ཆེད་མཁས་རྟོག་ཞིབ་ཚན་པ་ (Special Rapporteur on the right to education)། བསམ་བརྗོད་རང་དབང་སྲུང་སྐྱོབ་དང་གོང་འཕེལ་གྱི་དམིགས་བསལ་ཆེད་མཁས་རྟོག་ཞིབ་ཚན་པ་ (Special Rapporteur on the promotion and protection of the rights to freedom of opinion and expression)། གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་གི་དམིགས་བསལ་ཆེད་མཁས་རྟོག་ཞིབ་ཚན་པ་ (special Rapporteur on minority issues) བཅས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese