མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་མི་གསུམ་ཀློད་གྲོལ་བཏང་ཡོད་ཀྱང་གཅིག་ནད་པར་གྱུར་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་རེབ་གོང་རྫོང་གྲོང་ཁྱེར་ཅན་བསྒྱུར་བའི་རྒྱ་ནག་གཞུང་གི་ལས་གཞིར་འགོག་རྐྱེན་བཟོས་པ་སོགས་ཀྱི་ཉེས་མིང་འོག་ལོ་ ༣ ནས་ ༧ བར་ཁྲིམས་ཐག་བཅད་པའི་བོད་མི་ ༩ ཡི་ཁྲོད་ནས་གསུམ་ཀློད་གྲོལ་བཏང་ཡོད་ཀྱང་བསོད་ནམས་རྒྱལ་ལགས་ནད་པར་གྱུར་འདུག

བསོད་ནམས་རྒྱལ་དང་ཁོང་གི་སྤུན་མཆེད་བཀྲ་ཤིས་ཚེ་རིང་།

ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་བོད་རེབ་གོང་རྫོང་གྲོང་ཁྱེར་ཅན་དུ་བསྒྱུར་བའི་ལས་གཞི་སྤེལ་སྐབས། རེབ་གོང་ཧོར་རྒྱ་སྡེ་བའི་ས་ཞིང་བསྡུ་རུབ་བྱས་པར་མོས་མཐུན་མ་བྱས་པའི་རྐྱེན་གྱིས་བོད་མི་དགུ་འཛིན་བཟུང་བྱས་ཏེ། ལོ་གསུམ་ནས་ ༧ བར་གྱི་ཁྲིམས་ཐག་བཅད་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་དང་པོའི་ནང་ཧོར་རྒྱ་སྡེ་བའི་བསོད་ནམས་རྒྱལ་ཀློད་གྲོལ་བཏང་ཡོད་ཀྱང་ནད་པ་ཆགས་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་སོ་ཉུལ་བ་བཏང་སྟེ་འགྲོ་འདུག་ལ་རང་དབང་མེད་པར་གྱུར་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བསོད་ནམས་རྒྱལ་ལགས་ཀྱི་རོགས་པ་གཞན་གཉིས་ཀྱང་ཀློད་གྲོལ་བཏང་ཡོད་ཀྱང་། འབྲེལ་ཡོད་ཅིག་ལ་གཞན་གཉིས་དེ་སུ་ཡིན་མིན་སྐད་ཆ་འདྲི་སྐབས་གློ་བུར་དུ་ཁ་པར་སྒོ་བརྒྱབ་ནས་འབྲེལ་བ་བཅད་ཡོད་སྐོར་དང་། དང་ཐོག་ཁྲིམས་ཁང་ནས་ཁྲིམས་ཆད་ཉུང་ཤོས་ལོ་ ༣ ཡས་མས་ལབ་ཡོད་ཀྱང་དུས་ཡུན་ལོ་ ༣ ཟིན་ནའང་ཀློད་མེད་སྐོར་བརྗོད་བྱུང་།

གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཟླ་བ་དྲུག་པའམ་བདུན་པའི་ནང་བསོད་ནམས་རྒྱལ་ལགས་ཀྱི་སྤུན་མཆེད་ཆུང་བ་བཀྲིས་ཚེ་རིང་ལགས་ཀློད་གྲོལ་གཏང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་དགེ་འདུན་བཟོད་པ་ཚུད་པའི་མི་ ༣ ལ་ལོ་བདུན་གྱི་ཁྲིམས་ཐག་བཅད་ཡོད་ལྟར་ད་ལྟ་བཙོན་ཁང་དུ་ཡོད་འདུག དགེ་འདུན་བཟོད་པ་ལགས་བཙོན་འཇུག་བྱས་ཏེ་ཟླ་བ་ཁ་ཤས་ཀྱི་རྗེས་སུ་ནད་པར་གྱུར་ཏེ་རྒྱ་སྒོར་ཁྲི་གཅིག་སྤྲད་ནས་སྨན་བཅོས་ཆེད་ཀློད་ཡོད་ཀྱང་། ནད་ཚ་ཅུང་ཙམ་དྲག་སྐྱེད་ཡོང་མཚམས་ཡང་བསྐྱར་བཙོན་འཇུག་བྱས་ཡོད་འདུག

ཡང་ཁོང་གིས། རྒྱ་ནག་གཞུང་གིས་བསོད་ནམས་རྒྱལ་སོགས་ཀློད་གྲོལ་བཏང་ཡོད་ཀྱང་། སྡེ་བའི་ནང་དུ་རྒྱ་ནག་གཞུང་གིས་གསང་ཉུལ་བ་དང་བྱ་ར་བ་མངགས་གཏོང་བྱས་ཏེ། ཁོང་ཚོར་ལྟ་ཞིབ་དང་རྗེས་འདེད་གཏོང་གི་ཡོད་པ་མ་ཟད། སྡེ་མི་རྣམས་ཀྱིས་ཁོང་ཅག་གི་སྐོར་ལ་གླེང་སློང་དང་ཞུ་གཏུག་སོགས་བྱས་ན་བཙོན་འཇུག་བཀག་ཉར་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཁ་པར་སོགས་སུ་ཁོང་ཚོའི་མིང་འབོད་པ་ལའང་བཀག་སྡོམ་བྱེད་ཀྱི་ཡོད་སྐོར་དང་། ཁོང་ཚོའི་ནང་མི་དང་འབྲེལ་ཡོད་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལའང་ལྟ་རྟོག་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༨ ཟླ་ ༨ པའི་ནང་རྒྱ་ནག་གཞུང་གིས་ནག་ཚོགས་ངན་སེལ་ཟེར་བའི་མིང་ཐོག་ནས་རེབ་གོང་ཧོར་རྒྱ་སྡེ་པའི་དགེ་འདུན་པ་བཟོད་པ་དང་། ཆོས་བཟང་། བན་དེ་རྡོ་རྗེ། བཀྲ་ཤིས་ཚེ་རིང་། བསོད་ནམས་རྒྱལ། དར་རྒྱས། ཤ་བོ་ཚེ་རིང་། མཁའ་བྱམས་རྒྱལ། འབྲུག་འབུམ་ཚེ་རིང་བཅས་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོང་ཚོས་་བཙན་སྐུལ་གྱིས་ཚོང་བརྗེ་ལེན་དང་། ཧམ་འཕྲོག་གཡོ་ལེན། མི་མང་དཔུང་བསྡེབས་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བཅས་བཏང་ཚུལ་དང་། གོང་རིམ་གྱི་འཛུགས་སྐྲུན་ལས་དོན་ལ་འགོག་རྐྱེན་བཟོས་པ་སོགས་ཀྱི་ཉེས་མིང་འོག ལོ་ ༣ ནས་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

འབྲེལ་ཡོད་གནས་ཚུལ།

རེབ་གོང་ནས་ནག་ཚོཊ་ཤིག་རྩད་ཆོད་ཡོད་ཟེར།

བོད་མི་དགུ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༧ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༨ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese