མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་རང་གིས་ཉེན་འཚེ་ཐེབས་སླ་བའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་སྐད་ཆ་བཤད་རྒྱུར་དམ་བཅའ་བཞག་ཡོད།

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་ནི་རྒྱལ་ཁབ་གཅིག་ཙམ་མིན་པར་ཚང་མར་གནོད་འཚེ་ཐེབས་ཀྱི་ཡོད་པར་བརྟེན་ཚང་མས་རང་བྱུང་ཁམས་དང་སའི་གོ་ལར་བདག་གཅེས་བྱེད་དགོས་པའི་གསུང་འཕྲིན་སྩལ་གནང་འདུག

དེ་ཡང་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་ནང་དུ། དེ་རིང་འཛམ་གླིང་སའི་གོ་ལའི་ཉིན་མོར་ང་ཚོ་ཚང་མ་སྤྲོ་སྣང་ལྡན་པའི་ངང་ནས་འཚོ་འདོད་པར་དྲན་སྐུལ་ཞིག་བྱས་ཡོད་ཅིང་། དེ་ནི་འགྲོ་བ་མི་གཅིག་པུ་མ་ཡིན་པར་བྱ་བྱེའུ་དང་ཐ་ན་འབུ་སྲིན་ཕྲ་མོ་དེ་དག་ཀྱང་སྤྲོ་སྣང་ལྡན་པའི་ངང་ནས་འཚོ་འདོད་ཀྱི་ཡོད་སྟབས། ང་ཚོ་ཚང་མས་ཐུན་མོང་གི་འཚོ་གནས་ལ་སེམས་ཁུར་བྱ་དགོས་ཀྱི་ཡོད་པ་རེད། ང་ཚོ་འགྲོ་བ་མིའི་རིགས་ལ་དབང་པའི་ཆེས་ཕུལ་བྱུང་གི་རྣམ་དཔྱོད་དེས་བྱ་བ་བཟང་པོ་བསྒྲུབ་རྒྱུའི་གོ་སྐབས་མང་དག་ཅིག་བྱིན་ཡོད་ཀྱང་། དེང་གི་འཇིག་རྟེན་གྱི་གནས་སྟངས་ལ་བལྟས་ཚེ། ང་ཚོས་སྔར་ལས་ལྷག་པ་བྱ་ཐུབ་དགོས་ཤིང་། ང་ཚོར་ནང་སེམས་ཀྱི་རིན་ཐང་སྐོར་གྱི་ཤེས་ཡོན་སློབ་གསོ་མང་དག་ཅིག་མཁོ་གལ་ཆེན་པོ་ཡོད་པ་རེད། ཅེས་གསུངས་འདུག

ཡང་༧གོང་ས་མཆོག་གིས། ང་ཚོའི་གོ་ལ་འདི་ནི་རང་དབང་ལྡན་པ་ཞིག་ཡིན་ཡང་། གནམ་གཤིས་འགྱུར་ལྡོག་གིས་རྒྱལ་སྤྱིའི་ཚོང་འབྲེལ་ལ་མཉམ་ཞུགས་བྱེད་པར་གནོད་སྐྱོན་ཐེབས་ཀྱི་ཡོད་སྟབས། དེས་འགྲོ་བ་མིའི་རིགས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་དགོས་པ་གསལ་སྟོན་བྱེད་ཀྱི་ཡོད་ཅིང་། ང་ཚོས་གོ་ལ་ཡོངས་ཀྱི་ཁེ་ཕན་གཙོ་བོར་གཟུང་དགོས་པ་རེད། ད་ལྟ་ང་ཚོས་རྡོ་སྣུམ་བེད་སྤྱོད་ཉུང་ཙམ་གཏོང་ནས། ཉི་མ་དང་རླུང་ལ་བསྟེན་ནས་བྱུང་བའི་བསྐྱར་གསོ་བྱ་རྒྱུ་ཡོད་པའི་ནུས་ཤུགས་དེ་དག་བཀོལ་དགོས་ཤིང་། ཤིང་ནགས་གཅོད་བྲེག་བྱེད་པ་མཚམས་འཇོག་དང་སྔར་ལས་ལྷག་པའི་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ། རྩིས་ཤིང་འདེབས་བཙུགས་དང་གཅེས་ཉར་བྱེད་དགོས་པ་ཡིན། ངོས་རང་གི་མི་ཚེའི་ནང་དུའང་བོད་དང་དྷ་རམ་ས་གཉིས་སུ་གངས་འབབ་ཐེངས་ཇེ་ཉུང་དུ་ཕྱིན་པ་ར་སྤྲོད་གསལ་པོ་བྱུང་ལ། ཚན་རིག་པ་དག་གིས་ངོས་རང་ལ་བོད་ལ་སོགས་པའི་ས་ཁུལ་ཁག་ཅིག་རྗེས་མར་བྱེ་ཐང་དུ་འགྱུར་ཉེན་ཡོད་སྐོར་བཤད་བྱུང་བས། ངོས་རང་གིས་ཉེན་འཚེ་ཐེབས་སླ་བའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་སྐད་ཆ་བཤད་རྒྱུར་དམ་བཅའ་བཞག་ཡོད། ཅེས་གསུངས་འདུག

ཡང་མགོན་པོ་གང་ཉིད་ཀྱིས། ང་ཚོའི་མི་ཚེའི་ནང་བྱ་བ་ལམ་ལྷོངས་ཡོང་རྒྱུར་རེ་བ་བཅོལ་ཞིང་། རེ་བ་དང་མ་འོངས་པར་འབྲེལ་ནས་ཡོད། སྤྱིར་འབྱུང་འགྱུར་གྱི་གནས་སྟངས་རྣམས་ཁག་ཐེག་དཀའ་ཞིང་རེ་བ་བཟང་ཕྱོགས་ནས་རྒྱག་པ་ནི་སྡུག་ས་ནས་བལྟས་པ་ལས་བཟང་བ་ཡོད་ཀྱང་། སའི་གོ་ལའི་ཚ་དྲོད་འཕར་གྱིན་ཡོད་དུས། གཞོན་སྐྱེས་མང་པོས་མཉམ་ལས་བརྒྱུད་ཐབས་ལམ་འཚོལ་མུས་ཡིན། ཁོང་ཚོ་ནི་ང་ཚོའི་རེ་བ་ཡིན་པ་རེད། ཅེས་དང་། དེང་གི་ཆར་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་ང་ཚོར་དཀའ་ཁག་ཆེན་པོ་ཞིག་བྱུང་གི་ཡོད།  ང་ཚོས་ཕན་ཚུན་འགྱུར་བ་གཏོང་བར་རོགས་རམ་བྱེད་དགོས་པ་རེད། ང་ཚོ་འཇིག་རྟེན་གཅིག་ཏུ་འཚོ་བའི་འགྲོ་བ་མི་ཞིག་ཡིན་སྟབས། ང་ཚོས་ཚང་མ་སྤྲོ་སྐྱིད་ལྡན་པའི་ངང་ནས་མཉམ་རུབ་ཀྱི་འཚོ་བ་རོལ་རྒྱུར་འབད་བརྩོན་བྱེད་དགོས་ལ། གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་ནི་རྒྱལ་ཁབ་གཅིག་ཙམ་མིན་པར། ཚང་མར་གནོད་འཚེ་ཐེབས་ཀྱི་ཡོད་སྟབས། ང་ཚོས་ངེས་པར་དུ་རང་ཅག་གི་གཞིས་ཁྱིམ་གཅིག་པུར་གྱུར་བའི་རང་བྱུང་ཁམས་དང་སའི་གོ་ལར་བདག་གཅེས་བྱེད་དགོས་པ་རེད། ཅེས་གསུངས་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese