མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་སྲིད་འཛིན་དངོས་གཞིའི་འོས་བསྡུ་ཡི་ཉིན་མོ།

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ།

ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢༤ ཉིན་ཧྥ་རན་སི་མི་མང་ས་ཡ་ ༤༨:༧ ཙམ་ལ་རང་གི་རྒྱལ་ཁབ་ཀྱི་སྐབས་རྗེས་མའི་སྲིད་འཛིན་གསར་བ་འོས་འཕེན་ཆེད་འབོད་སྒུག་བྱས་ཡོད། རྒྱ་མཚོའི་ཕ་རོལ་ཏུ་ཡོད་པའི་ཧྥ་རན་སིའི་ས་ཁུལ་ཡོངས་སུ་རེས་གཟའ་སྤེན་པ་ཉིན་ནས་འོས་བླུགས་ཚར།   འོས་བསྡུར་མཉམ་ཞུགས་བྱ་མཁན་བརྒྱ་ཆ་ ༥༧ ནས་ ༥༤ བར་བྱུང་ཡོད་ཚོད།  ད་ལོ་དངོས་གཞིའི་འོས་མི་རྣམ་གཉིས་ཕྱི་ལོ་ ༢༠༡༧ གྱི་འོས་མི་གཉིས་རང་འཇགས་འཁེལ་ཡོད།

དངོས་གཞིའི་འོས་མི་གཉིས་ལས་དང་པོ་ནི་ལས་ཐོག་སྲིད་འཛིན་ཨེ་མལ་བལ་མ་ཥི་ཝོན་མཆོག་དང་གཉིས་པ་གཡས་ཐལ་སྲིད་ཚོགས་ཀྱི་འོས་མི་ལྕམ་ལི་པཎ་གཉིས་ཆགས་ཡོད།  རྗེས་མ་དེ་སྲིད་འཛིན་དངོས་གཞིའི་འོས་མིར་གྱུར་བ་ཐེངས་གཉིས་བསྟུད་མར་ཐོབ་པ་ནི་ལོ་ངོ་ ༥༠ ཐམ་པའི་རྗེས་སུ་གཡས་ཐལ་སྲིད་ཚོགས་ཀྱི་ལོ་རྒྱུས་ནང་ཐོག་མ་དེ་ཆགས།

སྲིད་འཛིན་འོས་མི་རྣམ་གཉིས་ཀྱི་ཧྥ་རན་སིའི་འབྱུང་འགྱུར་འཆར་སྣང་ལ་གཤམ་གསལ་གནད་དོན་ཐོག་ཁྱད་པར་ཆེན་པོ་མངོན།
སྤྱིར་ད་ལོ་འོས་བསྡུ་ནི་ཤར་ཡུ་རོབ་ཀྱི་ས་མཚམས་སུ་ར་ཡུག་དམག་འཁྲུག་ལངས་བཞིན་པའི་སྐབས་སུ་འཁེལ་བ་དང་།
༡  འོས་མི་གཉིས་ཀའི་གཟིགས་ཚུལ་མི་མཐུན་ས་ཡུ་རོབ་མཐུན་ཚོགས་དང་འབྲེལ་བ་འཛིན་ཕྱོགས།

༢  དཔལ་འབྱོར་གྱི་སྲིད་བྱུས་གཏན་འབེབས་གནང་ཕྱོགས།

༣  མི་མང་གི་ཉོ་ཚོང་ནུས་སྟོབས་གོང་འཕེལ་ཇི་ལྟར་གཏང་དགོས་མིན།

༤  ཧྥ་རན་སི་དང་ཨུ་རུ་སུ་བར་འབྲེལ་བ་ཇི་ལྟར་འཛིན་དགོས་མིན།

༥  མི་མང་ལོ་ཚད་ཇི་ཙམ་ལ་རྒས་ཡོལ་འགྲོ་ཆོག་མིན་གྱི་འཆར་འགོད་ཁྲིམས་ཡིག་གཏན་འབེབས་གནང་ཕྱོགས། 

༦   ཕྱི་མི་ཧྥ་རན་སིར་གནས་སྤོས་ཡོང་མཁན་སྟངས་འཛིན་ཇི་ལྟར་བྱ་དགོས་པ་དང་ཆབ་སྲིད་སྐྱབས་བཅོལ་ཞུ་རྒྱུའི་ཐོབ་ཐང་མུ་མཐུད་དེ་སྤྲོད་དགོས་མིན།

སྲིད་འཛིན་འོས་མི་གཉིས་ཀའི་ལས་འཆར་དང་ཆབ་སྲིད་ལངས་ཕྱོགས་བཅས་སྤྱི་ཡོངས་ནས་ཁྱད་པར་དང་ཧེ་བག་ཆེན་པོ་ཡོད་སྟབས་དོ་དགོང་གི་ཧྥ་རན་སིའི་མི་མང་གི་འོས་འཕེན་གྲུབ་འབྲས་ཀྱང་འགལ་བའི་ཆ་དེ་གསལ་བོ་མཚོན་རྒྱུ་ལས་མ་འདས།

༨  དེ་རིང་དགོང་མོ་ས་གནས་ཆུ་ཚོད་ ༢༠:༠༠ ནས་བརྙན་འཕྲིན་བརྒྱུད་ནས་ཧྥ་རན་སིའི་སྲིད་འཛིན་གསར་བ་སུ་ཡིན་མིན་ནམ་རྒྱུན་ལྟར་གསལ་བསྒྲགས་བྱ་རྒྱུ་ཡིན་འདུག

འདས་པའི་ལོ་ངོ་ལྔ་རིང་ལ་སྲིད་འཛིན་ལས་ཐོག་པ་སྐུ་ཞབས་མ་ཥི་ཝོན་མཆོག་གི་སྲིད་སྐྱོང་གི་དུས་ཡུན་རིང་ལ་མི་མང་ཁྲོད་སྟོད་ཐུང་སེར་བོ་གོན་མཁན་ཚོས་ཟླ་ཤས་རིང་ལ་ངོ་རྒོལ་ལས་འགུལ་སྤེལ་བ་ནས་བཟུང་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་བཅས་དཀའ་ངལ་ཟམ་མི་ཆད་པ་བྱུང་ཡོད།

དེ་རིང་དགོང་མོ་སྲིད་འཛིན་གསར་བ་སུ་འདེམས་ཐོན་བྱུང་རུང་འདི་ལོ་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་གྲོས་ཚོགས་འོག་མའི་སྔོན་འགྲོའི་འོས་བསྡུ་བྱ་རྒྱུ་དང་ཚེས་ ༡༩ ཉིན་དངོས་གཞིའི་འོས་བསྡུ་བྱས་རྗེས་སྲིད་འཛིན་གསར་བའི་སྲིད་ལྟ་དང་ལས་འཆར་བཅས་ལ་རྒྱབ་སྐྱོར་ཡོད་མཁན་གྲོས་ཚོགས་འཐུས་མི་མང་བར་འོས་འཐོབ་ན་མ་གཏོགས་སྲིད་འཛིན་གསར་བའི་སྲིད་བྱུས་དང་ལས་འཆར་ལག་བསྟར་བྱ་རྒྱུའི་རྩ་ཁྲིམས་དང་ཆབ་སྲིད་ཀྱི་ཆ་རྐྱེན་ལྡན་མི་ཐུབ།  ཕྱི་ཟླ་ ༦ ཚེས་ ༢༠ ནས་བཟུང་སྟེ་གཞུང་འཛིན་སྲིད་ཚོགས་སུ་བསླེབ་རྒྱུ་ཡིན་མིན་ཧ་གོ་ཡོང་རྒྱུ་དང་།

གལ་ཏེ་སྲིད་འཛིན་གྱི་སྲིད་ཚོགས་ནས་མིན་པའི་གྲོས་ཚོགས་འོག་མའི་འཐུས་མི་མང་བ་འདེམས་ཐོན་བྱུང་ན་གཞུང་གི་སྲིད་བློན་གསར་བ་ཕྱོགས་འགལ་ཚོགས་པས་བསྐོ་གཞག་བྱས་པའི་མི་སྣ་ཞིག་ཡིན་དགོས།  སྲིད་འཛིན་གྱི་མང་མོས་འོས་འབྲས་དང་གྲོས་ཚོགས་ཀྱི་འོས་བསྡུའི་གྲུབ་འབྲས་མ་མཐུན་ཚེ་སྲིད་སྐྱོང་ལམ་སྲོལ་ལ་ cohabitation ཟེར།  སྲིད་འཛིན་ལ་དམག་དོན་དང་ཕྱི་སྲིད་འབྲེལ་བ་བཅས་ཐད་དམིགས་བསལ་སྐུ་དབང་ཡོད་པ་མ་གཏོགས་གཞན་གཞུང་གི་དབང་ཆ་ཡོངས་རྫོགས་ཕྱོགས་འགལ་ཚོགས་པའི་ལག་པར་ཡོད།  གོང་སྨོས་གནས་འབབ་དེ་ནི་ཉེ་རབས་ཧྥ་རན་སིའི་རྩ་ཁྲིམས་ལག་བསྟར་ལོ་རྒྱུས་ནང་ཐེངས་མ་གཉིས་བྱུང་མྱོངས་ཡོད། གཅིག་ནི་སྲིད་འཛིན་མེ་ཊའི་དབང་མཆོག་དང་སྲིད་བློན་ཤུས་རག་ཥི་མཆོག་གི་སྐབས། གཉིས་པ་ནི་སྲིད་འཛིན་ཤུས་རག་ཥི་མཆོག་དང་སྲིད་བློན་ལེའུ་ནལ་འཇོ་སེ་པཎ་གྱི་སྐབས་བྱུང་ཡོད།

སྲིད་འཛིན་ལས་ཐོག་པར་དོ་དགོང་འོས་ཤོག་ཐོབ་པའི་དབང་དུ་གཏང་རུང་ད་དུང་མུ་མཐུད་ནས་མང་ཚོགས་ལ་གྲོས་ཚོགས་འོག་མའི་འོས་བསྡུའི་སྐབས་སྲིད་འཛིན་གྱི་ལྟ་གྲུབ་དང་ལས་འཆར་རྒྱབ་སྐྱོར་ཡོད་མཁན་གྱི་འཐུས་མི་གང་མང་འདེམས་རོགས་ཞེས་འོས་བསྡུའི་དྲིལ་བསྒྲགས་ཤུགས་ཆེན་བྱ་དགོས་པ་ཡིན། གྲོས་ཚོགས་འཐུས་མི་མང་བ་རག་ན་རྗེས་ནས་སྲིད་འཛིན་གསར་བའི་བཀོད་འདོམས་འོག་བསྐྱོད་མཁན་སྲིད་བློན་གསར་བའི་སྣེ་འཁྲིད་པའི་གཞུང་གསར་བའི་བཀའ་བློན་རྣམས་གཏན་འབེབས་བྱ་ཐུབ།

འོན་ཀྱང་ཧྥ་གཞུང་གི་བཀའ་བློན་གསར་བ་རྣམས་ལ་རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༢༢ དང་དོན་ཚན་ ༢༣ གྱི་དགོངས་དོན་ལྟར་གྲོས་ཚོགས་ནང་འོས་འཕེན་དང་རྒྱབ་སྐྱོར་ཡོད་མེད་ཀྱི་བཀའ་འཁྲོལ་ཞུ་དགོས་མེད།  གཞུང་གི་བཀའ་ཤག་གསར་བ་གཏན་འབེབས་སྐབས་གྲོས་ཚོགས་ལ་དམིགས་བསལ་ཐེ་བྱུས་བྱ་རྒྱུའི་སྐུ་དབང་ཅི་ཡང་མེད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese